ཆར་ཞོད་ནི་དུས་ཚིགས་གཞིར་བཟུང་གིས་རླུང་གི་ཁ་ཕྱོགས་ཀྱི་ཕྱི་ནང་བསྒྱུར་བའི་དཔེ་མཚོན་ཞིག་ཡིན་པ་དང་། ཐ་སྙད་འདི་ནིཨཱ་རབ་ཀྱི་མཚོ་མོ་དང་རྒྱ་གར་རྒྱ་མཚོ་གཉིས་ཀྱི་ཆར་ཞོད་ཀྱི་རླུང་ལ་ཆེད་དུ་སྤྱོད་པ་ལས་བྱུང་ཞིང་། རླུང་འདི་རྒྱ་གར་ལྷོ་ནུབ་མཚམས་དང་ཉེ་འགྲམ་གྱི་ཁོར་ཡུག་ནས་ལྡང་ཞིང་ཆར་ཞོད་ཧ་ཅངཆེན་པོ་ཕབ་པའི་དུས་ཚིགས་དེའི་མིང་ལའང་བེད་སྤྱོད་བྱེད་པ་དང་། རླུང་འདིས་རྐྱེན་བྱས་ནས་བབས་པའི་ཆར་དུས་ལ་དམིགས་བསལ་གྱིས་འབོད་པ་ཡིན།

ཆར་ཞོད་ཀྱི་བྱུང་རིམ།


ཆར་ཞོད་མོན་སཱུན་ཞེས་པ་ནི་ཨཱ་རབ་ཀྱི་ཐ་སྙད་མའུ་སེམ་(mausem)ཞེས་པ་ལས་བྱུང་ཞིང་། དེའི་གོ་དོན་ནི་དུས་ཚིགས་ཞེས་པ་ཡིན། དེནི་རྒྱུན་དུ་རྒྱ་གར་རྒྱ་མཚོའི་ངོགས་ཀྱི་རླུང་གི་ཁ་ཕྱོགས་བརྗེ་བསྒྱུར་བྱེད་པའི་དུས་ཚིགས་ལ་ཆེད་དུ་སྤྱོད་པ་དང་། དམིགས་བསལ་གྱིས་ཨེ་རབ་མཚོ་མོའི་ལྷོ་ནུབ་མཚམས་ནས་ལོ་ཕྱེད་མཚམས་དང་ནུབ་བྱང་མཚམས་ནས་དུས་ཚིགས་གཞན་ལ་ལྡང་བའི་རླུང་དེར་ཆེད་དུ་འབོད་པ་ཡིན།ཆར་ཞོད་ནི་རྒྱ་གར་ལྷོ་མཐའི་མི་རྣམས་དང་། དམིགས་བསལ་གྱིས་ཀེ་ར་ལཱ་ཕྱོགས་ཀྱི་མི་རྣམས་ལ་མཚོན་ན་ཧ་ཅང་གིས་སྐབས་དང་འཚམས་པ་ཞིག་ཡིན། འོན་ཀྱང་དུས་རབས་མང་པོའི་རིང་གི་རང་བྱུང་ཁོར་ཡུག་གི་བཙའ་འཐོར་གྱིས་ཆར་ཞོད་ཀྱི་གོ་རིམ་འདི་བཞིན་སྐྱོ་རུ་བཏང་བའམ་ཡང་ན་འགྱུར་བ་བཏང་ཡོད།

བརྒྱུད་རིམ།


ཆར་ཞོད་ནི་སྐམ་ས་དང་རྒྱ་མཚོ་གཉིས་ཀྱི་ཚ་གྲང་ཆ་མ་སྙོམས་པ་ལས་བྱུང་ཞིང་། དབྱར་དུས་སུ་སྐམ་སའི་ངོས་སུ་རྒྱ་མཚོ་དང་བསྡུར་ན་ཚ་ཚདཧ་ཅང་མཐོ་པོ་ཡོད། སྐམ་སའི་ངོས་ཀྱི་རླུང་གི་ཚ་ཚད་འཕེལ་བ་དང་མཉམ་དུ་ཡར་ནམ་མཁར་འཕགས་པ་དང་ས་ངོས་ཀྱི་རླུང་གི་གནོན་ཤུགས་ཆུང་དུ་འགྲོ་གིན་ཡོད་པ་དང་། དེས་རྒྱ་མཚོའི་ངོགས་ཀྱི་རླན་གཤེར་ཆེ་བའི་རླུང་གི་རིམ་པ་དེ་སྐམ་སའི་ཕྱོགས་སུ་རྒྱུན་ཆད་མེད་པར་ལྡང་བར་བྱེད། དེ་དང་ལྷན་ཅིགཏུ་བྱུང་བའི་ཆར་པ་ནི་རྒྱ་མཚོའི་ངོས་ཀྱི་རླན་གཤེར་ཆེ་བའི་རླུང་གི་ཁ་ཕྱོགསདེ་བཞིན་རི་བོའི་ཚོགས་ཀྱིས་ཡར་ནམ་མཁར་བསྒྱུར་བ་དང་། ཡར་འཕགསནས་རིམ་བཞིན་རླུང་གི་ཚ་ཚད་ཉམས་ནས་སླར་ཡང་ཆུའི་ངོ་བོར་འགྱུར་བ་ལས་ཆར་བར་གྱུར་ཅིང་མར་ས་ངོས་སུ་ཆར་པའི་ངོ་བོར་ལྷུང་ཡོང་བ་ཡིན།

དགུན་ཁའི་དུས་སུ། སྐམ་སའི་ཚ་དྲོད་རྒྱ་མཚོ་ངོས་ཀྱི་ཚ་དྲོད་ལས་སྔ་བར་ཡལ་ཞིང་། རྒྱ་མཚོས་དུས་ཡུན་རིང་ཙམ་ལ་ཚ་དྲོད་ཉར་ཐུབ། རྒྱ་མཚོའི་ངོས་ཀྱི་ཚ་རླུང་ཡར་འཕགས་པ་དང་མཉམ་དུ་མཚོ་ངོས་ཀྱི་རླུང་གི་གནོན་ཤུགས་ཆུངདུ་འགྲོ་བཞིན་ཡོད། སྐབས་དེར་སྐམ་སའི་ངོས་སུ་དགུན་གྱི་གྲང་ངར་གྱིས་བསྐྲུནཔའི་རླུང་གི་གནོན་ཤུགས་ཧ་ཅང་ཆེན་པོ་ཆགས་ཡོད་པ་དེ་རྒྱ་མཚོའི་ཕྱོགས་སུ་ལྡངབར་ཤུགས་ཇེ་དྲག་ཏུ་གཏོང་བ་རེད། སྤྱིར་ན་ཆར་ཞོད་ནི་རྒྱ་མཚོའི་བསེར་བུ་དངཆ་འདྲ་བ་ཡོད་མོད། འོན་ཀྱང་ཆར་ཞོད་ནི་དེ་ལས་ཁྱབ་རྒྱ་ཆེ་བ་དང་། ཤུགསདྲག་པ། རྒྱུན་མཐུད་པ་བཅས་ཡོད་པ་རེད།

ཆར་ཞོད་ཀྱི་ལམ་ལུགས།


ཆར་ཞོད་ཀྱི་ལམ་ལུགས་འདིའི་ཆ་རྒྱུས་ལོན་པ་དང་མཉམ་དུ། སའི་གོ་ལའི་ཐིག་དམར་དང་ཐིག་དམར་ཉེ་འཁྲིས་ཀྱི་ཨེ་ཤི་ཡ་གླིང་ཕྲན་དང་། ཨོས྄་ཊུ་རེ་ལི་ཡཱ། ཨ་ཕི་རི་ཀ། གཞན་ཡང་མཚོ་དང་རྒྱ་མཚོའི་ཉེ་འཁྲིས་སུ་ཡོདཔའི་ས་ཁུལ་ཁག་བཅས་ཀྱི་ལོ་འཁོར་གནམ་གཤིས་ཀྱི་འཁོར་སྐྱོད་དང་འབྲེལ་བའི་བྱ་དངོས་ཡོད་ཚད་ཧ་ལམ་ཚུད་པས་ཆར་ཞོད་ཀྱི་གོ་དོན་ཡང་རྒྱ་སྐྱེད་བྱས་ཡོད། བླ་འོག་བརྗེ་བའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་ས་ཡོམ་སོགས་ཆེས་མང་བ་འབྱུང་ས་ཡང་ས་ཁུལ་འདི་དག་ཡིན་ནོ།།

དེང་སྐབས་དེ་ལས་ཀྱང་ཁྱབ་ཆེ་བའི་སྒོ་ནས་ཤེས་རྟོགས་བྱུང་བ་ལྟར་ན།འདས་པའི་ས་གཤིས་རིག་པའི་དུས་རིམ་ནང་དུ་ཆར་ཞོད་ཀྱི་ལམ་ལུགས་ནི་ཏནཏན་གཅིག་འདུས་ཀྱི་གླིང་ཆེན་པོ་ (Pangaea) ལྟ་བུའི་གྲུབ་ལུགས་དང་དེ་དགགི་ཚ་དྲོད་མི་སྙོམས་པའི་ས་གནས་ཀྱི་གནམ་གཤིས་བཅས་དང་བསྡོངས་ནས་ཡོདཔ་དེ་རེད།

བྱང་ཤར་དགུན་ཁའི་ཆར་ཞོད།


ཨེ་ཤི་ཡ་ལ་མཚོན་ན། བྱང་ཤར་དགུན་ཁའི་ཆར་ཞོད་ནི་སྤྱི་ཟླ་བཅུ་གཉིསཔ་ནས་སྤྱི་ཟླ་གསུམ་པའི་ཟླ་སྟོད་བར་དེར་བྱུང་ཞིང་། སྐབས་དེར་ཨེ་ཤི་ཡ་དཀྱིལ་མའི་ཚ་ཚད་ཆུང་བ་དང་། དེས་རླུང་གི་གནོན་ཤུགས་ཆེན་པོ་བསྐྲུན་གྱིན་ཡོད།ས་ཁུལ་འདི་དག་གི་དྲག་རླུང་རྒྱུན་༡དེ་ལྷོ་ངོས་ཀྱི་ཐིག་དམར་དང་ཉེ་བའི་དྲག་རླུངདང་ས་གཞི་སྣེ་མོའི་དྲག་རླུང་གཉིས་ཀྱི་ཕྱོགས་སུ་ཁ་གྱེས་པ་རེད། ཐིག་དམར་དང་ཉེ་བའི་ས་ཁུལ་གྱི་རླུང་རྒྱུན་དེ་བྱང་ཤར་ཕྱོགས་སུ་ཁ་ཕྱོགས་ནས་ཨེ་ཤི་ཡ་ལྷོ་ངོས་སུ་ལྡང་ཞིང་། དེས་སྐམ་རླུང་སྐྱེད་པ་ལས་སྤྱི་ཟླ་བཅུ་གཅིག་པ་ནས་སྤྱི་ཟླ་གསུམ་པའི་བར་དེར་རྒྱ་གར་གྱི་ནམ་མཁའ་གཡའ་དག་པ་དེ་མངོན་པར་བྱས་པ་རེད།དུས་སྐབས་དེར་ཨོས྄་ཊུ་རེ་ལི་ཡ་བྱང་ཕྱོགས་སུ་རླུང་གི་གནོན་ཤུགས་ཆུངངུར་འགྱུར་བ་དང་། རླུང་གི་ཁ་ཕྱོགས་ཨོས྄་ཊུ་རེ་ལི་ཡ་ཕྱོགས་སུ་བསྒྱུར་བ་རེད།

དེ་ལྟར་བྱང་ཤར་དགུན་ཁའི་ཆར་ཞོད་སྐབས་སུ་ཨོས྄་ཊུ་རེ་ལི་ཡ་དང་ཨེཤི་ཡ་ལྷོ་ཤར་ཕྱོགས་སུ་ཆར་བ་འབབ་ཚད་ཆེ་ཤོས་དེ་བྱུང་བ་ཡིན་ནོ། །

Post a Comment

Previous Post Next Post