གས་ཐོར་ཆེན་མོའི་ཐད་ཚན་རིག་ལས་བརྒལ་བའི་འགྲེལ་བཤད་ཀྱང་མང་པོ་ཡོད་པ་རེད། ཁ་ཤས་ཀྱིས་གས་ཐོར་ཆེན་མོ་རང་ཉིད་བྱུང་བའི་ཐོག་མའི་རྒྱུ་རྐྱེན་འགྲེལ་བཤད་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། ཚན་རིག་གི་ནང་ལ་དེ་འདྲའི་ཐོག་མའི་འབྱུང་བའི་རྒྱུ་རྐྱེན་འགྲེལ་བཤད་བྱེད་ཐུབ་ཀྱི་མེད་སྟབས། རང་བྱུང་ཚན་རིག་པ་འགའ་ཤས་ཀྱིས་འགྲེལ་བཤད་འདི་དག་ལ་རྨོངས་དད་ཅེས་སྐྱོན་བརྗོད་བྱེད་ཀྱིན་ཡོད། གཤམ་དུ་གས་ཐོར་ཆེན་མོའ་ིལྟ་གྲུབ་ཐད་ཆོས་ཕྱོགས་ཀྱི་འགྲེལ་བ་འདྲ་མིན་བཀོད་ཡོད།

ཡེ་ཤུ་དང་ཇེའུ་ཤིའི་ཁོངས་མང་པོ་ཞིག་གིས་གས་ཐོར་ཆེན་མོ་དེ་བཞིན་འཇིག་རྟེན་གྱི་ཐོག་མའི་འབྱུང་རྐྱེན་ཡིན་སྲིད་པར་ཁས་ལེན་བྱེད་པ་དང་། གས་ཐོར་ཆེན་མོའི་ལྟ་གྲུབ་དེ་ཚན་རིག་གི་ཐོག་ནས་དེ་ཙམ་དར་ཁྱབ་མ་བྱུང་བའི་དུས་ནས་པོབ་ཁྲི་ཐོག་ ༡༢ པ་ནི་དེའི་རྒྱབ་བརྟེན་གཙོ་བོ་ཞིག་ཏུ་གྱུར་བ་དང་རིམ་པས་རོ་མན་ཀེ་ཐོ་ལིག་ཅར་ཅིས་ཡིས་ཀྱང་གས་ཐོར་ཆེན་མོ་འདི་བཞིན་འཇིག་རྟེན་གྱི་འབྱུང་རྐྱེན་ཡིན་པར་ཁས་ལེན་མུ་མཐུད་ནས་བྱས། རང་གི་གཞུང་ལུགས་སུ་གསལ་བའི་བཀོད་གྲུབ་ཀྱི་ལྟ་བ་ཨེགས྄་ནི་ཧི་ལོ་ Ex Nihilo ཞེས་པ་དེ་མཐུན་ཐབས་སུ་འགྲེལ་བཤད་བྱེད་ཀྱི་ཡོད། བསམ་ཚུལ་འདི་རབི་ནིཀ་ཇུ་དྷ་ཡི་སམ་ Rabbinic Judaism ཆོས་ལུགས་ཀྱི་ཆོས་པ་ཚང་མའི་མོས་མཐུན་བྱེད་ཀྱིན་ཡོད་པ་རེད།

དེ་བཞིན་དེང་དུས་ཁ་ཆེའི་མཁས་དབང་ཁ་ཤས་ཀྱིས་གས་ཐོར་ཆེན་མོའི་ལྟ་གྲུབ་དང་ཀོ་རན་གཞུང་ལས་བཤད་པའི་བཀོད་གྲུབ་ཀྱི་ལྟ་ཚུལ་མཐུན་པར་འདོད། དེ་ཡང་ཀོ་རན་དུ་ཁ་ཆེར་ཡིད་ཆེས་མེད་པ་ཚོས་ལྷ་ཡུལ་དང་འཛམ་བུ་གླིང་གཉིས་ང་ཚོས་ལོགས་སུ་མ་ཕྱེས་གོང་གཅིག་ཏུ་འཛིན་གྱི་མེད་དམ། ཅེས་ལུང་དྲངས་པ་དང་། དེ་བཞིན་ཁོང་ཚོས་ཀོ་རན་ནང་འཇིག་རྟེན་རྒྱ་སྐྱེད་བྱེད་བཞིན་པ་བཀོད་ཡོད་ལུགས་བཤད་ཀྱི་ཡོད་པ་རེད། དེའང་ཀོ་རན་ལས་ལྷ་ཡུལ་དེ་ང་ཚོའི་ནུས་པས་བཟོས་པ་ཡིན་ལ། དེ་ད་དུང་ཡང་རྒྱ་སྐྱེད་བྱེད་རྒྱུ་ཡིན། སོགས་དང་། ཡང་འཇིག་རྟེན་འདི་ཁུམ་སྒྲ་ཆེན་མོ་ཞིག་གིས་མཇུག་བསྡུ་བ་དང་འཕར་ཆག་ཅན་གྱི་འཇིག་རྟེན་སོགས་ཀྱི་འདོད་ཚུལ་ཀྱང་ཀོ་རན་ནང་གསལ་ཡོད་ལུགས་བཤད་པ་ནི་ ང་ཚོས་ཁྱེད་ཀྱིས་ཤོག་བུ་སྒྲིལ་པ་ལྟར་ལྷ་ཡུལ་དེའང་འདུ་བའི་ཉིན་མོར། ང་ཚོས་འཇིག་རྟེན་བཀོད་སྒྲུབ་ཀྱི་སྟོན་མོ་དེ་ཡང་བསྐྱར་སྟོན་ངེས་ཡིན། དེ་ནི་ང་ཚོར་བཅངས་པའི་དམ་བཅའ་ཡིན་པས་སྒྲུབ་ངེས་ཡིན། བཅས་སོ།

ཧིནྡུ་ཆོས་ལུགས་ལས་ཁྱབ་འཇུག་པ་ Vaishnavism ལྟ་བུས་འགས་གཏོར་ཆེན་མོའི་ལྟ་ཚུལ་དང་འདྲ་བའི་བཀོད་གྲུབ་ཀྱི་འདོད་ཚུལ་བཞེད་པ་དང་། ཧིནྡུུའི་ལྷ་སྒྲུང་ལས་དཔེར་ན་ Bhagavata Purana དེབ་གསུམ་པའི་ལེའུ་བཅུ་པ་དང་ཉི་ཤུ་རྩ་དྲུག་གི་ནང་གདོད་མའི་འབྱུང་གནས་ལ་ཁྱབ་འཇུག་ཆེན་པོས་གཟིགས་ཙམ་གྱིས་ཐམས་ཅད་ཕྱོགས་སུ་འཐོར་བ་དང་དངོས་པོ་མཐའ་དག་གི་སྒྲུབ་གཞི་སྟེ་པཱར་ཀིརི་ཊི་Prakriti སྟེ་རང་བཞིན་གྱི་ངོ་བོར་འགྱུར་བར་བཤད་ཀྱི་ཡོད། དེ་མིན་ཧིནྡུའི་གྲུབ་མཐའ་འགའ་ཞིག་གིས་ཐོག་མ་དང་མཐའ་མ་མེད་པའི་འཇིག་རྟེན་ཀྱང་འདོད་ཀྱི་ཡོད།

ནང་ཆོས་ནང་འཇིག་རྟེན་ཐོག་མ་སྒྲུབ་པའི་བཞེད་ཚུལ་གྱི་ལྟ་བ་ཞིག་མེད་པ་དང་། དེ་ལས་འཇིག་རྟེན་འདི་ནི་མུ་མཐའ་མེད་པ་དང་། རྒྱ་སྐྱེད་པ་དང་། བརྟན་པོར་གནས་པ་དང་། འཁུམ་པ་སོགས་ཀྱི་རྒྱུད་རིམ་གྱིས་འཁོར་བ་ཞིག་ཏུ་འདོད་ཀྱིན་ཡོད། དེ་ནི་གས་ཐོར་ཆེན་མོའི་ལྟ་བ་དང་འགལ་བ་ཆེར་མེད་པ་ཞིག་ཡིན། སྤྱིར་འཇིག་རྟེན་ཆེན་པོ་འདིའི་ནང་སྐྱེ་འཇིག་གི་རང་བཞིན་ལྡན་པའི་ཆ་མང་པོ་ཡོང་ཆོག་པར་བཤད་ཀྱིན་ཡོད། ། www.wikipedia.com) ལསཟུར་འདོན་བྱས་ཏེ་བསྒྱུར།

Post a Comment

Previous Post Next Post