མི་དྲུག་ལ་འདང་བའི་ཉ་གཤོག་གི་ཐང་ཞིག་བཟོ་དགོས་ཚེ་ཉ་གཤོག་གི་ཤ་ཀི་ལོ་ཕྱེད་ཙམ་ཞིག་དགོས་ཀྱི་ཡོད་པ་རེད། སྐུ་ཞབས་མུར་ཊོཀ་Murdoch དང་ཁོང་གི་ལས་རོགས་ཚོས་ལོ་མང་རིང་ཉམས་ཞིབ་བྱས་པས་ཉ་གཤོག་གི་ཆེད་དུ་ལོ་རེེར་རོབ་རྩིས་བྱས་ན་ཤཱརྐ་ས་ཡ་ ༣༨ ཙམ་གསོད་བཞིན་ཡོད་ལུགས་ཀྱི་གནས་ཚུལ་འཁོད་ཡོད་པ་དང་སྤྱིར་བཏང་ད་ལྟའི་ཆར་འཛམ་གླིང་ཐོག་ཤཱརྐ་ག་ཚོད་ལྷག་ཡོད་མེད་དང་ལོ་རེར་ག་ཚོད་གསོད་བཞིན་ཡོད་ལུགས་གསལ་པོ་ཞིག་ཤེས་ཐབས་མེད་པས་ཁ་ཅིག་གིས་ལོ་རེར་ས་ཡ་བརྒྱ་ལས་མང་བ་གསོད་བཞིན་ཡོད་ལུགས་བཤད་ཀྱི་ཡོད་པ་རེད། དེ་ལས་ལྡོག་སྟེ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ལོ་རེར་ཤཱརྐ་ས་ཡ་བཅུ་ཙམ་ལས་གསོད་ཀྱི་མེད་ལུགས་བརྗོད་ཡོད། ཨ་རི་དང་ཡོ་རོབ་སོགས་སུ་ཤཱརྐ་གསོད་བཟུང་མི་ཆོག་པའི་བཀའ་རྒྱ་མང་པོ་བཟོས་ཡོད་ཀྱང་འཛམ་གླིང་ཐོག་སྤྱི་མཚུངས་ཞིག་མེད་པ་དང་ཉ་ཤ་ཐོན་སྐྱེད་བཟོ་གྲྭས་བཀོད་འདོམས་འོག་ལོ་ལྟར་ཤཱརྐ་ས་ཡ་མང་པོ་བསད་ནས་ཨེ་ཤེ་ཡ་སོགས་ཡུལ་གྲུ་མང་པོར་ཚོང་འགྲེམས་བྱེད་བཞིན་ཡོད།

Post a Comment

Previous Post Next Post