རྩ་རྫས་ནི་ཕོ་རྡུལ་གྲངས་མཉམ་པའི་རྡུལ་ཕྲན་གྱིས་གྲུབ་པའི་དངོས་རྫས་ཤིག་ལ་བྱ། ང་ཚོའི་ཉེ་འཁོར་དུ་རྡུལ་ཕྲན་རིགས་མི་འདྲ་བ་བརྒྱ་སྐོར་ལྷག་ཞིག་ཡོད། དེ་དག་ཕན་ཚུན་མི་འདྲ་བའི་ཁྱད་པར་ནི་ཕོ་རྡུལ་དང་། བར་རྡུལ་དང་གློག་རྡུལ་བཅས་ཀྱི་གྲངས་མི་གཅིག་པ་ལས་བྱུང་བ་ཡིན། ཕོ་རྡུལ་གྲངས་མཉམ་པའི་རྡུལ་ཕྲན་རྣམས་ཀྱི་རྫས་ཀྱི་འབྱུང་འགྱུར་སྤྱོད་ཚུལ་ཡང་མཚུངས་ལ། ཡང་ཕོ་རྡུལ་གྲངས་མི་མཉམ་བའི་རྡུལ་ཕྲན་རྣམས་ཀྱི་རྫས་འགྱུར་སྤྱོད་ཚུལ་ཡང་མི་འདྲ་བ་ཡོད། རང་བྱུང་གི་རྡུལ་ཕྲན་གྲངས་ཁྱོན་བསྡོམས་དགུ་བཅུ་དང་གཞན་ལྷག་མ་རྣམས་མིས་བཟོས་རྡུལ་ཕྲན་རེད།

རྩ་རྫས་ནི་ཕོ་རྡུལ་གྲངས་མཉམ་པའི་རྡུལ་ཕྲན་གྱིས་གྲུབ་པའི་དངོས་རྫས་ཤིག་ལ་བྱ། རང་བཞིན་གྱིས་བྱུང་བ་དང་མིས་བཟོས་རྩ་རྫས་ཐམས་ཅད་རྩ་རྫས་རེའུ་མིག་ནང་བསྟན་ཡོད། རྩ་རྫས་སོ་སོ་མཚོན་བྱེད་ཀྱི་ཡི་གེ་རེ་ཡོད་པས་དཔེར་ན་ཡངས་རླུང་(Hydrogen)དེ་(H)གྱིས་མཚོན་པ་དང་། ཧི་ལི་ཡམ་(Helium)ནི་(He)ཡིས་མཚོན་ཏོ།

རྡུལ་ཕྲན་གྱི་ཨང་ནི་རྡུལ་ཕྲན་སོ་སོའི་ནང་ཕོ་རྡུལ་གྱི་གྲངས་དེས་སྟོན།

རྡུལ་ཕྲན་ཞིག་གི་ནང་ཕོ་རྡུལ་གྲངས་ཇི་ཡོད་པ་དེ་ལ་རྡུལ་ཕྲན་གྱི་ཨང་ཞེས་ཟེར། རྩ་རྫས་གཅིག་པའི་རྡུལ་ཕྲན་ཆ་ཚང་གི་ནང་ཕོ་རྡུལ་གྱི་གྲངས་མཉམ་པས་རྡུལ་ཕྲན་གྱི་ཨང་ཡང་གཅིག་མཚུངས་དགོས། ཕོ་རྡུལ་ཉུང་ཤོས་ཀྱི་རྩ་རྫས་ནི་ཡང་རླུང་དང་། དེར་ཕོ་རྡུལ་གཅིག་ལས་མེད་པ་སོང་རྡུལ་ཕྲན་ཨང་ཡང་གཅིག་ཡིན། ཧི་ལི་ཡམ་ལ་མཚོན་ན་ཕོ་རྡུལ་གཉིས་ཡོད་པས་རྡུལ་ཕྲན་ཨང་གཉིས་ཐོབ་པ་དང་། སྐབས་རེ་རྩ་རྫས་མཚོན་བྱེད་ཀྱི་ཡི་གེ་འབྲི་སྐབས་རྡུལ་ཕྲན་ཨང་ཡང་འབྲི་དགོས་པ་ཡོང་སྲིད། དེ་ནི་དེ་ལྟར་འབྲི་པ་ཡིན་1Hདེའི་ཡང་རླུང་གི་རྡུལ་ཕྲན་ཨང་གཅིག་ཡིན་པ་སྟོན་གྱི་ཡོད། དེ་བཞིན་ཧི་ལི་ཡམ་གྱི་རྡུལ་ཕྲན་ཨང་གཉིས་ཡིན་པས་2Heདེ་ལྟར་བྲིས་པ་ཡིན།

རྡུལ་ཕྲན་ཞིག་གི་གདོས་ཚད་ཨང་ནི་དེའི་ནང་ཕོ་རྡུལ་དང་བར་རྡུལ་གྲངས་གཉིས་ཀྱི་བསྡོམས་ཐོབ་དེའོ། གདོས་ཚད་ཨང་ནི་རྡུལ་ཕྲན་ནང་གི་རྡུལ་ལྕི་བའི་གྲངས་ག་ཚོད་ལྡན་པ་དེ་ཡིན། ཡང་རླུང་རྡུལ་ཕྲན་གཅིག་གི་ནང་ཕོ་རྡུལ་དང་གློག་རྡུལ་རེ་ལས་བར་རྡུལ་མི་ལྡན་པས་དེའི་གདོས་ཚད་ཨང་གཅིག་ཡིན་པས་དེ་ནི་རྡུལ་ཕྲན་ཆུང་ཤོས་དེ་ཆགས་པ་རེད། དེ་ལས་ཆེ་བའི་རྡུལ་ཕྲན་ནི་ཧི་ལི་ཡམ་ཡིན། ཧི་ལི་ཡམ་རྡུལ་ཕྲན་གྱི་ནང་ཕོ་རྡུལ་གཉིས་དང་། བར་རྡུལ་གཉིས་དང་། མོ་རྡུལ་གཉིས་བཅས་སོ། རྡུལ་ཕྲན་དེར་ཕོ་རྡུལ་གཉིས་ཡོད་པ་སོང་རྡུལ་ཕྲན་ཨང་གཉིས་ཆགས་པ་དང་། དེར་ལྕི་བའི་རྡུལ་བཞི་ཡོད་པ་ནི་ཕོ་རྡུལ་གཉིས་དང་བར་རྡུལ་གཉིས་ལྡན་པས་རྡུལ་ཕྲན་དེའི་གདོས་ཚད་ཨང་བཞི་ཆགས་པ་རེད། གལ་ཏེ་རྩ་རྫས་ཤིག་གི་གདོས་ཚད་ཨང་སྟོན་པར་འདོད་ན། དེ་ནི་དེ་ལྟར་བྲིས་པ་ཡིན།

དཔེ་རིས་ ༤། རྡུལ་ཕྲན་ཨང་དང་གདོས་ཚད་ཨང་མཚོན་བྱེད་ཀྱི་རྟགས།

གློག་རྡུལ་གྱི་རྒྱུ་ལམ།

རྡུལ་ཕྲན་ནང་གློག་རྡུལ་རྣམས་ལྟེ་རྡུལ་གྱི་མཐའ་འཁོར་དུ་རྒྱུ་ལམ་འདྲ་མིན་ནང་བསྒྲིགས་ཏེ་ཡོད། རྒྱུ་ལམ་སོ་སོའི་བཟུང་ཚད་ཀྱི་གློག་རྡུལ་གྲངས་རེ་དང་། རྡུལ་ཕྲན་རིགས་མི་འདྲ་བར་ཕོ་རྡུལ་གྱི་གྲངས་ཡང་སོ་སོར་ཡོད་པ་ཁྱེད་ཀྱིས་ཤེས་གསལ་རེད། ཡང་རླུང་རྡུལ་ཕྲན་མཚོན་ན་ནང་ཕོ་རྡུལ་གཅིག་དང་། ལི་ཐི་ཡམ་རྡུལ་ཕྲན་མཚོན་ན་ཕོ་རྡུལ་གསུམ་དང་། སོ་ཌི་ཡམ་རྡུལ་ཕྲན་མཚོན་ན་ཕོ་རྡུལ་བཅིུག་བཅས་ཡོད་པ་རེད། རྡུལ་ཕྲན་གྱི་ཕོ་རྡུལ་གྲངས་ལས་རྡུལ་ཕྲན་ཇི་འདྲ་ཞིག་ཡིན་མིན་རྟོགས་ཐུབ། གློག་རྡུལ་རྣམས་རྒྱུ་ལམ་ནང་མ་ནས་ཕྱི་མར་རིམ་པས་བཀང་བ་ཡིན། རྒྱུ་ལམ་དང་པོའི་ནང་གློག་རྡུལ་གཉིས་དང་། དེ་ནས་གཉིས་པའི་ནང་བརྒྱད་དང་། གསུམ་པའི་ནང་བརྒྱད་བཅས་བཟུང་ཐུབ་ཀྱི་ཡོད། ལི་ཐི་ཡམ་རྡུལ་ཕྲན་ལ་མཚོན་ན་ཕོ་རྡུལ་གསུམ་དང་གློག་རྡུལ་གསུམ་ཡོད་པ་རེད། རྒྱུ་ལམ་དང་པོའི་ནང་གློག་རྡུལ་གཉིས་བཀང་སྐབས་རྒྱུ་ལམ་དང་པོ་འདི་ཁེངས་པ་དང་། གློག་རྡུལ་གསུམ་པ་དེ་རྒྱུ་ལམ་གཉིས་པའི་ནང་འགྲོ་དགོས་པ་རེད། སོ་ཌི་ཡམ་ལ་མཚོན་ན་ཕོ་རྡུལ་བཅིུག་དང་གློག་རྡུལ་བཅིུག་ཡོད་པ་རེད། སྔར་ལྟར་རྒྱུ་ལམ་དང་པོའི་ནང་གློག་རྡུལ་གཉིས་དང་། དེ་ནས་རྒྱུ་ལམ་གཉིས་པའི་ནང་གློག་རྡུལ་བརྒྱད་ཤོང་བ་དང་། མཐའ་མའི་གློག་རྡུལ་གཅིག་པུ་དེ་རྒྱུ་ལམ་གསུམ་པའི་ནང་དུ་འགྲོ་དགོས་པ་རེད། སྐབས་རེར་རྒྱུ་ལམ་རྣམས་ལ་ལྐོག་ཤུན་ཤེལ། shellཞེས་ཀྱང་འབོད་ཀྱིན་ཡོད།
དཔེ་རིས་ ༦། གློག་རྡུལ་གྱི་རྒྱུད་ལམ། རྒྱུ་ལམ་སྦུག་མའི་ནང་གློག་རྡུལ་གཉིས་ཤོང་བ་དང་། དེ་ནས་རྒྱུ་ལམ་རྗེས་མ་གཉིས་སུ་གློག་རྡུལ་བརྒྱད་རེ་ཤོང་བ་ཡིན། དཔེ་རིས་ ༦། གློག་རྡུལ་གྱི་རྒྱུད་ལམ། རྒྱུ་ལམ་སྦུག་མའི་ནང་གློག་རྡུལ་གཉིས་ཤོང་བ་དང་། དེ་ནས་རྒྱུ་ལམ་རྗེས་མ་གཉིས་སུ་གློག་རྡུལ་བརྒྱད་རེ་ཤོང་བ་ཡིན།

གློག་རྡུལ་གྱི་སྒྲིག་ཤོམ་དེ་ལ་གློག་རྡུལ་གྱི་ཆགས་དབྱིབས་ཟེར་གྱི་ཡོད། གློག་རྡུལ་ཆགས་དབྱིབས་དེ་ཁྱེད་ཀྱིས་ཨང་གྲངས་བེད་སྤྱོད་ཐོག་རྡུལ་ཕྲན་གྱི་རི་མོའི་ལམ་ནས་སྟོན་ཐུབ། དཔེར་ན། རྡུལ་ཕྲན་ལི་ཐི་ཡམ་ལ་མཚོན་ན་གློག་རྡུལ་ཆགས་དབྱིབས་ནི་Li2,1ཡིན། དོན་དག་ནི་ལིཐིཡམ་རྡུལ་ཕྲན་གྱི་གློག་རྡུལ་འཁོར་ལམ་ནང་མའི་ནང་གློག་རྡུལ་གཉིས་དང་འཁོར་ལམ་གཉིས་པའི་ནང་གློག་རྡུལ་གཅིག་ཡོད་པ་མཚོན་པ་རེད། དེ་བཞིན་སོཌིཡམ་གྱི་གློག་རྡུལ་ཆགས་དབྱིབས་ནི་Na(2,8,1)ཡིན་པ་རེད། གློག་རྡུལ་ཆགས་དབྱིབས་ཀྱིས་རྡུལ་ཕྲན་དག་རྡུལ་ཕྲན་གཞན་དང་རྫས་འགྱུར་ཇི་ལྟར་བྱེད་མིན་ཐག་གཅོད་བྱེད་ཀྱི་ཡོད།

དཔར་རིས་༤་༢ ནང་རྡུལ་ཕྲན་གསུམ་གྱི་གློག་རྡུལ་ཆགས་དབྱིབས་བསྟན་ཡོད།

རྩ་རྫས་ཀྱི་རེའུ་མིག

རྩ་རྫས་སོ་སོས་གཞན་དག་དང་མི་འདྲ་བའི་གཤིས་ཀ་རེ་སྟོན་པ་དང་ང་ཚོས་དེ་དག་གི་ཁྱད་ཆོས་མི་འདྲ་བ་རེད་ཟེར་གྱི་ཡོད། ཡིན་ན་ཡང་རྩ་རྫས་དེ་དག་ནང་ཁུལ་ལ་མཐུན་པའི་ཆ་མང་པོ་ཡོད་པ་རེད། དཔེར་ན་དབྱེ་གཞི་ ༨༢ ནང་གི་ལིཐིཡམ་དང་། སོཌེཡམ། པོཊེཤམ་བཅས་ལ་ཆེས་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ་དང་དེ་དག་ཚང་མ་རྫས་འགྱུར་མགྱོགས་པའི་ལྕགས་རིགས་ཤ་སྟག་ཡིན་པ་རེད། ཁོང་ཚོར་རྒྱུན་དུ་ནས་ཨེལ་ཀ་ལི་ལྕགས་རིགས་ཞེས་འབོད་པ་ཡིན། དེ་བཞིན་ཕོལོརིན་དང་། ཁོལ་ོརིན། བོརོ་མིན། ཨཡོ་ཌིན་བཅས་ལ་ཡང་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ་དང་ཁོང་ཚོར་ཧཱེ་ལ་ཇན་ ཞེས་འབོད་པ་ཡིན། ཕྱིའི་གློག་རྡུལ་འཁོར་ལམ་ནང་གློག་རྡུལ་གྱི་སྒྲིག་ཚུལ་མཚུངས་པས་རྩ་རྫས་དེ་ཚོས་ཆ་མཚུངས་ཀྱི་ཁྱད་ཆོས་སྟོན་པ་ཡིན།

རྫས་འགྱུར་མཁན་ཚོས་ཐོག་མར་རྩ་རྫས་རྣམས་སྡེ་ཚན་སོ་སོར་སྒྲིག་སྐབས་རྩ་རྫས་ཁ་ཤས་ཀྱི་ཁྱད་ཆོས་འདྲ་མཚུངས་སྟོན་དགོས་པའི་རྒྱུ་མཚན་ཤེས་ཀྱི་མེད་པ་རེད། འོན་ཀྱང་ད་ལྟ་ང་ཚོས་དེ་ནི་ཕྱིའི་གློག་རྡུལ་འཁོར་ལམ་ནང་གི་གློག་རྡུལ་གྱི་གྲངས་ཀ་ལ་རག་ལས་པ་རྟོགས་ཐུབ་ཡོད། དེ་ཡང་ཕྱིའི་གློག་རྡུལ་གྱི་རྒྱུ་ལམ་ནང་གློག་རྡུལ་གྱི་གྲངས་ཀ་མཚུངས་པའི་རྩ་རྫས་ཚོས་མཚུངས་ལྡན་གྱི་ཁྱད་ཆོས་སྟོན་གྱི་ཡོད། དཔེར་ན་ལི་ཐི་ཡམ་དང་། པོ་ཊེ་ཤི་ཡམ། སོ་ཌི་ཡམ་བཅས་ཚང་མར་ཕྱིའི་གློག་རྡུལ་གྱི་རྒྱུ་ལམ་ནང་གློག་རྡུལ་གཅིག་ལས་མེད་པ་རེད། གོང་གི་རྩ་རྫས་འདི་དག་རྩ་རྫས་ཀྱི་སྡེ་ཚན་དང་པོར་གནས་པ་དང་དེ་ཡང་ཁོང་ཚོའི་ཕྱིའི་གློག་རྡུལ་རྒྱུ་ལམ་ནང་གློག་རྡུལ་གཅིག་ལས་མེད་པ་རེད། དེ་བཞིན་ཕོ་ལོ་རིན་དང་། ཁོ་ལོ་རིན། བོ་རོ་མིན་སོགས་སྡེ་ཚན་བདུན་པར་གནས་པ་དང་དེ་ནི་ཁོང་ཚོའི་ཕྱིའི་རྒྱུ་ལམ་ནང་གློག་རྡུལ་བདུན་ཡོད་པས་རེད།

ཁྱེད་ཀྱིས་སྡེ་ཚན་དེ་དག་རྩ་རྫས་ཀྱི་རེའུ་མིག་ལ་གཟིགས་པ་ཡིན་ན་ཤེས་ཐུབ། སྡེ་ཚན་སོ་སོའི་རྩ་རྫས་རྣམས་སྟེང་འོག་ཏུ་སྒྲིག་ཡོད་པ་དང་གློག་རྡུལ་གྱི་གྲངས་ཉུང་ཤོས་ཡོད་པའི་རྩ་རྫས་རྣམས་ཐོག་མར་བཅས་སྟེང་ནས་འོག་ཏུ་རིམ་པར་གནས་ཡོད། རྩ་རྫས་རེའུ་མིག་གི་ཕྲད་དུ་ཡོད་པའི་རུ་དེར་པི་རཊ་(Period) ཞེས་ཟེར་བ་དང་། འདིར་ཡོད་པའི་རྩ་རྫས་རྣམས་གློག་རྡུལ་གྱི་གྲངས་ཉུང་ཤོས་ནས་མང་ཤོས་བྱས་ཏེ་རིམ་པར་བཀོད་ཡོད།

རྩ་རྫས་རེའུ་མིག་གིས་རྩ་རྫས་ཀྱི་འགྱུར་འབྱུང་མགྱོགས་མིན་བཤད་ཐུབ།

ཕྱིའི་གློག་རྡུལ་གྱི་རྒྱུ་ལམ་ཁེངས་ནས་ཡོད་པའི་རྩ་རྫས་དེ་ཕལ་ཆེར་རྫས་འགྱུར་གཏན་ནས་མི་བྱེད་པ་དང་། དེར་བརྟེན་སྡེ་ཚན་ 0 ནང་ཡོད་པའི་རྩ་རྫས་རྣམས་རྫས་འགྱུར་ཆེས་དཀའ་བས་མཚམས་རེ་དེ་དག་ལ་ང་ཚོས་དཀོན་པའི་རླུང་རྫས་(Noble gases)ཡང་ཟེར། སྡེ་ཚན་ 7 པའི་ནང་ཡོད་པའི་རྩ་རྫས་དེ་དག་གི་ཕྱིའི་གློག་རྡུལ་གྱི་རྒྱུ་ལམ་ནང་གློག་རྡུལ་བདུན་ཡོད་པ་དང་། ཁ་སྐོང་ཆེད་དུ་གློག་རྡུལ་གཅིག་ལས་མི་དགོས་པས་ཁོང་ཚོས་རྡུལ་ཕྲན་གཞན་གྱི་གློག་རྡུལ་གཅིག་ལེན་ནས་ཁ་སྐོང་བྱེད་རྒྱུའི་གྲ་སྒྲིག་ཡིན་པ་དང་དེ་ལ་བརྟེན་ནས་རྩ་རྫས་འདི་དག་འགྱུར་འབྱུང་ཧ་ཅང་མགྱོགས་པ་ཡོད། དེ་བཞིན་སྡེ་ཚན་དྲུག་པའི་རྩ་རྫས་འདི་དག་གི་ཕྱིའི་གློག་རྡུལ་རྒྱུ་ལམ་ནང་གློག་རྡུལ་གཉིས་ཡོད་པ་དང་ཁོང་ཚོར་འགྱུར་འབྱུང་མགྱོགས་པོ་ཡོད་ཀྱང་སྡེ་ཚན་བདུན་པའི་རྩ་རྫས་ལྟར་མེད། སྡེ་ཚན་དང་པོའི་རྩ་རྫས་ཀྱི་ཕྱིའི་གློག་རྡུལ་རྒྱུ་ལམ་ནང་གློག་རྡུལ་གཅིག་ལས་མེད་པས་གཅིག་དེ་གཞན་ལ་སྤྲད་ནས་རང་ཉིད་གཏན་ཚུགས་སུ་ཆགས་ཐབས་བྱེད་ཀྱིས་ཡོད་པས་ཁོང་ཚོ་ཡང་འགྱུར་འབྱུང་ཤིན་ཏུ་ནས་མགྱོགས་པའི་གྲས་ཡིན།

རྩ་རྫས་རེའུ་མིག་ནང་ལག་པ་གཡོན་ཕྱོགས་སུ་ལྕགས་རིགས་རྣམས་ཡོད།

ལག་པ་གཡོན་ཕྱོགས་སུ་ཡོད་པའི་རྩ་རྫས་ཚང་མ་ལྕགས་རིགས་ཡིན་པ་དང་གཡས་ཕྱོགས་སུ་ཡོད་པ་རྣམས་ལྕགས་རིགས་མ་ཡིན་པ་རྣམས་ཡིན། ལྕགས་རིགས་ཀྱི་རྩ་རྫས་ཚོས་གློག་རྡུལ་སྤྲོད་ཐབས་བྱེད་པ་དང་ལྕགས་རིགས་མ་ཡིན་པའི་རྩ་རྫས་ཚོས་གློག་རྡུལ་ལེན་ཐབས་བྱེད་ཀྱི་རེད། གཡོན་ཟུར་གྱི་ལྕགས་རིགས་སོཌིཡིམ་ལྟ་བུ་འགྱུར་འབྱུང་ཆེས་མགྱོགས་ཤོས་ཀྱི་རྩ་རྫས་ཡིན།
འཕྲོས་དོན་ཐེངས་རྗེས་མར་གཟིགས།

Post a Comment

Previous Post Next Post