ང་ཚོའི་རིགས་རྫས་གང་འདྲ་ལ་བརྟེན་ནས་ཁ་ཤས་གཉན་རིམས་ ༡༩ འགོ་སླ་བར་འགྱུར་གྱི་ཡོད། འོན་ཀྱང་རིགས་རྫས་ཅི་འདྲ་ཞིག་རེད་ཟེར་ན། དེ་རིགས་རྫས་དཔྱད་ཞིབ་མཁས་པ་ཚོས་ཌི་ཨེན་ཨེ་DNA ཡི་གནས་བསྡུས་དཔྱད་གཞི་ཐུན་མོང་སྤྱོད་པའི་ངང་འཚོལ་ཐབས་བྱེད།


བདུན་ཕྲག་དྲུག་གི་གོང་དུ་རིགས་རྫས་མཁས་པ་ཚོ་འབྲེལ་མཐུད་ཀྱི་ཐོག་ནས་རྟོགས་དཀའ་ཡོད་རུང་བརྗེ་སྒྱུར་ཆེན་པོ་ཡོང་ནུས་པའི་སྣེ་ཁྲིད་ཞིག་སྤེལ་གནང་ཡོད། ཁོང་ཚོའི་དམིགས་ཡུལ་ནི་DNA བྱེ་བྲག་པ་མངོན་གསལ་ཅན་འགའ་ཤས་ཀོར་ནོ་དུག་སྲིན་གྱི་རྐྱེན་པས་མཐར་འཆི་བ་དང་ཡང་འགའ་ཤས་དེའི་ཤུགས་རྐྱེན་ཆ་ཚང་འགོག་ཐུབ་ཀྱི་ཡོད་པའི་སྐོར་རྟོགས་པའི་ཆེད་ཡིན།

མཐར་འཆར་འགོད་དེའི་འོག་ཚན་རིག་པ་ཚོོས་གསོ་ཐབས་གསར་པ་སྐྲུན་རྒྱུ་དང་དེས་ང་ཚོའི་རིགས་རྫས་ཕྲ་མོས་ནད་ཀྱི་འབྱུང་ཁུངས་ཀྱི་འཕེལ་རིམ་རྒྱབ་ཤིག་གམ་ཡང་ན་མྱུར་བསྐྱོད་ཀྱི་ལས་དེ་བརྗེ་པོ་རྒྱབ་ཐུབ་སྲིད།

ཀོ་ཝིཌ་༡༩རིགས་རྫས་རྟེན་གཞི་སྣེ་འདྲེན་(COVID-19 Host Genetics Initiative)ཞེས་པའི་ལས་གཞི་དེར་ད་ཆ་འཛམ་གླིང་གང་ས་ནས་ཚན་རིག་པ་དང་ཉམས་ཞིབ་པ་༧༠༠ཉེ་ལ་ཡོད་པ་ཚོས་རིམས་ནད་ཕོག་པའི་མི་རྣམས་དང་མི་ས་ཡ་མང་པོའི་ DNA གཞི་ཐོ་ས་ཡ་ཡོད་པ་རྣམས་བྲེལ་འཚུབ་ངང་མཉམ་བསྡུར་བྱེད་བཞིན་ཡོད།


ང་ཚོའི་རིགས་རྫས་ལ་ཀོ་ཝིཌ་༡༩ཡིས་ཤུགས་རྐྱེན་ཇི་ཙམ་སྤྲོད་ཀྱི་ཡོད་མེད་ཐད་དཔེར་ན། མིག་ལ་མི་མངོན་པའི་ནད་འབུ་ཕྲ་མོ་ཞིག་ཁྱེད་ཀྱི་གཟུགས་པོའི་ནང་གི་ཕྲ་ཕུང་གློ་བའི་ཕྲ་ཕུང་ལྟ་བུ་ཞིག་གི་གཡས་གཡོན་ན་འཕུར་ལྡིང་བྱེད་བཞིན་ཡོད་པ་དེ་འདྲ་ཞིག་བསམ་བློ་ཐོངས་དང་།  ཁྱེད་རང་གིས་ད་དུང་ཤེས་ཀྱི་མེད་རུང། ཁྱེད་རང་ལ་ད་ལྟ་རང་སཱརྶ་ཀོ་ཝིཌ་༢(SAR Cov-2)པའི་ནད་དུག་འགོས་ཟིན་པ་རེད། ནད་འབུ་དེ་ཁྱེད་རང་ཉེ་འགྲམ་ཟུར་ལམ་ནས་ཕྱིན་པའི་ལུས་སྦྱོང་བའི་ཧབ་སྦྲིད་ནས་སླེབས་པའམ་ཡང་ན་ཁྱེད་རང་གིས་མིག་ལ་ཕུར་བདར་མ་བཏང་བའི་གོང་ཅོག་ཙེའི་སྟེང་ལག་པ་འཆང་ཡོད་སྲིད། དེའི་ཁུངས་གང་ཡིན་རུང་གང་ལྟར་ནད་འབུ་དེ་སླེབས་ཚར་ནས་ཁྱེད་རང་གི་གཟུགས་པོའི་ནང་ལ་འཁོར་བསྐྱོད་བྱེད་བཞིན་གནས། དེ་ནི་བ་སྤུ་ཟིང་ཟིང་དང་ནད་ཀྱི་འབྱུང་ཁུངས་ཟླུམ་གཟུགས་ཅན་ཞིག་སྟེ། མིའི་སྐྲའི་ཁ་ཞེང་ལས་ལྡབ་ ༡།༡༠༠༠ ལས་ཕྲ་བ་ཞིག་ཡོད། ཕྱི་ལོགས་ལ་རྩེ་རྣོན་ཟུག་ནུས་ཅན་དེས་མཐུད་སའི་ས་ཆ་བཙལ་ཏེ་ཁྱེད་ཀྱི་ཕྲ་ཕུང་ནང་འཛུལ་ཐབས་ཀྱི་ཆེད་རེད།  དེ་ནི་སྒོ་ལྕགས་དང་ལྡེ་མིག་འདྲ་བོ་ཞིག་སྟེ། ལྡེ་མིག་ལྟ་བུའི་གཉན་སྲིན་དེ་སྒོ་ལྕགས་གི་དམིགས་བུ་ལྟ་བུའི་ཕྲ་ཕུང་གི་སྣེ་ལེན་ནང་ཞུགས་ཐབས་བྱས་ཏེ་དེ་རྗེས་ཡག་པོ་མི་བྱེད་པའི་ཁུར་པོ་ཞིག་གློད་གཏོང་བྱེད་ཀྱི་ཡོད།


དེ་ཙམ་མ་གཏོགས་མི་འགའ་ཤས་ལ་གཉན་སྲིན་ལྡེ་མིག་དེ་སྒོ་ལྕགས་ལ་མི་རན་པས་ཕྲ་ཕུང་ནང་འཛུལ་རྒྱུར་བཀག་སྡོམ་བྱེད། འགའ་རེར་ལམ་སང་འཛུལ་ནས་ནས་ན་ཚ་བཟོ་བ་དང་མགྱོགས་པོར་གཟུགས་པོ་ཉམས་རྒུད་ཕྱིན་ནས་འཆི་བ་ཡང་བཟོ་གི་ཡོད་། དེའི་ཁྱད་པར་ཆེན་པོ་གཅིག་ནི་སརྶེ་ཀོ་ཝིཌ་-༢ SARS-Cov-2 པ་དེས་ཇི་འདྲ་གཟུགས་པོའི་ཕྲ་ཕུང་ནང་འཛུལ་ཏེ་རྒོལ་བརྡུང་བྱེད་ཚུལ་སོགས་ལ་ཤེས་རྟོགས་ཡོང་ཆེད་ཉིན་མཚན་མེད་པར་བརྩོན་པ་བྱེད་མཁན་གྱི་རིགས་རྫས་དཔྱད་ཞིབ་པ་ཚོས་བཤད་པ་ལྟར་ན་ཁྱེད་རང་གི་ཌི་ཨེན་ DNAའགྲོ་ལུགས་དེ་ངའི་དེ་དང་མི་འདྲ་བས་རེད།  ཁྱེད་ཀྱི་ཌི་ཨེན་ཨེའི་འགྲོ་ལུགས་དེས་རང་བཞིན་གྱིས་གཉན་སྲིན་དེ་ཕྲ་ཕུང་གི་རིམ་པ་རང་དུ་བཀག་ཐུབ་སྲིད་པ་དང་ངའི་དེས་ངར་ནད་དེ་འགོ་སླ་བ་ཞིག་ཏུ་བཟོ་སྲིད།


དེས་ན་ནད་ཡམས་དེས་སུ་ལ་ནད་པ་ཚབས་ཅན་ཞིག་བཟོས་ཀྱི་ཡོད་མེད་དེ་གང་གིས་ཐག་གཅོད་དམ། རང་ལོ་ ༥༢ དང་ཧེལ་སིན་ཀི་ཕིན་ལེནཌ་ལ་གནས་པའི་འདུས་རྡུལ་སྨན་གྱི་སློབ་གཉེར་ཁང་(Institute for Molecular Medicine)གི་ངེས་སྟོན་པ་དང་རིགས་རྫས་མཁས་པ་མརྐ་ཌ་ལིས་ང་ཚོས་ཤེས་ཡ་ལ་ལོ་ན་རྒན་པ་དང་གཅིན་སྙི་དང་སྙིང་ནད་སོགས་ཀྱི་ན་ཚ་ཡོད་མཁན་ཚོས་གཉན་རིམས་༡༩ལ་ཡ་ལན་མི་ལེགས་པ་སྤྲོད་པའི་ཉེན་ཁ་ཚད་མཐོ་བ་ཡོང་གི་ཡོད་ཅེས་བརྗོད་པ་དང་། རྐྱེན་གཞན་རྣམས་ཀྱི་ནང་གི་ཉེན་ཁའི་ཕྱོགས་མཐོ་བའི་གྲས་ལ་མི་རིགས་ཀྱི་བྱེ་བྲག་དང་། གྲལ་རིམ། ལས་རིགས། ས་ཆའི་གནས་སྟངས། དང་བཅོས་ཀ་བྱེད་སྐབས་སྨན་གྱི་མཐུན་རྐྱེན་སོགས་ཐོབ་མིན་རྣམས་ཀྱང་ཚུད་ཀྱི་ཡོད། འོན་ཏེ་ཌ་ལིས་བརྗོད་པ་ལྟར་ན་གཞོན་སྐྱེས་ཚུད་པའི་ལུས་པོ་བདེ་ཐང་ཡོད་མཁན་རྣམས་ལའང་དཔེར་ན་ཚ་བ་འབར་བ། གློ་ཚད་ན་བ་དང་དབུགས་འབྱིན་རྔུབ་ལ་དཀའ་ངལ་ཕྲད་དེ་སྐབས་རེར་དབུགས་རླུང་དང་དབུགས་གསབ་ཡོ་ཆས་འཇོག་དགོས་ཀྱང་བྱུང་གི་ཡོད་པ་མ་ཟད་མཚམས་རེར་སྲོག་ལ་ཉེན་ཁ་ཡོང་བའི་ཡ་ལན་ཚབས་ཆེན་སྤྲོད་ཀྱི་ཡོད་པ་དེེ་དག་གོང་གི་གནས་ཚུལ་དེ་དག་གིས་གསལ་བཤད་བྱེད་དཀའ། དེ་འདྲ་ཡོང་དགོས་དོན་དེ་རིགས་རྫས་ལ་ཁྱད་པར་ཡོད་ཙང་ཡིན་སྲིད།


པྰོལ་རི་ལྦ་རི་ནང་བཞིན་གྱི་རྟ་རྔ་ལྟ་བུའི་སྐྲ་ལྷག་དང་ཧེབ་པི་ཡི་མིག་ཤེལ་སྒོར་སྒོར་དང་ཤ་སྐམ་ཞིང་རིད་པ། བློ་ཐག་ཆོད་པོའི་བཞིན་རས་ཅན་གྱི་ཌེ་ལིས་དེའི་སྐོར་རཤེས་དགོས་ཀྱི་རེད། ཁོང་ནི་དེང་གི་རིགས་རྫས་དཔྱད་རིག་སྲོལ་གཏོད་པ་པོ་ཡིན་པ་དང་ཕྱི་ལོ་༡༩༩༠ ཡི་ལོ་ཡི་ནང་དང་ཕྱི་ལོ་ ༢༠༠༠ ཡི་འགོ་སྟོད་ལོ་མང་དེའི་ནང་མིའི་ལྗིད་ནོམ་གྱི་གོ་རིམ་ཐོག་མ་དེ་ཉིད་བསྟར་ཆགས་སྤེལ་ཏེ་འབད་རྩོལ་ཤུགས་ཆེ་བྱེད་མཁན་གྱི་རྒྱལ་སྤྱིའི་འགྲོ་བ་མིའི་ལྗིད་ནོམ་ལས་གཞི་(Human Genome Project)འགྲོ་བཞིན་པའི་སྐབས་དང་དེའི་རྗེས་སུའང་ཆ་ཤས་ལེན་མཁན་གྱི་གནད་འགག་ཆེ་བའི་མཁས་པ་ཞིག་ཀྱང་ཡིན་། ནད་ཡམས་ཇི་ཆེར་འགྲོ་བཞིན་པའི་སྐབས་དངོས་ཁམས་རིག་པ་བ་ཌེ་ལིས་བསྔགས་འོས་པའི་སྦྲང་ཚང་སེམས་ཤེས་(Hive-mind)བརྒྱུད་གཉན་རིམས་༡༩ རྟེན་གཞི་སྲོག་ཆགས་རིགས་རྫས་ཚོགས་པ་(COVID-19 Host Genetics Initiative)སྣེ་ཁྲིད་རོགས་སྐྱོར་བྱེད་རྒྱུ་ཐག་བཅད།


གསང་ཚིག་འཚོལ་ཆེད་འགྲན་རྒྱུག།

ཌེ་ལི་ཡིའི་མཉམ་རོགས་ཨེན་ཌྲི་ཡ་གན་ནས་གཉན་རིམས་༡༩འགོས་མཁན་གང་ཟག་རྣམས་ཀྱི་རིགས་རྫས་དང་ནད་པའི་གནས་ལུགས་སོགས་ཀྱི་ཕྱོགས་སྡོམ་ཞིག་ཐོབ་པར་དམིགས་ནས་དྲ་རྒྱ་ཊལྦི་ཊར་(Twitter)བརྒྱུད་ཕྱི་ཟླ་༣པའི་ཚེས་༡༦ཉིན་ལས་གཞི་དེའི་ཁྱབ་བསྒྲགས་བྱས། དེར་ལན་ལམ་སེང་བྱུང་། ཉིན་ཁ་ཤས་ནང་གླིང་ཆེན་དྲུག་ནང་གི་རྒྱལ་ཁབ་༣༠ ལས་མང་བའི་ཚོགས་པ་༡༥༠ ལྷག་གི་ཚན་རིག་པ་མང་པོ་ཞིག་ལས་གཞི་དེར་འཛུལ་རྒྱུ་ཁས་བླངས། འདིར་སྦྲང་ཚང་གི་སེམས་(Hive-mind)ཞེས་པའི་ཚིག་དེ་བཀོལ་སྤྱོད་བྱས་ན་རན་པ་ཡིན་ཏེ། ཀླད་པ་ཆེན་པོ་འདུས་པ་སྟེ་འདིར་ཚན་རིག་པ་སོ་སོའི་གཞི་ཐོ་འདྲ་མིན་གྱི་ཁུངས་རྣམས་མཉམ་བསྡུས་ཀྱིས་དཀའ་རྙོག་ཆེན་པོ་ཞིག་སེལ་ཐབས་བྱས་པ་དེ་ཡིན། འཛུལ་བཞུགས་གནང་མཁན་ནང་ཌེ་ལི་དང་འབྲེལ་བ་ཡོད་མུས་ཀྱི་ཧར་ལྦརཌ་དང་ཨེམ་ཨཻ་ཊི་དང་ནམ་རྒྱུན་ཡིན་ཤག་བྱེད་སའི་བྱང་ཨ་རི་དང་ཡུ་རོབ། དེ་བཞིན་ཨེ་ཤི་ཡའི་འབྱོར་ལྡན་རྒྱལ་ཁབ་ཀྱི་སློབ་གཉེར་ཁང་ཙམ་ནས་མིན་པར་ཀ་ཊར་ལྗིད་ནོམ་ལས་འཆར་(Qatar Genome Program)དང་ལྦེཊ་ནམ་གྱི་སརྶ་གཉན་སྲིན་༢པ་ཕོག་སླ་བའི་ལས་འཆར་(Vietnam’s SARS-Cov-2 Susceptibility Program)དང་ས་གནས་བུར་ཀི་ན་ཕ་སོར་ཆགས་པའི་CLHORAZལས་འཆར་རྣམས་ནས་ཀྱང་སླེབས་ཡོད་།

འཚོལ་ཞིབ་བྱ་རྒྱུ་གཞི་རྩ་ནི་མིའི་DNAརིགས་རྫས་སྒྲིག་གཞི་༢༠༠༠༠ལྷག་ཡོད་པའི་ནང་ནས་རིགས་རྫས་བྱེ་བྲག་པ་གང་གིས་གཉན་རིམས་༡༩ལ་ང་ཚོས་ཡ་ལན་སྤྲོད་རྒྱུར་ཤུགས་རྐྱེན་སྟེར་གྱི་ཡོད་པ་དེ་ཡིན་། གལ་སྲིད་DNAནང་ལོག་གི་གསང་ཚིག་གཏོར་བའི་སྒོ་ནས་གཉན་སྲིན་ལ་འགྱུར་ལྡོག་ཚབས་ཆེ་ཐེབས་པའི་རྒྱབ་ལྗོངས་འཚོལ་ཐུབ་པ་ཞིག་བྱུང་ན་ཚན་རིག་པ་ཚོས་གཉན་སྲིན་དེའི་ཡ་ལན་སྐུལ་བྱེད་ཀྱི་རིགས་རྫས་རང་ལ་སྒྱུར་བཅོས་བྱེད་ཐུབ་པའི་སྨན་བཅོས་དང་སྔོན་འགོག་སྨན་ཁབ་རྣམས་ཀྱི་འཆར་བཀོད་ཡག་ཏུ་གཏོང་ཐུབ་སྲིད། ཌེ་ལི་དང་ཁོང་གི་ལས་རོགས་རྣམས་ཀྱིས་ཀྱང་བདེ་ཐང་ཡོད་པའི་མི་ཞིག་ལ་རིགས་རྫས་ཆ་ནས་གཉན་སྲིན་དེའི་ཉེན་ཁ་ཡོང་སྲིད་མིན་སྔོན་ཚུད་ནས་ཤེས་སླད་ཌི་ཨེན་ཨེ་བརྟག་དཔྱད་ཚད་ལྡན་ཞིག་བྱེད་འདོད་ཡོད་། གཉན་སྲིན་༡༩ཚབས་ཆེ་ཕོགས་སའི་བྱང་ཨི་ཊ་ལི་ནས་ཡིན་པ་དང་འདུས་རྡུལ་སྨན་གྱི་སློབ་གཉེར་ཁང་(Institute for Molecular Medicine)གི་ཚན་པའི་འགོ་ཁྲིད་སྐུ་ཞབས་གན་ནེ་ལགས་ཀྱིས་ “ཇུས་གཞི་དེ་ཧ་ལས་པའི་མྱུར་པོར་འགྲོ་བཞིན་འདུག” ཅེས་བརྗོད་པ་དང་། ཇུས་གཞི་དེ་ཡང་རྦད་དེ་སྒོ་ཕྱེ་ནས་ཡོད་ཅིང་སུ་ཡང་འཛུལ་ཞུགས་ཆོག དཔེར་ན། ངས་ཉམས་ཞིབ་པ་གཅིག་ལ་ཀེན་ཡ་(Kenya)མི་རིགས་ཀྱི་ཌི་ཨེན་ཨེ་ཕྱོགས་བསྡུས་བྱེད་རྒྱུར་རོགས་པ་བྱེད་བཞིན་ཡོད། ཌི་ཨེན་ཨེ་འདྲ་མིན་ཡོད་པ་དེ་གནད་འགག་ཡིན། ལོ་ཧ་ཅང་མང་པོའི་རིང་གཉན་སྲིན་གྱིས་མི་ཀུན་ལ་ཇི་ལྟར་གནོད་པ་སྟེར་མིན་རྒྱ་ཆེ་བའི་མཐོང་རྒྱ་དེ་མེད་པར་རིགས་རྫས་ཉམས་ཞིབ་ཆེད་མི་རིགས་དཀར་པོ་གདམས་ནས་བསྡད་ཡོད།


མཉམ་འཐུས་ལས་ཁང་གི་མཉམ་རོགས་ཚང་མས་རང་ཁོངས་སུ་འདས་པའི་བདུན་ཕྲག་འགའ་ཤས་སྔོན་དུ་སྨན་ཁང་ཆེ་ཆུང་གང་རུང་དུ་གཉན་རིམས་༡༩ནད་ཕོག་པ་རྣམས་བརྟག་དཔྱད་དང་སྨན་བཅོས་བྱས་པ་རྣམས་ཀྱི་སྦྱོར་འོས་ཌི་ཨེན་ཨེ་ཕྱོགས་བསྡུས་བྱེད་རྒྱུར་མོས་མཐུན་བྱས་ཡོད་འདུག།དེ་ནས་རིགས་རྫས་དཔྱད་ཞིབ་མཁས་པ་ཚོས་གཏེར་ཁ་བསྔོག་འདོན་ mining ཞེས་པའི་ཐབས་ལམ་རྒྱུད་ནད་པ་དེ་དག་རེ་རེའི་ཌི་ཨེན་ཨེ་དང་དེ་དང་མཚུངས་པའི་གྲངས་ཐོ་ལོ་མང་པོའི་སྔོན་ནས་བརྟག་དཔྱད་ཁང་མང་པོ་དང་རྒྱལ་ཁབ་མང་པོའི་མི་སྟོང་ཕྲག་མང་པོ་ནས་བསྡུས་རུབ་ཟིན་པའི་དབར་མཚུངས་བསྡུར་བྱེད་ཀྱི་ཡོད་། ཐོ་འགོད་དེར་ནད་པའི་ལོ་དང་མི་རིགས་ཇི་ཡིན་དང་སྔོན་ཡོད་ཀྱི་གནས་སྟངས་དང་མཉམ་དུ་ནད་རྟགས་དང་ཚབས་ཆེ་ཆུང་དང་མཐར་ཐུག་ཕན་གནོད་ཇི་འདྲ་བྱུང་ཡོད་མིན་སོགས་འཁོད་ཡོད་། ཌྰ་ལིས་སྐྱེ་དངོས་ཀྱི་མཛོད་ཕིན་ཇིན་ Biobank FinnGen ཞེས་པ་ཞིག་འགོ་འཛུགས་རོགས་བྱས་ཡོད་པ་དེར་ལོ་གསུམ་གྱི་རིང་མི་གྲངས་༢༢༠༠༠༠ཙམ་གྱི་རིགས་རྫས་ཀྱི་གཞི་ཐོ་དང་སྨན་བཅོས་ལོ་རྒྱུས་བསྡུ་རུབ་བྱས་པ་དེ་ཡོད་། ད་བར་དུ་ཁོང་ཚོས་གཞི་ཐོའི་ནང་གི་མི་གྲངས་༢༠༠ལ་གཉན་སྲིན་འགོས་ཡོད་པའི་ཌི་ཨེན་ཨེའི་བཀོད་པ་སྟོན་ཐུབ་པ་བྱུང་ཡོད་།(གཉན་རིམས་༡༩ཆེད་ཕིན་ལེནྜ་མི་གྲངས་༨༥༠༠༠ཙམ་གྱི་བརྟག་དཔྱད་བྱས་ཡོད་པའི་ནང་མི་༤༩༩༥ལ་གཉན་སྲིན་འགོས་ཡོད་པའི་རྟགས་སྟོན་ཡོད་པ་དང་མི་གྲངས༢༡༡འདས་གྲོངས་སུ་ཕྱིན་ཡོད་)

དེ་ལྟར་ཁྱེད་ཀྱིས་ལས་འཆར་༡༥༠ལྷག་གི་བྱུང་རིམ་ཆ་ཚང་སྡོམས་དུས་དེ་འདྲའི་མངོན་གསལ་ལྡན་ཅིང་གོ་དོན་ཡོད་པའི་གྲངས་ཀ་སོན་ཐུབ་པ་བྱུང་གི་ཡོད་ཞེས་ལས་གཞི་མཉམ་རོགས་གནང་མཁན་རོ་བྷརྚ་སྒི་རིན་གྱིས་དེ་ལྟར་གསུངས་ཤིང་། ཁོང་ནི་ས་གནས་བི་རི་གྷམ་གྱི་བུ་མོའི་སྨན་ཁང་(Brigham and Women’s Hospital)གི་སྨན་པ་དང་སྨན་གསོའི་རིགས་རྫས་མཁས་པ་ཞིག་ཡིན།


རྫུ་འཕྲུལ་ཅན་གྱི་རིགས་རྫས་།

སྦྲང་ཚང་གི་སེམས་(Hive mind)ཀྱིས་ཡ་མཚན་དེ་འདྲ་འབྱུང་སྲིད་པའི་རྟོག་ཞིབ་ཞིག་བྱེད་བཞིན་ཡོད། དེའི་ནང་ཨེ་སི་ཨི་-༢ (ACE-2)་ཞེས་པའི་རིགས་རྫས་གཏོགས་ཡོད་ཅིང་། དེས་ང་ཚོས་ལུས་པོའི་ནང་གི་གློ་བའི་ཕྲ་ཕུང་དང་ཕྲ་ཕུང་གཞན་རྣམས་ཀྱི་ངོས་སུ་གཉན་སྲིན་འཇུག་སྒོ་གཙོ་བོ་ཁག་ཆགས་པའི་སྣེ་ལེན་སྤྲི་དཀར་(ལྡེ་མིག་ཨི་ཁུང་)སྐྲུན་པར་རང་གི་ལུས་ལ་རིགས་རྫས་འདིས་བཀོད་བྱུས་བྱེད། གི་རིན་གྱིས་འགྲེལ་བརྗོད་ཀྱིས་སྒྲུབ་པ་ལྟར་ནང་ཚོའི་ཨེ་སི་ཨི་-༢ རིགས་རྫས་ཀྱི་སྒྲིག་གཞི་ལ་ཁྱད་པར་ཡོད་པ་དེ་གཅིག་བྱས་ན་ང་ཚོའི་ཕྲ་ཕུང་ནང་གཉན་སྲིན་འཛུལ་སླ་བ་བཟོས་པའམ་ཡང་ན་ནད་འགོག་ཐུབ་པ་བཟོ་བའི་ཆ་རྐྱེན་ཞིག་ཡིན་སྲིད་བརྗོད།

རིགས་རྫས་མཁས་པ་ཚོས་རིགས་རྫས་འོས་གཞི་བཅུ་གཉིས་ལྷག་ངོས་འཛིན་བྱས་ཡོད་། ཨེ་སི་ཨི་-༢ འགའ་ཤས་ཀྱིས་གཉན་སྲིན་གྱིས་གཟུགས་པོའི་ནང་ནད་ཇི་ལྟར་ཕོག་པར་བྱེད་ཚུལ་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་དང་། གཞན་འགའ་ཤས་ཀྱིས་གཉན་སྲིན་༡༩ ལ་གཟུགས་པོའི་ནད་རིགས་སྔོན་འགོག་གི་ཡ་ལན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་། འདི་དག་གི་ནང་རིགས་རྫས་ཚོགས་ཕུང་X (X chromosome) ལ་གནས་པའི་ཨེ་སི་ཨི་-༢ ཐེ་བའི་རིགས་རྫས་མང་པོ་ཚུད་ཡོད། སྐྱེས་པ་ཕོ་རྣམས་བུད་མེད་ལས་ལྡབ་གཉིས་ལས་མང་བ་ན་ཚ་འདིས་ཤི་སྐྱོན་འབྱུང་བའི་རྒྱུ་མཚན་གཅིག་འདི་ཡིན་སྲིད་།  རིགས་རྫས་ཚོགས་ཕུང་X ལ་ནད་འགོག་གི་ཡ་ལན་དང་ནད་འགོག་རིག་པ་དང་འབྲེལ་བ་ཡོད་པའི་རིགས་རྫས་མང་པོ་ཞིག་དངོས་སུ་ཡོདཔ་ང་ཚོས་ཤེས་ཀྱི་ཡོད། སྐྱེས་པ་ཕོ་ལ་རིགས་རྫས་ཚོགས་ཕུང་གཅིག་ལས་མེད་པ་དང་བུད་མེད་ལ་གཉིས་ཡོད་པ་སོང་ཙང་བུད་མེད་རྣམས་ལ་ཉེན་སྲུང་མང་བ་ཐུབ་པ་དང་སྐྱེས་པ་ཕོ་རྣམས་ནད་འགོ་སླ་བ་ཆགས་ཀྱི་ཡོད་ཞེས་སན་ཕ་རན་སིས་ཀོ་གཙུག་ལག་སློབ་གཉེར་ཁང་(University of California at San Francisco)གི་ནད་རིགས་བརྟག་དཔྱད་པ་དང་རིགས་རྫས་དཔྱད་ཞིབ་མཁས་པ་ཨེ་ལེཀ་ཛེན་ཌར་ རཇ་ཀོ་ལྦིཀ་ཡིས་བརྗོད་།

རིགས་རྫས་སི་སི་ཨར་༥ CCR5 ཡོད་པ་ཚོར་རེག་དུག་གཉན་ནད་(AID)ཀྱི་རྒྱུ་བྱེད་པའི་གཉན་ནད་རེག་དུག་(HIV)གི་གཉན་སྲིན་འགོ་རྒྱུར་འགོག་ཐུབ་ཀྱི་ཡོད་པ་ལྟར་ཚན་རིག་པ་ཚོས་ཀྱང་གཉན་རིམས་༡༩ལས་སྐྱོབ་ཕྱིར་རིགས་རྫས་ཁྱད་པར་ཅན་རྣམས་འཚོལ་བཞིན་ཡོད་། གཉན་ནད་རེག་དུག་ཕོག་པའི་མིའི་བརྒྱ་ཆ་གཅིག་ཙམ་ལ་སི་སི་ཨར་༥ རིགས་རྫས་ཀྱི་ཌི་ཨེན་ཨེ་སྒྲིག་གཞི་ཁྱད་པར་ཅན་ཞིག་ཡོད་པ་དེས་གཉན་སྲིན་ནས་སྐྱོབས་ཀྱི་ཡོད་། དེ་དང་ཏོག་ཙམ་ཁྱད་པར་ཡོད་པའི་རིགས་རྫས་སྒྲིག་གཞི་ཡིས་བརྒྱ་ཆ་༡༥དང་༢༠བར་ལ་སྲུང་སྐྱོབ་བྱེད་ནུས།

ད་དུང་ཡང་ཤེས་རྟོགས་མེད་པའི་རིགས་རྫས་མང་དག་ཞིག་ངོས་བཟུང་རྒྱུ་ཡིན་པ་རྣམས་འཚོལ་བཞིན་ཡོད་། སྐུ་ཞབས་གྷ་ནས་གསུངས་པ་ལྟར་ན། ཉམས་ཞིབ་པ་ཚོས་རྒྱ་ཆེའི་ལྗིད་ནོམ་ཉམས་ཞིབ་འོག་རྣམ་འགྱུར་འདྲ་མིན་གྱི་རིགས་རྫས་གསར་པ་རྣམས་ཀྱིས་བརྡ་རྟགས་སླེབས་པ་རྣམས་ལ་བལྟས་ཏེ་དེས་ང་ཚོའི་གཟུགས་པོས་གཉན་རིམས་༡༩ལ་ཡ་ལན་ཇི་འདྲ་སྟེར་གྱི་ཡོད་སྐོར་གནས་ཚུལ་གསར་པ་བསྟན་སྲིད་བཅས་བཤད། རིམས་ནད་ཁྱབ་ཏེ་ཟླ་བ་དྲུག་སོང་ཡོད་ནའང་ད་དུང་ཐོན་གསར་ཀོ་རོ་ནའི་གཉ་སྲིན་གྱིས་མི་ལ་ལ་བསད་པ་དང་གཞན་མ་བསད་པ་དང་། འགའ་ཤས་ལ་ནད་རྟགས་ཙམ་ཡང་མ་དོན་པའི་རྒྱུ་མཚན་གསལ་རྟོགས་ཐུབ་མེད་། འོན་ཀྱང་སྐུ་ཞབས་ཌ་ལིའི་མཐོང་ཚུལ་ལ་རིགས་རྫས་ཀྱི་གཞི་རྟེན་གྱི་རྣམ་པ་གསལ་པོ་ཞིག་དབྱར་ཁའི་དཀྱིལ་ནས་མཇུག་བར་སྟོན་ཐུབ་སྲིད་པ་དང་། དུས་ཡུན་རིང་པོ་ཞིག་གི་ནང་སྦྲང་ཚང་སེམས་འདིའི་འབད་བརྩོན་འོག་རྟེན་གཞི་སྲོག་ཆགས་ང་ཚོར་རོགས་བྱེད་སྲིད་པ་དང་ཡོང་རྒྱུའི་ལོའི་ནང་ཚེར་ལྡན་ཡིན་མིན་ལ་མ་ལྟོས་པར་ནད་འབུ་དེ་རྣམས་འགོག་ཐུབ་པའི་གནས་བབས་ལེགས་པ་ཞིག་ངེས་པར་མངོན་དུ་འགྱུར་ཐུབ།།


----------------------------------------------------------------------------------------------------

Post a Comment

Previous Post Next Post