ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་བསྟི་གནས་ཁང་(Central for Disease Control and prevention)གིས་ཉམས་ཞིབ་བྱས་པ་བརྒྱུད་ཁ་རས་ཉིས་བརྩེགས་བརྒྱབ་ཚེ་ཏོག་དབྱིབས་གཉན་སྲིན་ཕོག་ཚད་བརྒྱ་ཆ་ ༩༥ ཙམ་གྱིས་ཆུང་དུ་འགྲོ་གི་ཡོད་པ་ཤེས་རྟོགས་བྱུང་འདུག



ཐག་མདུད། མཐའ་གནོན།

  • གཤག་བཅོས་ཁ་རས་(དུས་རྒྱུན་ཨེམ་ཆིས་བཤག་བཅོས་སྐབས་གྱོན་པའི་ཁ་རས་)དང་རས་ཀྱི་ཁ་རས་ཉིས་བརྩེགས་བརྒྱབ་སྟེ་གོན་ན་ངོ་གདོང་ལ་རན་ཞིང་རླུང་ཡང་ཕྱི་ལ་མི་འདོན་པའི་ཕན་ནུས་ལྡན། 
  • གོན་སྟངས་ནི། བཤག་བཅོས་ཁ་རས་ཀྱི་ཐག་སྐུད་མདུད་སྒྲིམ་བརྒྱབ་ནས་གོན་པའི་རྗེས་སྣ་ལ་ཐུག་པའི་ཁ་རས་ཀྱི་སྣེ་ནས་གནོན་ཙམ་བྱས་ནས་གོན་དགོས།



གྲངས་ཐོ་གླེང་བ།


  • ནད་ཡམས་ཚོད་འཛིན་དང་སྔོན་འགོག་བསྟི་གནས་ཁང་གི་ཉམས་ཞིབ་མཇུག་འབྲས་ལ་གཞིགས་ན། མདུད་པ་མ་བརྒྱབ་པའི་བཤག་བཅོས་ཁ་རས་ཀྱིས་མི་གཞན་གྱིས་གློ་རྒྱག་པའི་རྡུལ་བརྒྱ་ཆ་ ༥༦.༡ ཙམ་ལས་འགོག་མི་ཐུབ་པ་དང་། དེ་བཞིན་རས་ཆའི་ཁ་རས་ཀྱིས་གློ་རྡུལ་བརྒྱ་ཆ་ ༥༡.༤ ཙམ་ལས་འགོག་མི་ཐུབ།
  • མདུད་པ་བརྒྱབ་ཅིང་སྣ་ཡི་རྩེ་ནས་མནན་པའི་བཤག་བཅོས་ཁ་རས་ཀྱིས་གློ་རྡུལ་བརྒྱ་ཆ་༧༧ འགོག་ཐུབ།
  • འོན་ཀྱང་མདུད་པ་བརྒྱབ་པའི་བཤག་བཅོས་ཁ་རས་དང་རས་ཆའི་ཁ་རས་གཉིས་ཉིས་བརྩེགས་བརྒྱབ་ཚེ་གློ་རྡུལ་བརྒྱ་ཆ་༨༥.༤ འགོག་ཐུབ་པའི་ནུས་པ་ཡོད།



   དོ་སྣང་བྱ་དགོས་པ།



  • ཁ་རས་ཉིས་བརྩེགས་གོན་རྗེས་དབུགས་འབྱིན་རྔུབ་ལ་དཀའ་ངལ་མེད་པ་དགོས།
  • ཁ་རས་ཉིས་བརྩེགས་གོན་ཀྱང་གཞན་ལ་སྐད་ཆ་ཚེགས་མེད་དུ་ཤོད་ཐུབ་པ་དགོས།
  • ཁ་རས་བདེ་པོ་ཡོད་མེད་བལྟ་ཚོད་ཆེད་ཕྱི་ལ་མ་འདོན་གོང་ནང་དུ་ཁ་རས་གོན་ནས་སྐར་མ་ཁ་ཤས་རིང་དུ་ཡར་འགྲོ་མར་འགྲོ་བྱས་ནས་ཏག་ཏག་རན་མིན་དང་བདེ་ལོས་ཡོད་མེད་བལྟ་དགོས།




བྱེད་མི་རུང་བ།

  • བཤག་བཅོས་ཁ་རས་ཉིས་བརྩེགས་བརྒྱབ་ན་མི་འཐད།
  • དུག་སེལ་གྱི་རྫས་རིགས་ཁ་རས་ལ་གཏོར་མི་ཉེན།
  • ཁ་རས་བཙོག་པ་དང་འཕྲོ་བརླག་ཕྱིན་པ་སོགས་གོན་མི་རུང་།



ཁ་རས་ཏག་ཏག་གོན་མེད་བརྟག་ཐབས།


  • དབུགས་རྔུབ་པ་དང་དུ་ཁ་རས་ཀྱང་དབུགས་ཀྱིས་ཡར་འཐེན་ཐུབ་པ་དགོས།
  • དབུགས་གཏོང་ལེན་བྱེད་སྐབས་མིག་ཤེལ་རླངས་པས་མི་གསལ་བར་གྱུར་ན། ཁ་རས་ནས་དབུགས་ཕྱི་ལ་འཆོར་གྱི་ཡོད་པའི་རྟགས་རེད།
  • ཤེལ་སྒོའི་མདུན་དུ་ལངས་ནས་དབུགས་ཤུགས་ཆེན་པོ་གཏོང་ལེན་བྱོས་དང་། གལ་ཏེ་མིག་བཙུམ་རྒྱག་ཤོར་ན་ཁ་རས་ནང་གི་རླུང་ཕྱི་ལ་ཤོར་ནས་མིག་ལྕིབས་ལ་ཕོག་པ་སྟོན་གྱི་ཡོད།



TEXT and ILLUSTRATION SOURCE: Indian Express 



ཚེ་དབང་རིག་འཛིན།

བོད་ཀྱི་དཔེ་མཛོད་ཁང།

ཚན་རིག་སྡེ་ཚན།

Post a Comment

Previous Post Next Post