ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་གླིང་བརྒྱད་སོ་སོའི་ཆེ་ཚད་མཚུངས་བསྡུར།

མཁོ་ཆས་རྒྱུ་ཆ།
• གྲོ་ཞིབ་ཀི་ལོ་ ༡ ནས་ ༡༌༥ ཙམ་དགོས།
 • ཆུ།
• སྣོད།
• ཤོག་བུ་ཆེ་ཚད་ A4 བྱས་པ་བརྒྱད་དགོས།

 བྱེད་སྒོ་དང་དོ་སྣང་དགོས་པ། ཐོག་མར་ཆུ་བླུགས་ནས་གྲོ་ཞིབ་རྫི་དགོས། དེ་རྗེས་ A4 ཤོག་བུ་བརྒྱད་པོ་རེ་རེར་གཟའ་བརྒྱད་སོ་སོའི་མིང་བྲིས་ནས་ཞོགརུ་ཁག་གཅིག་ནང་མི་མང་པོ་ཡོད་ཚེ་ཚོགས་མི་ཁ་ཤས་ཀྱིས་གྲོ་རྫི་བ་དང་ཁ་ཤས་ཀྱིས་ཤོག་བུའི་ཐོག་བཟའི་མིང་འབྲི་ཆོག

• གྲོ་ཞིབ་རྡོག་རྡོག་དེ་ཆེ་ཆུང་གཅིག་པ་ཡིན་པའི་ཆ་བཅུ་ལ་བགོ་དགོས། དེ་ཡང་དང་པོ་གྲོ་ཞིབ་རྡོག་པོ་དེ་དབྱིབས་ནར་ནར་བཟོས་ཏེ་བཏུབ་ཚེ་ཆེ་ཆུང་གཅིག་ལྟར་ཡོང་བ་ལས་སླ་བ་ཡོད། གྲོ་ཞིབ་རྡོག་པོ་བཅུ་པོ་འདི་ལས་དྲུག་ཚུར་མཉམ་དུ་སྒྲིལ་ནས་གོང་བུ་གཅིག་ཏུ་རྫི་དགོས་པ་དང་གོང་བུ་འདི་གཟའ་ཕུར་བུའི་ཤོག་བུ་ཐོག་ཞོག། དེ་དང་མཚུངས་ལྷག་མའི་གྲོ་ཞིབ་རྡོག་རྡོག་བཞི་པོ་ལས་གསུམ་ལྷན་དུ་སྒྲིལ་ནས་རྡོག་པོ་གཅིག་བཟོས་ཏེ་གཟའ་སྤེན་པའི་ཤོག་བུའི་སྟེང་ཞོག

• གྲོ་རྡོག་པོ་གཅིག་ལྷག་པ་དེ་བསྐྱར་དུ་ཆེ་ཆུང་གཅིག་པ་ཡིན་པའི་ཆ་བཅུ་ལ་བགོས། འདིའི་ནང་ནས་ཆ་ལྔ་སྔོན་གྱི་གཟའ་སྤེན་པའི་གྲོ་རྡོག་ཐོག་ཞོག དེ་ནས་གྲོ་རྡོག་གཉིས་གཅིག་ཏུ་རྫི་ནས་གཟའ་མཚོ་རྒྱལ་ཐོག་འཇོག་དགོས་པ་དང་ད་དུང་གྲོ་རྡོག་གཉིས་ལྷན་དུ་རྫིས་པའི་གོང་བུ་དེ་གཟའ་རྣམ་རྒྱལ་གྱི་ཤོག་བུའི་སྟེང་འཇོག

• ལྷག་མ་གྲོ་རྡོག་གཅིག་པོ་དེ་བསྐྱར་དུ་ཆེ་ཆུང་གཅིག་པ་ཡིན་པའི་ཆ་བཞི་རུ་བགོས། འདིའི་ནང་ནས་ཆ་གསུམ་གཟའ་སྤེན་པའི་གྲོ་རྡོག་ཐོག་ཞོག

• གྲོ་རྡོག་གཅིག་པོ་ལྷག་པ་དེ་ཡང་བསྐྱར་ཆེ་ཆུང་གཅིག་པ་ཡིན་པའི་ཆ་ལྔ་རུ་བགོས། འདིའི་ནང་ནས་ཆ་གཅིག་འཛམ་བུ་གླིང་ཤོག་བུའི་སྟེང་ཞོག། ཆ་གཅིག་གཟའ་པ་སངས་ཐོག་འཇོག་དགོས་པ་དང། གྲོ་རྡོག་ཆ་གཉིས་ཚུར་རྫི་ནས་གཟའ་རྣམ་རྒྱལ་གྱི་གྲོ་རྡོག་ཐོག་འཇོག་དགོས།

 • དེ་ནས་གྲོ་རྡོག་གཅིག་ལྷག་པ་དེ་ཆེ་ཆུང་གཅིག་པ་ཡིན་པའི་ཆ་བཅུ་ལ་བགོས། འདི་ལས་ཆ་གཅིག་གཟའ་མིག་དམར་ཐོག་ཞོག། གྲོ་རྡོག་ཆ་བཞི་ཚུར་སྒྲིལ་ནས་གཟའ་མཚོ་རྒྱལ་གྱི་གྲོ་རྡོག་སྟེང་བཞག་དགོས་པ་དང་། གྲོ་རྡོག་ཆ་བཞི་ཚུར་སྒྲིལ་ནས་གཟའ་རྣམ་རྒྱལ་གྱི་གྲོ་རྡོག་ཐོག་ཞོག

• གྲོ་རྡོག་གཅིག་པོ་ལྷག་པ་དེ་བསྐྱར་དུ་ཆ་བཅུ་རུ་བགོས། ཆ་བདུན་གཟའ་ལྷག་པའི་ཐོག་བསྣོན། ཆ་གཉིས་ཚུར་སྒྲིལ་ནས་གཟའ་རྣམ་རྒྱལ་ཐོག་ཞོག།

• གྲོ་རྡོག་གཅིག་ལྷག་པ་དེ་བསྐྱར་དུ་ཆ་བཅུ་རུ་བགོས། འདིའི་ཆ་དགུ་ལྷན་དུ་སྒྲིལ་ནས་གཟའ་རྣམ་རྒྱལ་གྱི་གྲོ་རྡོག་ཐོག་ཞོག། ཆ་གཅིག་པོ་དེ་གཟའ་གཤིན་རྒྱལ་མཚོན་པ་ཡིན་པས་ང་ཚོས་གཤིན་རྒྱལ་ནི་གཟའ་ཆུང་ཞིག་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་བརྫིས་བའི་གྲོ་རྡོག་དེ་གཟའ་སོ་སོར་བགོས་ཡོད་པ་དང་འདིས་ང་ཚོར་གཟའི་དབར་གྱི་ཆེ་ཆུང་ཁྱད་པར་ཇི་ཙམ་ཡོད་མེད་གནས་ཚུལ་རོབ་ཙམ་སྤྲོད་ཐུབ་ཀྱི་ཡོད།


Post a Comment

Previous Post Next Post