འཕྲུལ་རིག་པ་དང་མཁའ་དབྱིངས་རིག་པ་བ།། (Engineer and Cosmonaut)
ཝེ་ལེན་ཊི་ན་ ཊེི་རྰིཤ་ཀོ་ཝ་ནི་ཕྱི་ལོ་ ༡༩༣༧ ལོར་ཨུ་རུ་སུར (USSR) སྐྱེས་པ་དང། ཁོང་གི་ནང་མིའི་གནས་སྟངས་ནི་ཧ་ཅང་དབུལ་བར་གཞུང་ནས་འཚོ་དོད་རག་པ་དེའི་སྟེང་བཟའ་བཅའ་ཉོ་ཆེད་དངུལ་འདང་གི་མེད། ཁོ་མོ་ཆུང་ཆུང་སྐབས་ནས་འགྱིག་འཁོར་བཟོ་གྲྭའི་ནང་ལས་ཀ་བྱེད་མྱོང་བ་དང་རིམ་པས་ཐགས་རས་ཀྱི་བཟོ་གྲྭའི་ནང་མུ་མཐུད་ལས་ཀ་བྱས། ཆུང་དུས་ནས་ཁོང་འཛམ་གླིང་ཡོངས་ལ་འགྲུལ་བཞུད་དང་མྱུལ་ཞིབ་བྱ་རྒྱུའི་རྨི་ལམ་ཡོད།
ཨ་རི་དང་ཨུ་རུ་སུ་གཉིས་དབར་མཁའ་དབྱིངས་ཐོག་འགྲན་འགོ་འཛུགས་པའི་སྐབས་ཨུ་རུ་སུས་གནམ་མཁར་བུད་མེད་གཏོང་མཁན་དང་པོ་དེ་ཆགས་རྒྱུའི་འདུན་པ་ཡོད། སྐབས་དེར་ཝེ་ལེན་ཊི་ན་ཁོང་འབབ་གདུགས་ཀྱི་ཚོགས་པའི་ཚོགས་མི་ཡིན་པ་དང། གནམ་གྲུ་ནས་མཆོང་རྒྱུར་སྤྲོ་བ་ཆེན་པོ་བྱེད་ཀྱི་ཡོད། དེ་མ་ཟད་ཁོང་དམར་ཤོག་ཚོགས་པའི་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་སེམས་ཤུགས་ཆེ་ཤོས་ཡོད་པ་ཞིག་ཀྱང་ཡིན་འདུག། འདིའི་རྒྱུ་མཚན་གྱིས་ཁོང་མཁའ་དབྱིངས་ཕུར་སྐྱོད་པ་ཆགས་རྒྱུར་འོས་འཚམས་མཐོ་ཤོས་ཀྱི་གྲས་སུུ་སླེབས་པ་རེད།
ཝེ་ལེན་ཊི་ན་ཁོང་བུད་མེད་གཞན་བཞི་དང་མཉམ་དུ་འགྲན་རྒྱུར་གདམས་ཐོན་བྱུང་བ་དང་། ལས་འཆར་དེ་ནི་ཧ་ཅང་གསང་བའི་ངང་སྤེལ་བས་ཁོང་གི་ནང་མིས་ཁོང་ལས་འཆར་འདིའི་ནང་མཉམ་ཞུགས་བྱས་ཡོད་པའི་ཤེས་རྟོགས་མེད། མཁའ་དབྱིངས་ཕུར་སྐྱོད་ཀྱི་སྦྱོང་བརྡར་ནི་ལུས་པོར་དཀའ་ཚེགས་ཆེན་པོ་ཡོད་ནའང་ཁོང་གིས་དཀའ་སྤྱད་ཆེན་པོ་གནང་སྟེ་མཁའ་དབྱིངས་སུ་བསྐྱོད་མཁན་བུད་མེད་དང་པོ་དེ་ཆགས་པ་རེད།
ཕྱི་ལོ་ ༡༩༦༣ ལོར་ཝོ་སི་ཊོཀ་༦ (Vostok 6) ཟེར་བའི་འཕུར་མདའི་ནང་ཝེ་ལེན་ཊི་ན་གཅིག་པུར་མཁའ་དབྱིངས་སུ་འགྲུལ་བཞུད་བྱས་པ་དང་། ཁོང་གིས་ས་གཞི་ལ་ཐེངས་ ༤༨ ཙམ་བསྐོར་ཏེ་གནས་ཚུལ་བརྗེད་ཐོར་འགོད་དགོས་པ་ཤིག་གསར་གཏོད་བྱས་ཡོད། དེའི་སྐབས་ཁོང་གིས་ནམ་མཁའི་པར་བླངས་པ་དེ་དག་ཕྱིས་སུ་རླུང་ཁམས་དཔྱད་ཞིབ་ཆེད་བེད་སྤྱོད་ཆེན་པོ་བྱུང་ཡོད།
ཁོང་མཁའ་དབྱིངས་འཁོར་བསྐྱོད་རྗེས་སའི་གོ་ལར་ཕྱིར་ལོག་བྱེད་པའི་སྐབས་བརྡབ་འཁྲུག་དང་མི་བདེ་བ་བྱུང་ཡོད། མཁའ་འགྲུའི་འཕྲུལ་ཆས་འཆར་འགོད་ལ་སྐྱོན་བྱུང་བ་དེར་མོ་རང་རང་གིས་བཟོ་བཅོས་བྱེད་དགོས་པ་བྱུང་ཡོད། ད་དུང་མཁའ་འགྲུའི་ནང་ཁོང་དྲན་མེད་བརྒྱལ་སྟེ་ཡར་སད་སྐབས་སྣར་རྨས་ཡོད་པ་དང་མཐར་གོ་ལའི་ས་ངོས་སུ་མཆོང་སྐབས་མཆོང་གུར་ཏག་ཏག་མི་བསྡད་པའི་རྐྱེན་གྱིས་མགོ་ས་ལ་བཙུགས་སྟེ་བབས་དགོས་བྱུང་འདུག། མཁའ་སྐོར་ལེགས་གྲུབ་ཡོང་རྗེས་ཁོང་གིས་བུད་མེད་ཞེས་པ་ནི་བཟོད་སྲན་ཆེ་ལ་གཟེར་ལྟར་ཡོད་པ་ཡོངས་ཁྱབ་སྟོན་ཐུབ་ཡོད། ཚུར་ལོག་པའི་རྗེས་སུ་བཟོ་སྐྲུན་རིག་གནས་ཀྱི་མཁས་དབང་ལག་འཁྱེར་བཞེས་ཏེ་མཁའ་དབྱིངས་འཕུར་སྐྱོད་ཀྱི་ལས་རིམ་དང་། བར་སྣང་དཔྱད་ཞིབ་ཀྱི་མཁས་པ་མང་པོ་དང་ལྷན་དུ་ཕྱག་ལས་གནང་བཞིན་ཡོད། ཁོང་ཕྱི་ལོ་ ༡༩༦༨ ནས་ཨུ་རུ་སུའི་བུད་མེད་ལྷན་ཚོགས་སུ་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད། ད་ལྟའི་ཆར་ཁོང་ཨུ་རུ་སུའི་ཆབ་སྲིད་དང་འཛམ་གླིང་ཞི་བདེའི་སླད་ཕྱག་ལས་གནང་དང་གནང་མུས་རེད་འདུག།
པདྨ་སྒྲོལ་དཀར།
ཚན་རིག་སྡེ་ཚན།
བོད་ཀྱི་དཔེ་མཛོད་ཁང།
Post a Comment