མིག་གཉིས་ཀྱིས་ལྟ་བ།

དགོས་ངེས་རྒྱུ་ཆ། 

  • མི་ཊར་གཅིག་བྱས་པའི་སྐུད་པ་དཀར་པོ་ཞིག 

ལག་བསྟར་དང་དོ་སྣང་བྱ་རྒྱུ། 

  1. ཁྱེད་ཀྱིས་སྣའི་འོག་ཏུ་སྐུད་པའི་སྣེ་གཅིག་འཇུ་དགོས། 
  2. ཁྱེད་ཀྱི་དཔུང་པའི་རིང་ཚད་ཙམ་སྐུད་པ་དེ་ཁྱེད་ཀྱིས་མདུན་དུ་འཐེན། 
  3. སྐུད་པ་དེར་ལྟོས། ཁྱེད་ཀྱིས་ག་རེ་མཐོང་གི་འདུག་གམ། མི་ཁ་ཤས་སྐུད་པ་གཉིས་སྣོལ་བས་ X མཐོང་བ་དང། གཞན་རྣམས་ཀྱིས་སྐུད་པ་གཉིས་ཀྱིས་དབྱིབས་ V བཟོ་བར། ཁ་ཤས་ཐད་གཤིབ་སྐུད་པ་མཐོང་། 
  4. གང་ཙམ་གྱི་ཉེ་བར་ལྟ་ཐུབ་པར་བྱེད། དེ་ནས་རྒྱང་རིང་པོར་ལྟོས། 
  5. ཁྱེད་ཀྱིས་ཉེ་པོར་ལྟ་སྐབས་སྐུད་པ་དེ་ཁྱེད་ཀྱི་གདོང་ངོས་སུ་སྐུད་པ་གཉིས་སྣོལ་བར་ X ལྟ་བུ་མཐོང། ཁྱེད་ཀྱིས་རྒྱང་རིང་པོར་ལྟ་སྐབས་སྣོལ་མཚམས་དེ་འགྱངས་སར་མཐོང་བ་མ་ཟད་མཐའ་མར་ V མཐོང་བའམ་སྐུད་པ་གཉིས་ཕལ་ཆེར་ཐད་གཤིབ་ཡོད་པ་ལྟ་བུ་མཐོང་། 
  6. ཁྱེད་ཀྱིས་མིག་གཡོན་པ་བཙུམ་ནས་མིག་གཡས་པས་སྐུད་པ་དེར་ལྟོས། ཁྱེད་ཀྱིས་མིག་གཡས་པ་བཙུམ་ནས་མིག་གཡས་པ་གདང་། 
  7. མིག་གཡས་གཡོན་གཉིས་༼མིག་བཙུམ་པའམ་གདང་བ༽ཕན་ཚུན་བརྗེ་ལེན་མྱུར་པོར་བྱེད་དགོས། མིག་རེ་རེས་སྐུད་པ་དེ་གནས་མི་འདྲ་བར་མཐོང་གིིས་ཡོད། 

གང་འབྱུང་གི་འདུག་གམ། 

མིག་གཉིས་ཀྱིས་ལྟ་སྐབས་ཁྱེད་ཀྱིས་སྐུད་པ་གཉིས་མཐོང། གང་ཡིན་ཟེར་ན་སྐུད་པ་དེ་ཁྱེད་ཀྱིས་མིག་དང་ཧ་ཅང་ཉེ་པོ་ཡོད་པར་ཁྱེད་ཀྱི་ཀླད་པས་སྣང་བརྙན་དེ་ཚོ་ཕྱོགས་ཆ་གསུམ་ལྡན་གྱི་ཚོར་སྣང་གཅིག་ཏུ་འདུས་ཐུབ་ཀྱི་མེད། ཁྱེད་ཀྱི་གདོང་དང་ཉེ་བར་ཡོད་སྐབས་ཁྱེད་ཀྱི་མིག་རེ་རེས་སྐུད་པའི་ཕྱོགས་སུ་ལྟ་ཡི་ཡོད་པར་བརྟེན་ཁྱེད་ཀྱིས་ X མཐོང། ཁྱེད་ཀྱི་མིག་ནས་རྒྱང་རིང་བར་ལྟ་སྐབས་ཁྱེད་ཀྱི་མིག་གཉིས་པོ་ཕན་ཚུན་ཐད་གཤིབ་ཡོད། མཐོང་བའི་ X དེའི་སྣོལ་མཚམས་ཀྱང་རྒྱང་རིང་བར་མཐོང་གི་ཡོད།

Post a Comment

Previous Post Next Post