ཁྱེད་ཀྱི་ཉེ་འཁོར་དུ་ཡོད་པའི་དངོས་རྫས་ཐམས་ཅདནི་ཧ་ཅང་ཕྲ་བའི་རྡུལ་ཨེ་ཊོམ་ཞེས་པ་ལས་གྲུབ་ཡོད། ཀློག་བཞིན་པའི་ཤོག་བུ་འདི་དང་། དེའི་སྟེང་འབྲི་བྱེད་ཀྱིནག་ཚ་དང་། ཁྱེད་རང་སྡོད་སའི་རྐུབ་སྟེགས་བཅས་ཚང་མ་རྡུལ་ཕྲན་ལས་གྲུབ་པ་ཤ་སྟག་ཡིན། རྡུལ་ཕྲན་ནི་ཧ་ཅངཕྲ་བས་ཁབ་ཀྱི་རྩེ་མོ་ཅིག་གི་སྟེང་དུའང་རྡུལ་ཕྲན་གྲངས་ ༦༠ ༠༠༠ ༠༠༠ ༠༠༠ ༠༠༠ ༠༠༠ བརྒལ་བ་ཡོད། འདི་ལྟའི་ཕྲ་བའི་རྡུལ་ཕྲན་ཞིག་ང་ཚོའི་བློ་ངོར་འཆར་རྒྱུ་ཧ་ཅང་ཁག་པོ་ཡིན། གནའ་བོའི་གྷི་རིག་གི་མི་ཚོས་རྡུལ་ཕྲན་ལས་ཆུང་བ་ཞིག་འོང་མི་སྲིད་པར་ཡིད་ཆེས་བྱས་ནས་དེར་ཨེ་ཊོ་མོས྄་ཞེས་འབོད་པ་དང་དེ་ནི་ཆ་མེད་ཅེས་པའི་དོན་ཡིནནོ། རྡུལ་ཕྲན་དེ་ནི་སྐབས་རེར་ཁེར་རྐྱང་དང་སྐབས་རེར་ཚོགས་པར་བྱས་ཏེ་གནས་པ་ཡིན། འདི་ལྟའི་རྡུལ་ཕྲན་གྱི་ཚོགས་པ་ལ་འདུས་བསགས་ཞེས་སོ། རྡུལ་ཕྲན་ནི་ང་ཚོའི་མཐོང་ཆོས་ལས་འདས་པ་ཞིག་ཡིན་རུང་ང་ཚོས་ད་དུང་དངོས་རྫས་ཀྱི་ཁྱད་གཤིས་ལས་རྡུལ་ཕྲན་ཞེས་པ་ཞིག་ཡོད་པར་འདོད་ཀྱི་ཡོད།

དངོས་རྫས་མང་པོ་ཞིག་གི་བདར་གཟུགས་ནི་རྒྱུན་ལྡན་གྱི་དབྱིབས་ཡིན་པ་དང་། དངོས་རྫས་གཅིག་པའི་བདར་གཟུགས་ཀྱི་དབྱིབས་ཀྱང་གཅིག་པ་ཡོང་དགོས། དེ་ལྟར་འོངདོན་ནི་བདར་གཟུགས་རྣམས་ཧ་ཅང་ཕྲ་བའི་རྡུལ་དེ་འདྲ་བཀོད་སྒྲིག་བྱས་ཏེ་གྲུབ་པ་ཞིག་ཡིན། འདི་ལྟའི་རྡུལ་ཕྲ་བ་རྣམས་ལ་རྡུལ་ཕྲན་ཞེས་སོ། པར་དུ་སྟོན་པའི་བདར་གཟུགས་དེ་འདྲ་ཞིག་གི་ནང་རྡུལ་ཕྲན་ས་ཡ་མང་པོ་ཞིག་ཡོད། གལ་ཏེ་ང་ཚོས་ཚ་རྡོག་ཅིག་ནས་ཆ་ཆུང་ཆུང་བྱས་ཏེ་རིམ་པས་བཅགསྟེ་ང་ཚོས་ཐུབ་ཚོད་ཀྱིས་ཆ་ཆུང་ཆུང་ཤོས་བར་བཅག་རུང་ཚ་ནི་ཚ་རང་དུ་གནས་པ་ཡིན།

བྷར་ཨོན་ནིཡན་འགུལ་སྐྱོད་ཀྱིས་རྡུལ་ཕྲ་མོ་ཡོདཔའི་ཁུངས་སྐྱེལ་བྱེད་ཚུལ།


ཕྱི་ལོ་ ༡༨༢༧ ལོར་ཨོཀས྄་ཕོཊ་་ཏུ་རྟེན་གཞི་བྱེད་པའི་ཚན་རིག་པ་རོ་བྷཊ་བྷར་ཨོན་་ཁོང་རང་ཕྲ་མཐོང་ཆེ་ཤེལ་ནང་ཟེ་འབྲུའི་ཟེགས་རྡུལ་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད། ཟེགས་རྡུལ་དེ་དག་གཤེར་ཁུའི་ནང་འཇོག་ཡོད་པ་དང་སྐབསདེ་དུས་ཟེགས་རྡུལ་རྣམས་སྦུད་རྒྱག་གཏོང་བ་ལྟ་བུར་སྣང་བདེ་ངོ་མཚར་བར་སྣང་། འགའ་ཞིག་གིས་ཟེགས་རྡུལ་རྣམས་རང་རང་གཡོ་འགུལ་བྱེད་པ་དང་། ཡང་འགའ་ཞིག་གིས་གཤེར་གཟུགས་གང་གི་ནང་ཡོད་པར་བརྟེན་དེའི་ནང་གིདངོས་གཟུགས་ང་ཚོས་སྣང་མི་ཐུབ་པ་དེ་འདྲས་སྦུད་རྒྱགགཏོང་བ་རེད་སོགས་དེ་དུས་གནད་དོན་དེར་འགྲེལ་བརྗོད་འདྲ་མིན་རྒྱག་མཁན་མང་པོ་བྱུང་བ་རེད།

འདི་ལྟའི་འགུལ་སྐྱོད་ནི་ཡོ་ཆས་སྒྲིག་སྟེ་དེ་ནས་ཟེགསརྡུལ་གྱི་ཚབ་ཏུ་དུ་བ་བྱས་ཏེ་མཐོང་ཐུབ། སུས་ཀྱང་དུ་བའི་འགུལ་བ་དེ་སྲོག་ལྡན་ཞིག་ཏུ་འདོད་མི་སྲིད། འདི་ལྟའི་སྦུད་རྒྱག་གཏོང་བ་ལྟ་བུའི་དུ་བའི་སྒུལ་སྐྱོད་ནི་དུ་རྡུལ་དང་མཐའ་སྐོར་དུ་ཡོད་པའི་རླུང་གི་ཆ་རྡུལ་གཉིས་གདོང་གཏུག་རྒྱབ་པ་ལས་བྱུང་ཅེ་ན་འགྲེལ་བརྗོད་ལེགས་པ་ཡིན། རླུང་གི་ཆ་རྡུལ་རྣམས་ནི་ཧ་ཅང་ཕྲ་བ་དང་མྱུར་བར་འགུལ་བས་ང་ཚོའི་མཐོངཐབས་དཀའ་བ་ཡིན། འདི་ལྟའི་ཟེ་འབྲུའི་ཟེགས་རྡུལ་དང་དུ་བའི་རྡུལ་གཉིསསྦུད་རྒྱག་གཏོང་བ་ལྟ་བུ་འགུལ་སྐྱོད་དེར་རོ་བྷཊ་བྷར་ཨོན་་དང་རྗེས་མཐུན་པའི་མིང་བཏགས་པས་བྷར་ཨོན་་ནི་ཨན་འགུལ་སྐྱོད་ Brownian Motion)ཅེས་གྲགས།དེ་ནི་འདུས་རྫས་ཐམས་ཅད་མཚམས་མི་ཆད་པར་འགུལ་སྐྱོད་བྱ་བའི་འདུས་བསགས་ང་ཚོའི་མཐོང་ནུས་ལས་འདས་པ་འདི་འདྲ་གྲུབ་པར་ཁུངས་སྐྱེལ་ཟབ་ཤོས་ཤིག་ཀྱང་ཡིན། རྡུལ་ཕྲན་གྱི་བཟོ་བཀོད།

རྡུལ་ཕྲན་རང་ཉིད་ཀྱང་དེ་ལས་ཕྲ་བའི་རྡུལ་གྱི་གྲུབ་ཅིང་། རྡུལ་ཕྲན་ཀུན་གྱི་དབུས་སུ་ལྟེ་རྡུལ་རེ་ཡོད་པ་དང་། ལྟེརྡུལ་དེའི་ནང་པོ་རོ་ཊོ་རོན་ཕོ་རྡུལ་དང་ནིའུ་ཊོ་རོན་བར་རྡུལ་གཉིས་ཡོང་ཆོག དེ་ནས་རྡུལ་ཕྲན་གྱི་མཐའ་འཁོར་ནི་ཨེ་ལེག་ཊོ་རོན་ གློག་རྡུལ་རྙེད་སྲིད་པའི་མངའ་ཁུལ་དེ་ཡིན། ཕོ་རྡུལ་དང་གློག་རྡུལ་གཉིས་ཀྱི་གདོས་ཚད་མཉམ་རུང་མོ་རྡུལ་ལས་གདོས་ཚད་ལྡབ་ཉིས་སྟོང་ཙམ་གྱིས་ཉུང་བ་ཡོད། ཕོ་རྡུལ་རྣམས་ལ་ཕོའི་གློག་ཁུར་ཉུང་ལྡན་ཞིང་གློག་རྡུལ་རྣམས་ལ་གློག་ཁུར་མཉམ་རུང་མོ་གློག་ལྡན་པ་ཡིན། རྡུལ་ཕྲན་ཞིག་གི་ཕོ་རྡུལ་དང་གློགརྡུལ་གྱི་གྲངས་མཉམ་པར་བརྟེན་གློག་ཁུར་ཕན་ཚུན་མཉམ་རུང་རྟགས་མི་མཚུངས་པས་ལྡོག་པར་འགྱུར། དེ་འདྲསོང་ཙང་རྡུལ་ཕྲན་ཁྱོན་ལ་གློག་ཁུར་ཅི་ཡང་མི་ལྡན་པ་ཡིན།

རྡུལ་ཕྲན་བཟོ་བཀོད་ཀྱི་ལོ་རྒྱུས།


དངོས་རྫས་རྣམས་ཧ་ཅང་ཕྲ་བའི་རྡུལ་གྱིས་གྲུབ་འདོད་མཁན་གྱི་ཐོག་མ་ནི་གནའ་བོའི་གྷི་རིག་གི་མི་རྣམས་ཡིན།ཁོང་ཚོས་རྡུལ་དེ་སྤོ་ལོའི་དབྱིབས་ཅན་གྱི་རྡོག་གཟུགསཞིག་ཏུ་འཛིན་པ་དང་བསམ་ཚུལ་དེ་ ༡༩༠༠ ལོའི་མགོསྟོད་མཚམས་བར་གནས། དེ་སྐབས་རྡུལ་ཕྲན་ཆ་འབྱེདདེ་དེའི་ནང་མ་མཐར་ཕོ་གློག་ཅན་དང་མོ་གློག་ཅན་བཅས་ཀྱི་རྡུལ་གཉིས་ཡོང་དགོས་པར་ཤེས་སོ།

དེ་ནས་རྡུལ་ཕྲན་གྱི་བཟོ་བཀོད་གསར་པ་ཞིག་འདོན་འཆར་བྱུང་བའི་ནང་ཕོ་གློག་ཅན་གྱི་སྤོ་ལོ་བག་ཟན་ལྟ་བུའིནང་མོ་གློག་ཅན་གྱི་མོ་རྡུལ་རྣམས་ཤིང་ཏོག་༼ཁ་རེན་ཀྲ་༽ལྟར་སྲུབས་ཏེ་ཡོད་པར་བཤད།

རུ་ཐར་ཕོཊ་་ཡི་བརྟག་དཔྱད།


ཨེར་ནེས་རུ་ཐར་ཕོཊ་ནི་ཕྱི་ལོ་ ༡༨༧༡ ལོར་ནིའུ་ཛ་ལེནཊ་རུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༠༨ ལོར་ཁོངགིས་འགྱེད་འཕྲོའི་(Radioactivity)ཐད་ཕྱག་རྗེས་མང་པོབཞག་པས་ནོ་ལྭེལ་གཟེངས་རྟགས་ཐོབ་པ་རེད། དབྱིན་ཡུལ་མན་ཆེས་ཊར་ས་གནས་སུ་མུ་མཐུད་ཕྱག་ལས་གནངསྐབས་དེ་དུས་ཀྱི་ཚན་རིག་པ་མང་པོ་ངོ་མཚར་སྐྱེས་དགོསཔའི་གསར་བརྟོལ་ཞིག་བྱས་ཐུབ།



ཁོང་དང་ཁོང་གི་ལས་རོགས་གྷི་གྷར་དང་མཱར་སེ་ཊན་གཉིས་ཀྱི་མཉམ་དུ་བརྟག་དཔྱད་ཞིག་གནང་། དེའིནང་སྟོང་སངས་ཀྱི་སྣོད་ནང་དུ་གསེར་ཤོག་ཧ་ཅང་ཕྲ་བཞིག་བཞག་སྟེ་དེའི་སྟེང་ཨེལ་ཕ་ རྡུལ་གྱིས་གདོང་གཏུགརྒྱབ་པ་རེད། དཔེ་རིས་ལ་གཟིགས། ཨེལ་ཕ་རྡུལ་མངཆེ་བ་ཐད་ཀར་ཀབསྐྱོད་པ་རེད། འགའ་ཞིག་གིས་གསེར་ཤོག་རྒྱུད་རུང་ཁ་ཕྱོགས་ཆུང་ངུ་འགྱུར་བ་ཁདང། དེ་ལས་གྲངས་ཉུང་བ་ཞིག་ཕྱིར་ལྡོག་གསྟེ་འོང་པ་རེད།

བརྟག་དཔྱད་དེ་ལས་རུ་ཐར་ཕོཊ་གྱིས་རྡུལ་ཕྲན་སྦུག་མང་ཆེ་བ་སྟོང་པ་དང་གློག་ཁུར་ཕོ་དེའང་ཡོངས་སུ་ཁྱབསྟེ་ཡོད་པ་མིན་པར་དབུས་སུ་འོང་དགོས་པས་བསམ་འཆར་བཏོན། ཕོའི་གློག་ཁུར་ཅན་གྱི་རྡུལ་ཕོ་རྡུལ་གྱིས་ལྟེ་བ་གྲུབཔ་དང་མཐའ་འཁོར་དུ་མོའི་གློག་ཁུར་ཅན་གློག་རྡུལ་གྱིསདཔེཡོངས་སུ་བསྐོར་བ་རྙེད། ཁོང་ནས་རྡུལ་ཕྲན་གྱི་བཟོ་བཀོདདེ་ཕྱི་ལོ་ ༡༩༡༡ ལོར་གསལ་བསྒྲགས་མཛད་པ་རེད།དེ་ནི་དེང་གི་རྡུལ་ཕྲན་གྱི་བཟོ་བཀོད་འཛིན་ཚུལ་དང་ད་དུངཧ་ཅང་མཐུན་པ་ཡིན། རུ་ཐར་ཕོཊ་རང་ཉིད་ཀྱིས་རྙེདསོན་ཐུབ་པ་དེ་ལ་ལྷག་པར་ངོ་མཚར་བྱུང་བས་ཁོང་གིས་འདི་བྲིས་པ་རེད། །

Post a Comment

Previous Post Next Post