ཨ་རིའི་ཉམས་ཞིབ་པ་ཁག་གཅིག་གི་བུད་མེད་ཚོའི་ལུས་ཀྱི་གཟུགས་དབྱིབས་དང་ཁོང་ཚོའི་དྲན་པའི་བར་འབྲེལ་བ་ཡོད་ལུགས་བཤད་ཡོད། དེ་ཡང་ཁོང་ཚོའི་གཟུགས་དབྱིབས་ཀྱིས་ཀླད་པའི་བྱེད་ལས་སྤྱི་དང་དྲན་པར་ཤུགས་རྐྱེན་ཐེབས་པ་དང། ལུས་ཀྱི་ལྗིད་ཚད་ཇི་ཙམ་ཆེ་བདེ་ཚོད་ཀྱི་ཁོང་ཚོའི་དྲན་པ་ཞན་ལུགས་བཤད་ཡོད། མ་ཟད་ལྗིད་ཚད་གཅིག་མཚུངས་ཡིན་ཡང་ལུས་ཀྱི་ཆགས་དབྱིབས་ལ་ཁྱད་པར་ཡོད་པ་སྟེ། ཤ་ཚིལ་ལྷག་མ་ཕལ་ཆེ་བ་རྐེད་པའི་མཐའ་འཁོར་དུ་ཡོད་པའི་གཟུགས་དབྱིབས་ལ་ཀུ་ཤུའི་དབྱིབས་ཅན་ཟེར་བ་དང། ཤ་ཚིལ་ཕལ་ཆེ་བ་འཕོང་སྟེང་དུ་ཡོད་པའི་གཟུགས་དབྱིབས་ལ་ལིའི་དབྱིབས་ཅན་ཟེར་གྱི་ཡོད། ལྗིད་ཚད་གཅིག་མཚུངས་ཡིན་རུང་ཆ་སྙོམ་ཐོག་ལིའི་དབྱིབས་ཅན་གྱི་བུད་མེད་དེ་དག་ཀུ་ཤུའི་དབྱིབས་ཅན་གྱི་བུ་མེད་ལས་དྲན་པ་ཞན་པ་ཡོད་ཀྱང། ཀུ་ཤུའི་དབྱིབས་ཅན་དེ་རིགས་སྐྲན་ནད་དང་། སྙིང་ནད་སོགས་ཕོག་པའི་ཉེན་ཁ་ཆེ་བ་ཡོད་ཟེར།


བརྟག་དཔྱད་མཁན་ཚོས་ལོ་ན་༦༥ནས་༧༩བར་གྱི་བུ་མེད་༨༧༤༥ལ་བརྟག་དཔྱད་བྱས་པ་དང་། དེ་ནི་ད་བར་ཨ་རིའི་ནང་རྒྱག་ནད་དང་དྲན་པ་འབྲེལ་བ་ཡོད་མིན་བལྟ་བའི་བརྟག་དཔྱད་ཐོག་མ་དེ་ཆགས་ཡོད། བརྟག་དཔྱད་ནང་ཁོང་ཚོས་བུད་མེད་དེ་དག་དྲན་པ་དང་འབྲེལ་བའི་ཡིག་ངག་གཉིས་ཀྱི་ཚོད་རྒྱུགས་ལེན་སྐབས་ལིའི་དབྱིབས་ཅན་གྱི་བུད་མེད་རྒྱག་པ་དེ་དག་ལུས་ཀྱི་ལྗིད་ཚད་ཇི་ཙམ་ཆེ་བ་དེ་ཚོད་ཀྱི་ཁོང་ཚོའི་ཨང་ཀི་མར་ཆགས་ཡོད་པ་རྙེད་ཡོད། ཉམས་ཞིབ་འདིའི་ཐོག་ནས་རྒྱག་ནད་དང་དྲན་པ་གཉིས་ཐད་ཀར་འབྲེལ་བ་ཡོད་པ་དང། དེ་ཡང་འཕོང་མགོའི་མཐའ་འཁོར་དུ་ཇི་ཙམ་གྱི་ཚིལ་ལུ་མང་བ་དེ་ཚོད་ཀྱི་དྲན་པ་ཞན་པའམ་དྲན་པར་གནོད་སྐྱོན་ཆེ་བ་ཤེས་རྟོགས་བྱུང་ཡོད།

Post a Comment

Previous Post Next Post