ཚོགས་འདུའི་སྤྱི་བཤད།

ཕྱི་ལོ་ ༢༠༠༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་ཚན་རིག་སློབ་སྦྱོང་བྱ་དགོས་པ་དང་། མཐར་ཚན་རིག་དང་ནང་ཆོས་ཀྱི་ཁ་ཕྱོགས་སུ་དོན་གཉེར་གསར་པ་ཞིག་བསྐྱེད་ཕྱིར་ཚན་རིག་སྦྱོང་བརྡར་སྣེ་ཁྲིད་དགོས་པའི་སྐོར་གྱི་འཆར་སྣང་དང་ལམ་སྟོན་བཀའ་སློབ་ཕེབས་ཡོད། ཚན་རིག་པ་དང་བགྲོ་གླེང་གནང་རྒྱུའི་༸གོང་ས་མཆོག་གི་རིང་ནས་སྙིང་དུ་བརྣགས་པའི་ཐུགས་དགོངས་གཞིར་བཟུང་སྟེ། ཉིན་གསུམ་རིང་གི་ཚོགས་འདུའི་དགོས་དམིགས་ཀྱང་སེམས་དོན་རིག་པ་དང་ཚན་རིག་གི་དཔྱད་ཞིབ་ནང་ཕན་ཚུན་བློ་སྐྱེད་གོང་འཕེལ་གཏོང་རྒྱུ་དེ་ཡིན། ཚོགས་འདུའི་སྐབས་ནང་པའི་མཁས་པ་དང་། ནུབ་ཕྱོགས་དང་རྒྱ་གར་གྱི་ཚན་རིག་པ། ཤེས་ཡོན་པ་བཅས་ལྷན་འཛོམས་གནང་བའི་སྒོ་ནས་ང་ཚོའི་ཐུན་མོང་དང་གཞི་མཐུན་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་དང་། ཚོགས་འདུ་འདི་ནས་སེམས་དོན་གྱི་རིན་ཐང་དང་ཚིག་རིག་གི་དཔྱད་ཞིབ་ནང་བློ་སྐྱེད་གོང་འཕེལ་གཏོང་རྒྱུ་ཡིན།

ཚོགས་འདུའི་བརྗོད་གཞི་ཁག་གཤམ་གསལ།

༡) ང་ཚོས་ཤེས་བྱ་ཇི་ལྟར་ཤེས་རྟོགས་ཐུབ་བམ། ཚན་རིག་དང་ནང་པའི་བསམ་སྒོམ་ལམ་ལུགས་ནས་རང་བྱུང་གི་འཇིག་རྟེན་ལ་ངོས་འཛིན་དང་ཤེས་རྟོགས་ཇི་ལྟར་བྱེད་དམ། དེའི་ཤེས་རྟོགས་ནང་ཕྱོགས་གཉིས་པོའི་ནུས་སྟོབས་དང་བཅད་མཚམས་གང་ཡོད་དམ། ལམ་ལུགས་གཉིས་པོའི་དབར་གྱི་ཤེས་བྱ་དང་དེའི་རིགས་ལམ་གྱི་གནས་བབས་་གང་ཡིན་ནམ། ང་ཚོས་དངོས་ཡོད་དང་དངོས་མིན་དབར་ལ་དབྱེ་འབྱེད་ཇི་ལྟར་བྱེད་དམ།

༢) ང་ཚོའི་ཤེས་རྟོགས་ལ་རྒྱ་སྐྱེད་ཇི་ལྟར་བྱེད་དམ། ཡུལ་རྟོགས་ཚན་རིག་དང་དབང་རྩ་ཚན་རིག་གི་གོ་རྟོགས་ནས་ནང་ཆོས་དང་བསམ་སྒོམ་གྱི་ལམ་ལུགས་གཞན་གྱི་གོ་རྟོགས་ལ་སྦྲེལ་སྦྱོར་ཇི་ལྟར་བྱེད་དམ། ཐབས་ལམ་གང་གི་ཐོག་ནས་ང་ཚོའི་ཤེས་ཚོར་ལ་རྒྱ་སྐྱེད་གཏོང་ཐུབ་བམ། ཚན་རྩལ་གསར་པས་སྦྲེལ་སྦྱོར་བྱེད་པའི་ཀླད་པའི་ཐོག་ང་ཚོའི་སེམས་དེ་རྒྱ་སྐྱེད་ཇི་ལྟར་ཐུབ་བམ། ཚན་རྩལ་འདི་དག་བརྒྱུད་ནས་ང་ཚོའི་སེམས་རྒྱ་སྐྱེད་བྱེད་པར་བཅད་མཚམས་གང་དག་ཡོད་དམ།

༣) ང་ཚོས་ལག་བསྟར་ཇི་ལྟར་བྱེད་ལམ། ང་ཚོས་རྙོག་འཛིང་ཆེ་བའི་ཀུན་སྤྱོད་དང་བཟང་སྤྱོད་ཀྱི་གནད་དོན་ལ་བཀོད་འདོམས་ཇི་ལྟར་བྱེད་དམ། ང་ཚོས་ཅི་ཞིག་བཟང་སྤྱོད་ཡིན་དང་མིན་གྱི་ཐག་གཅོད་ཇི་ལྟར་བྱེད་དམ། ཤེས་བྱ་དང་ལག་བསྟར་བར་གྱི་མཐུད་སྦྱོར་དེ་གང་ཡིན་ནམ། ཚད་མཐོ་བའི་ཤེས་བྱས་ཀུན་སྤྱོད་ཀྱི་གཤིས་ཀ་གོང་མཐོར་གཏོང་གི་ཡོད་དམ། ཤེས་བྱ་དང་བདེ་སྐྱིད་གཉིས་ཀ་སྟེར་བའི་མིའི་རིགས་ལ་ཞབས་འདེགས་ལེགས་པར་བསྐྲུན་སླད་བསམ་སྒོམ་གྱི་ལམ་ལུགས་ཁག་དང་ཚན་རིག་ནས་མཉམ་ལས་ཇི་ལྟར་ཐུབ་བམ།
ཚོགས་འདུའི་སྐོར།

ཨ་རིའི་སན་ཕཱ་རན་སེ་ཁོའི་ནང་རྟེན་གཞི་བྱས་པའི་གཤམ་མཛོད་ཁང་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་གོ་སྒྲིག་འོག་ཊེམ་པར་ཊོན་ཐེབས་རྩ་དང་ད་བར་རོགས་རམ་གནང་དང་མུས་ཡིན་པའི་སེ་གྷར་ཁྱིམ་ཚང་གཉིས་ནས་མཐུན་འགྱུར་རོགས་རམ་གནང་བ་ལ་བརྟེན་ནས་ཚོགས་འདུ་འདི་བཞིན་གོ་སྒྲིག་མངོན་འགྱུར་ཐུབ་པ་བྱུང་ཡོད།

ཉིན་དང་པོ། ང་ཚོས་ཇི་ལྟར་ཤེས་རྟོགས་བྱེད་དམ།

གཟའ་པ་སངས། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ ཉིན།
ཚོགས་དུས་དང་པོ། སྔ་དྲོའི་ཕྱག་ཚོད། ༩།༠༠ ནས་ ༡༠།༣༠
དབུ་འབྱེད་ཞལ་འདོན་རྟ་དབྱངས།
ཕེབས་བསུ་དང་ངོ་སྤྲོད་གསུང་བཤད།
དགེ་བཤེས་ལྷག་རྡོར་ལགས་དང་ཌོག་ཊར་སྦེ་རེ་སེ་ཨིའི་ཇཱོན་སོན།

སྔ་དྲོའི་ཕྱག་ཚོད་ ༩།༤༥ ནས་ ༡༠།༣༠
བརྗོད་གཞི། ནང་པའི་ཚན་རིག་གི་རྣམ་གཞག་སྐབས་བཤད་པའི་ཤེས་པ་ཡུལ་ལ་འཇུག་ཚུལ།
དགེ་བཤེས་བསྟན་པ་འཕགས་མཆོག
འབྲས་སྤུངས་སྒོ་མང་།བརྗོད་དོན་སྙིང་པོ།
དགེ་བཤེས་བསྟན་པ་འཕགས་མཆོག་ལགས་ནས་ནང་དོན་རིག་པ་ལས་གསུངས་པའི་ཤེས་པ་ཡུལ་ལ་འཇུག་ཚུལ་གྱི་རྣམ་གཞག་ནི་ཆེས་གཏིང་ཟབ་ཅིང་རྒྱ་ཆེ་བས་འདིར་ཡོད་ཚད་བརྗོད་པར་མི་ནུས་ཀྱང་། ཚད་མ་རིག་པའི་སློབ་དཔོན་ཕྱོགས་གླང་ཆོས་གྲགས་སོགས་དང་བོད་ཀྱི་ཚད་མ་པ་སློབ་དཔོན་ཆ་བ་ཆོས་ཀྱི་སེང་གེ་སོགས་ཀྱིས་མངོན་སུམ་རྗེས་དཔག་སོགས་བློ་ཡང་དག་པ་དང་ལོག་ཤེས་སོགས་ཡང་དག་པ་མ་ཡིན་པའི་བློའ ་ི རྣམ་གཞག་ཕྱེ་ནས་ཤེས་པ་ཡུལ་ལ་འཇུག་ཚུལ་གསུངས་འདུག་པ་ལྟར། བློ་རིག་བདུན་གྱི་སྒོ་ནས་ཡུལ་ལ་འཇུག་ཚུལ་མདོ་ཙམ་ཞུས་ན། གཞུང་ལུགས་ལས་ཇི་སྐད་གསུངས་པ་བཞིན་ལག་ལེན་མྱོང་བའི་ར་སྤྲོད་བྱེད་བདེ་བ་མ་ཟད། ཤེས་པ་ཡུལ་ལ་འཇུག་པའི་རྣམ་གྲངས་དང་དེ་དག་གི་བྱེད་ལས། ཚད་མ་དང་ཚད་མིན་གྱི་དབྱེ་མཚམས་ལས་འཕྲོས་པའི་ཚད་མ་ཚད་མར་ཤེས་པའི་ཐབས་ཕལ་ཆེར་འདུས་པས་གོ་སྟོབས་དང་གནད་དུ་ཕིགས་པའི་དགེ་མཚན་ཆེ་བར་མཐོང་།

སྤྱིར་བློ་གང་ཞིག་ཡུལ་ལ་འཇུག་སྐབས་གོ་རིམ་ངེས་ཅན་ཞིག་ཡོདཔའི་ནང་ནས་ལོག་ཤེས་ནས་མགོ་བཙུགས་ཏེ་མངོན་སུམ་བར་འཇུག་པའི་རིམ་པ་འདི་བློ་ཡུལ་ལ་འཇུག་ཚུལ་ཐག་རིང་ཤོས་དེ་ཡིན། ལོག་ཤེས་ནས་མགོ་འཛུགས་དགོས་པའི་ངེས་པ་མེད། སྐབས་རེ་ཐེ་ཚོམ་ནས་འཇུག་པ་ཡོད་ལ། ཡིད་དཔྱོད་དང་རྗེས་དཔག་ནས་འཇུག་པའང་ཡོད་པ་མ་ཟད། ཐད་ཀར་མངོན་སུམ་ནས་འཇུག་པ་ཡང་ཡོང་་གི་ཡོད་པ་ང་ཚོས་མྱོང་བས་གྲུབ། འོན་ཀྱང་འདིར་ཐོག་མར་མི་ཕལ་པའི་བློ་བྱེ་བྲག་པ་གཅིག་ལོག་ཤེས་ནས་མངོན་སུམ་བར་རིམ་གྱིས་ཡུལ་ལའཇུག་ཚུལ་་མདོ་ཙམ་ཞུ་ན། དེ་ཡང་ཡུལ་གྱི་གནས་ལུགས་ལ་རྨོངས་པའི་མི་ཤེས་པའི་དབང་གིས་ཡུལ་དེར་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ལོག་ཤེས་འབྱུང་ཞིང་། རྒྱུ་མཚན་ལ་བརྟེན་ནས་བསམ་བློ་ཞིབ་ཏུ་བཏང་བས་རིམ་བཞིན་ཐེ་ཚོམ་དང་ཡིད་དཔྱོད་རྗེས་དཔག་རྣམས་སྐྱེ་ཞིང་། རྗེས་དཔག་གི་རྒྱུན་ཡང་ཡང་གོམས་པས་བཅད་ཤེས་དང་མངོན་སུམ་རིམ་གྱིས་འབྱུང་བའི་གོ་རིམ་ཞིག་ཡོད་ལ། རིམ་པ་འདི་ནི་ཚན་རིག་པ་ཚོས་ཆོས་གང་དང་གང་ཡིན་རུང་ཆོས་དེའི་གནས་ལུགས་ཇི་བཞིན་མ་ཤེས་པ་ཞིག་གི་ཐོག་ནས་ཆོས་དེའི་གནས་ལུགས་ཤེས་ཐབས་བྱེད་པ་དང་ཕལ་ཆེར་འདྲ་བོ་ཡོད། འདི་ལྟར་རིམ་གྱིས་འཇུག་ཚུལ་བཤད་པའི་ཤུགས་ལ་བློ་དེ་དག་ཚད་མ་དང་ཚད་མིན་གང་ཡིན་གྱི་དབྱེ་མཚམས་ཡང་གསལ་རྟོགས་ཐུབ། ཤེས་པ་དེ་དག་ཐམས་ཅད་དབང་ཤེས་དང་ཡིད་ཤེས་གཉིས་སུ་འདུ་ཞིང་། དེ་གཉིས་ཀྱིས་ཡུལ་རྟོགས་ཚུལ་གྱི་ཁྱད་པར་མི་འདྲ་བ་ཡོད་དེ། དབང་ཤེས་རྣམས་ཀྱིས་ཡུལ་རྟོགས་པ་ལ་དམིགས་བསལ་གྱི་ཁྱད་ཆོས་གསུམ་ཚང་དགོས་པ་ཡིན། ཡང་ཤེས་པ་ཡུལ་ལ་འཇུག་ཚུལ་རིམ་པ་མི་འདྲ་བ་གཉིས་ཡོད་པ་ནི། སེལ་བ་དང་སྒྲུབ་པའི་སྒོ་ནས་ཡུལ་ལ་འཇུག་ཚུལ་དེ་ཡིན་ལ། རྟོག་མེད་ཀྱི་ཤེས་པ་རྣམས་ཡུལ་ལ་འཇུག་པའི་ཚེ་ཡུལ་དེ་ཐད་ཀར་རྗེན་ཆར་དུ་རིག་ཐུབ་ཀྱི་ཡོད། དེ་ལ་སྒྲུབ་པའི་སྒོ་ནས་འཇུག་པ་ཞེས་བརྗོད། རྟོག་པ་རྣམས་རང་ཉིད་གང་ལ་འཇུག་པའི་ཚེ་ཡུལ་དེ་ཐད་ཀར་རྗེན་འཆར་དུ་འཆར་མི་ཐུབ་པར་ཤེས་པ་རང་ཉིད་ཀྱིས་རང་ཉིད་གང་ལ་འཇུག་པའི་ཡུལ་དེ་དང་ཆ་འདྲ་བའི་སྣང་ཆ་ཞིག་འཕྲལ་དུ་ཕར་བློས་སྤྲོས་ཏེ་སྣང་ཆ་དེ་གཟུང་ཡུལ་དུ་བྱེད་པའི་སྒོ་ནས་ཡུལ་དེ་ལ་འཇུག་གི་ཡོད། དེ་ལ་སེལ་བས་སྒོ་ནས་འཇུག་པ་ཞེས་བརྗོད་ཀྱི་ཡོད། རྟོག་པ་བཞིན་དུ་བརྗོད་བྱེད་ཀྱི་སྒྲ་རྣམས་ཀྱང་རང་ཡུལ་ལ་སེལ་བའི་སྒོ་ནས་འཇུག་པ་ཡིན།
(གཏམ་བཤད་སྐར་མ་ ༣༥ དང་དྲི་བ་དྲིས་ལན་ལ་སྐར་མ་༡༠)

གསོལ་ཇའི་བར་གསེང། ༡༠།༣༠ ནས་ ༡༡།༠༠
ཚོགས་དུས་གཉིས་པ། ཕྱག་ཚོད་ ༡༡།༠༠ ནས་ སྔ་དྲོའ་ིཕྱག་ཚོད་ ༡༡།༠༠ ནས་ ༡༡།༤༥ ཕྱག་ཚོད་ ༡༢།༣༠
བརྗོད་གཞི།ཞ ང་ཚོས་ག་རེ་ཤེས་པ་དེ་ཇི་ལྟར་ཤེས་སམ། 
སློབ་དཔོན་ཁི་རི་སི་ཨེམ་པི་ལགས།
ཨ་རི་ཛོ་ན་གཙུག་ལག་སློབ་གཉེར་ཁང་གི་སྐར་དཔྱད་སྡེ་ཚན་གྱི་སློབ་དཔོན་ཆེན་མོ།
བརྗོད་དོན་སྙིང་པོ།
ཚན་རིག་ནི་རང་བྱུང་གི་འཇིག་རྟེན་ཤེས་རྟོགས་ཕྱིར་འགྲན་དུ་མེད་པའི་ཐབས་ལམ་ཞིག་དང་། མི་ལོ་༢༥༠༠ ཡར་སྔོན་དུ་དེའི་འབྱུང་ཁུངས་ཏེ་ཨང་རྩིས་དང་ལྟ་གྲུབ་དར་བ་ནས་བཟུང་།  བེམ་རྫས་ཕྲ་མོའི་བཀོད་པ་དང་། འཇིག་རྟེན་ཁམས་ཀྱི་འབྱུང་ཁུངས་དང་འཕེལ་འགྱུར། སྐྱེ་དངོས་སྲོག་ཆགས་ཀྱི་གཟུགས་དང་བྱེད་ལས་ཀྱི་འགྲོ་ལུགས་ཇི་ཡིན་སོགས་ནུས་སྟོབས་ཆེ་བའི་རྣམ་གཞག་ཁག་གི་དོན་རྟོགས་ཕྱིར་ཚན་རིག་ལ་ཡར་རྒྱས་ཕྱིན་ཡོད། རྣམ་གཞག་འདི་དག་གི་བཀོལ་སྤྱོད་ལས་དེང་རབས་ཚན་རྩལ་འགོ་ཚུགས་པ་དང་། དེས་འགྲོ་བ་མི་རྣམས་དབུལ་འཕོང་དང་འཐབ་རྒོལ་བྱེད་པའི་ནད་རིགས་ལས་འགྲོལ་བའི་ནང་གོམ་སྟབས་ཆེན་པོ་ཞིག་བླངས་ཡོད། གྲུབ་འབྲས་འདི་ཀུན་གྱི་ཐོག་ཚན་རིག་ནང་ཆོས་འགའ་ཞིག་རྣམ་གཞག་ཐོག་དོན་རྟོགས་མི་ཐུབ་པ་དང་། གཞན་འགའ་ལག་ལེན་ཐོག་ནས་ཤེས་རྟོགས་མི་ཐུབ་པའི་བཅད་མཚམས་ཡོད་སྲིད། གཏམ་བཤད་འདི་ནས་ཚན་རིག་གི་ནུས་སྟོབས་དང་བཅད་མཚམས་སྐོར་ལ་བཤད་རྒྱུ་དང་། ཤེས་བྱའི་བཅད་མཚམས་དེ་གང་དུ་གནས་པའི་ཚོར་བ་ཞིག་སྟེར་རྒྱུ་ཡིན།
(གཏམ་བཤད་སྐར་མ་ ༣༥ དང་དྲི་བ་དྲིས་ལན་ལ་སྐར་མ་༡༠)

སྔ་དྲོའ་ིཕྱག་ཚོད་ ༡༡།༤༥ ནས་ ཕྱི་དྲོའ་ིཕྱག་ཚོད་ ༡༢།༣༠
བརྗོད་གཞི། བོད་ཀྱི་གསོ་བ་རིག་པ་ཤེས་རྟོགས།
སྨན་པ་བསོད་ནམས་སྒྲོལ་མ།
བོད་ཀྱི་གསོ་རིག་སྨན་པ། དབུས་སྨན་རྩིས་ཁང་།བརྗོད་དོན་སྙིང་པོ།
སྨན་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནས་ང་ཚོས་ཇི་ལྟར་ཤེས་རྟོགས་ཐུབ་པ་དང་། བོད་ལུགས་གསོ་རིག་ནས་ནད་པའི་ནད་གཞི་ངོས་འཛིན་དང་ནད་རྟགས་ཆོད་པར་ཡོ་ཆས་གང་བཀོལ་སྤྱོད་བྱེད་པ། གསོ་རིག་དེ་ནུབ་ཕྱོགས་པའི་སྨན་བཅོས་ཐབས་ལམ་དང་ཇི་ལྟར་དབྱེ་བསྡུར་བྱེད་པ། བོད་ཀྱི་གསོ་བ་རིག་པའི་ཕན་ནུས་ཀྱི་ལེགས་ཆ་གང་དང་གང་ཡིན་པ། (གནད་དོན་ཅི་ཞིག་གི་ནང་བོད་སྨན་དེ་ཕན་ནུས་ཐོན་ཤོས་ཡིན་པ་དང་། ) བོད་སྨན་གྱི་བཅད་མཚམས་གང་ཡིན་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་རྒྱུ།
(གཏམ་བཤད་སྐར་མ་ ༣༥ དང་དྲི་བ་དྲིས་ལན་ལ་སྐར་མ་༡༠)
༢།༤༥ ནས་ ༣།༠༠
ང་ཚོས་ཤེས་རྟོགས་ཇི་ལྟར་བྱེད་ཚུལ་ཐོག་བཞུགས་མོལ་བཀའ་བསྡུར།
ང་ཚོས་ཤེས་བྱ་ཇི་ལྟར་ཤེས་རྟོགས་ཐུབ་བམ། ཚན་རིག་དང་ནང་པའི་བསམ་སྒོམ་ལམ་ལུགས་ནས་རང་བྱུང་གི་འཇིག་རྟེན་ལ་ངོས་འཛིན་དང་ཤེས་རྟོགས་ཇི་ལྟར་བྱེད་དམ། དེའི་ཤེས་རྟོགས་ནང་ཕྱོགས་གཉིས་པོའི་ལེགས་ཆ་དང་བཅད་མཚམས་གང་དག་ཡོད་དམ། ལམ་ལུགས་གཉིས་པོའི་དབར་གྱི་ཤེས་བྱ་དང་དེའི་རིགས་ལམ་གྱི་གནས་བབས་གང་ཡིན་ནམ། ང་ཚོས་དངོས་ཡོད་དང་དངོས་མིན་དབར་ལ་དབྱེ་འབྱེད་ཇི་ལྟར་བྱེད་དམ།
བཞུགས་མོལ་བཀའ་བསྡུར་གནང་མཁན། མཁན་པོ་རང་གྲོལ། སློབ་དཔོན་ཁི་རི་སི་ཨེམ་པི། སྨན་པ་བསོད་ནམས་སྒྲོལ་མ། ཌོག་ཊར་ར་ཇེ་ཤི་ཀ་སུ་ཏུ་རི་རན་གན།
ཚོགས་འདུའི་སྟངས་འཛིན་པ། ཌོག་ཊར་ཨེ་རིག་ཅེ་ཌི་ལར།
བགྲོ་གླེང་དུས་ཡུན་སྐར་མ་ ༤༥
གསོལ་ཇའི་བར་གསེང་། ཕྱག་ཚོད་ ༣།༣༠ ནས་ ༤།༠༠
ཚོགས་དུས་བཞི་པ། ཕྱག་ཚོད་ ༤།༠༠ ནས་ ༥།༠༠
བཞུགས་མོལ་བཀའ་བསྡུར། ང་ཚོས་ཤེས་རྟོགས་ཇི་ལྟར་བྱེད་ཚུལ་ཐོག་མུ་མཐུད་བཀའ་བསྡུར་གནང་རྒྱུ།
བཞུགས་མོལ་བཀའ་བསྡུར་གནང་མཁན། དགེ་བཤེས་བསྟན་པ་འཕགས་མཆོག ཌོག་ཊར་ཁི་རི་སི་ཨེམ་པི། སྨན་པ་བསོད་ནམས་སྒྲོལ་མ། ཌོག་ཊར་ར་ཇེ་ཤི་ཀ་སུ་ཏུ་རི་རན་གན།
ཚོགས་འདུའི་སྟངས་འཛིན་པ། ཌོག་ཊར་ཨེ་རིག་ཅེ་ཌི་ལར།
བགྲོ་གླེང་དུས་ཡུན་སྐར་མ་ ༦༠ 

ཉིན་གཉིས་པ། ང་ཚོའི་ཤེས་རྟོགས་ལ་རྒྱ་སྐྱེད་ཇི་ལྟར་བྱེད་དམ།
གཟའ་སྤེན་པ། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༦
སྔ་དྲོའི་ཕྱག་ཚོད་ ༩།༠༠ ནས་ ༩།༤༥
ཚོགས་དུས་དང་པོ། སྔ་དྲོའི་ཕྱག་ཚོད། ༩།༠༠ ནས་ ༡༠།༣༠
 ཆོས་ཚན་དོན་གཉེར་བ། དུས་རབས་ཉེར་གཅིག་པའི་ནང་བསམ་སྒོམ་དང་ཚན་རིག
ཌོག་ཊར་ར་ཇེ་ཤི་ཀ་སུ་ཏུ་རི་རན་གན།
རྒྱ་གར་ཚན་རིག་བསྟི་གནས་ཁང་གི་སློབ་དཔོན།
བརྗོད་དོན་སྙིང་པོ།
ཚན་རིག་དང་བསམ་སྒོམ་ལམ་ལུགས་བར་གྱི་བགྲོ་གླེང་ཕལ་ཆེ་བའི་ནང་ཚན་རིག་ནི་དེང་རབས་དང་བསམ་སྒོམ་ནི་གནའ་རབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ངའི་གཏམ་བཤད་ནང་དེ་གཉིས་བར་གྱི་འབྲེལ་བ་ལྡོག་སྟེ་བཤད་རྒྱུ་དང་། དེ་ནི་དུས་རབས་ཉེར་གཅིག་པའི་ནང་གཙོ་ཆེའི་ཡར་རྒྱས་ཁ་ཤས་དང་འཕྲད་དུས་བསམ་སྒོམ་གྱི་ལམ་ལུགས་ཁག་ནི་འབྱུང་འགྱུར་དང་། ཚན་རིག་གི་རྩད་ཞིབ་ནི་འདས་པའི་དུས་ཚོད་ནང་ད་དུང་འགག་ནས་ཡོད་ཅིང་། ཡར་རྒྱས་མང་པོ་ཞིག་ནི་བྱེད་ལས་འདི་ངོས་འཛིན་མགོ་ལྡོག་བྱེད་པའི་ཐོག་ནས་མངོན་འགྱུར་ཡོང་བ་རེད།
ངས་གོང་གི་དུམ་མཚམས་ཀྱི་ཡིག་ཕྲེང་མཐའ་མའི་ནང་བཤད་པའི་སེམས་ངར་སློང་གཞིའི་བརྗོད་པ་དེའི་དོན་གང་ཡིན་ནམ། འདས་པའི་ལོ་བརྒྱ་ཕྲག་བཞི་ཙམ་རིང་གི་དུས་ཚོད་ཕལ་ཆེ་བའི་རིང་ཚན་རིག་གིས་ཡུལ་ཅན་གྱི་རང་བཞིན་དང་། ཤེས་པ། ངོ་བོ་སོགས་ཀྱི་རིག་པ་ཁས་ལེན་མ་བྱས་པར། དེའི་ཚབ་ཏུ་ཡུལ་གྱི་རྩད་ཞིབ་དེ་གང་ཟག་གསུམ་པ་ཞིག་གི་ཐོག་ལ་དམིགས་ཡོད། ཡུལ་གྱི་ཐབས་ལམ་དེར་བསྔགས་འོས་ཀྱི་སྒོ་ནས་གྲུབ་འབྲས་ཆེན་པོ་སོན་ཡོད་ཀྱང་། ད་ཆ་དེའི་བཅད་མཚམས་ལ་ཐུག་ཡོང་གི་ཡོད། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་གདོང་ལེན་ཆེན་པོ་ཁག་ནི། དཔེར་ན་ཀླད་པའི་སློབ་སྦྱོང་སྟེ། གཙོ་བོར་ཡུལ་ཅན་རང་བཞིན་ལ་སྦྱོར་དགོས་པའམ། ཡང་ན། གནམ་གཤིས་འགྱུར་ལྡོག་སྟེ། རང་བྱུང་ཁམས་སུ་མིའི་ཤུགས་རྐྱེན་ཇི་ཡོད་ལ་སྦྱོར་དགོས། རྣམ་གྲངས་མང་པོའི་ཐོག་ཚན་རིག་ཡར་རྒྱས་ཕྱིན་ཡོད་དེ། ཀླད་རྩའི་བཟོ་རིག་དང་བཅོས་སྦྱོར་སྐྱེས་དངོས་རིག་པས་ཀྱང་ང་ཚོ་སུ་ཡིན་ཐོག་ང་ཚོས་གང་ཤེས་པ་ལས་ལྷག་པའི་ཤུགས་ཆེའི་འགྱུར་བ་ཁས་ལེན་བྱེད་ཀྱི་ཡོད། ཚན་རིག་ཚང་མའི་ནང་གང་ཟག་གསུམ་པ་ཞིག་གི་རྩད་ཞིབ་ལ་དམིགས་པའི་རྒྱུ་མཚན་ལ་བརྟེན། ཁོང་ཚོས་རང་ཉིད་འགྱུར་བ་གཏོང་རྒྱུར་རྐྱེན་བྱེད་པའི་ཉམས་ལེན་གྱི་རིག་པར་ཡིད་མི་བདེ་བ་ཡོང་གི་ཡོད། དེ་ནི་དུས་ཚོད་གཅིག་ལ་ཚན་རིག་དང་ཚན་རྩལ་འཕེལ་རྒྱས་ཀྱིས་རང་ཉིད་ལ་འགྱུར་བ་ཤུགས་ཆེ་ཐུབ་པའི་ཁས་ལེན་བྱས་པའི་ནོར་འཁྲུལ་མངོན་གསལ་དོད་པོ་ཞིག་ཡིན།
ང་གང་དུ་སྐྱོད་བཞིན་པ་ཁྱེད་ཚོས་མཐོང་ཐུབ། བསམ་སྒོམ་གྱི་ལམ་ལུགས་ཁག་གིས་ལོ་ངོ་སྟོང་ཚོའི་རིང་རང་ཉིད་འགྱུར་བ་གཏོང་རྒྱུའི་ཉམས་ལེན་ལ་ཞུགས་ཡོད་ཅིང་། རང་ཉིད་འགྱུར་བ་གཏོང་དགོས་པར་འཕྲད་དུས་དེ་དག་ལས་ང་ཚོར་རྣམ་གཞག་གི་སྒྲོམ་གཞི་དང་བཟང་སྤྱོད་ཀྱི་ལམ་སྟོན་ཞིག་སྤྲད་ཡོད། ངའི་ཡིད་ཆེས་ལ་འཆར་ལོའི་ལོ་ཤས་ནང་བསམ་སྒོམ་གྱི་ཤེས་རྟོགས་དེ་གཙོ་རྒྱུན་ཞིག་ཏུ་འགྱུར་རྒྱུ་དང་། དེ་ནི་སྡུལ་བསྔལ་ལས་གྲོལ་འདོད་བྱེད་པའི་སྐྱེ་བོ་ཚོའི་དང་བ་འདྲེན་ཡུལ་ཙམ་མ་ཟད།  ད་དུང་ཁེ་ལས་སྡེ་ཚན་དཔེར་ན་གྷུ་གྷལ་ལྟ་བུས་ཐོན་སྐྱེད་བསྐྲུན་རྒྱུ་དང་སྦྲགས་གང་ཟག་སྒེར་གྱི་མྱོང་བ་དང་འབྲེལ་བའི་གྲངས་ཐོ་ཧ་ཅང་མང་པོ་བསྡུ་རུབ་བྱ་རྒྱུ་ཡིན། ངའི་གཏམ་བཤད་ཀྱི་དམིགས་ཡུལ་ནི་གུ་རུ་དང་གྷུ་གྷལ་གཉིས་མཉམ་བསུ་བྱེད་རྒྱུ་དེ་ཡིན།
འབྱུང་འགྱུར་ནི་ཆོས་ཚན་དོན་གཉེར་བ་ལ་དབང་བ་ཡིན། ཆོས་ཚན་དོན་གཉེར་བ་ནི་བསམ་སྒོམ་གྱི་རྟོག་ཞིབ་ལས་བསྐྱེད་པའི་གཞི་རྩའི་གནད་དོན་ཁག་ལ་གོ་རྟོགས་གཏིང་ཟབ་ཡོད་པ་དེ་ཚོ་མཉམ་སྡེབ་བྱེད་པའི་གང་ཟག་གཅིག་ཡིན། འོན་ཀྱང་། དེ་དང་དུས་མཚུངས་གང་ཟག་དེ་ནི་ཚན་རིག་དང་ཚན་རྩལ་གྱི་སྐད་ཡིག་བདེ་པོ་ཡོད་པ་ཞིག་ཡིན་དགོས། ངའི་གཏམ་བཤད་ནས་འཆར་སྣང་གསར་པ་འདིར་གཏོགས་པའི་ཚན་རིག་དང་བསམ་སྒོམ་གྱི་གནད་དོན་རྣམས་གླེང་སློང་བྱེད་རྒྱུ་དང་།  ང་ཚོས་ལག་བསྟར་བྱེད་བཞིན་པའི་བྱ་བར་གོ་བརྡ་སྤྲོད་པར་བརྒྱུད་འཆར་སྣང་འདི་མདུན་དུ་འཁྱེར་ཏེ་འབྱུང་འགྱུར་གྱིས་ཅི་ཞིག་བསུ་མིན་ཐོག་བསམ་ཞིབ་གང་འཚམ་བྱེད་རྒྱུ་ཡིན།
(གཏམ་བཤད་སྐར་མ་ ༣༥ དང་དྲི་བ་དྲིས་ལན་ལ་སྐར་མ་༡༠)
སྔ་དྲོའི་ཕྱག་ཚོད་ ༩།༤༥ ནས་ ༡༠།༣༠
དེང་སྐབས་དབང་རྩ་ཚན་རིག་གི་རྙེད་དོན་ལས་བསམ་སྒོམ་ཉམས་ལེན་གྱིས་ཀླད་པར་ཤུགས་རྐྱེན་ཇི་ལྟར་ཡོད་ཚུལ།
ཌོག་ཊར་གྷེལ་ཌིའི་སྦོ་སི།
ཧར་ཝ་ཌ་སྨན་དཔྱད་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་ཉམས་ཞིབ་པ།
བརྗོད་དོན་སྙིང་པོ།
ནང་པའི་གཞུང་ལུགས་ལས་དྲངས་པའི་བསམ་སྒོམ་གྱི་ཉམས་ལེན། དཔེར་ན། ཞི་གནས་དང་ལྷག་མཐོང་གི་སྒོམ་དང་། ཡང་ན་བློ་སྦྱོང་གི་ཐབས་ལམ་བརྒྱུད་ནས་སྐྱེ་བའི་བྱམས་པ་དང་སྙིང་རྗེ་སོགས་ནི་ཚན་རིག་པ་རྣམས་ལ་ཀླད་པའི་འགྲོ་ལུགས་ལ་བརྟག་དཔྱད་བྱེད་པའི་ནང་དང་ཞེན་ཆེ་བའི་བརྗོད་གཞི་གཅིག་ཆགས་ཡོད།  གཏམ་བཤད་འདི་ནས་ལྗང་གཞོན་གསར་དུ་བཞད་པའི་བསམ་སྒོམ་དང་འབྲེལ་བའི་དབང་རྩ་ཚན་རིག་གི་ཞིང་སའི་ནང་ཉེ་དུས་འཚོལ་རྙེད་སྐོར་གྱི་སྤྱི་བཤད་ངོ་སྤྲོད་བྱེད་རྒྱུ་དང་། དེས་བསམ་སྒོམ་གྱི་ཉམས་ལེན་སྣ་ཚོགས་པའི་ནང་ཀླད་པའི་ཐོག་ཤུགས་རྐྱེན་ཇི་ཡོད་ཐད་ཚན་རིག་གི་བརྟག་དཔྱད་ལ་དོ་ཁུར་བྱེད་ཀྱི་ཡོད། ང་ཚོས་འདས་པའི་བགྲང་བྱ་བཅུའི་ནང་ཀླད་པའི་པར་ལེན་གྱི་སློབ་སྦྱོང་ཐོག་བསྐྱར་ཞིབ་མདོར་ཙམ་བྱེད་རྒྱུ་དང་། དེས་བསམ་སྒོམ་གྱི་ཉམས་ལེན་ཁག་ནས་ཀླད་པའི་ཆགས་བཀོད་དང་དེའི་བྱེད་ལས་ཐོག་དངོས་སུ་འགྱུར་བ་གཏོང་བ་སྟོན་གྱི་ཡོད། ད་ལྟ་བར་གྱི་ཉམས་ཞིབ་ཁ་ཤས་ལས་སྒོམ་སྒྲུབ་ཉམས་ལེན་ཡུན་རིང་སྐྱོང་མཁན་རྣམས་སྒོམ་སྒྲུབ་མ་བྱེད་མཁན་དང་བསྡུར་ན། ཉམས་ལེན་པ་ཚོའི་ཀླད་པའི་ཆགས་རིམ་གྱི་གནས་བྱེ་བྲག་པ་འགའ་དང་ཀླད་པའི་བྱེད་ལས་ཀྱི་བཀོད་པ་གཉིས་ཀའི་ཆ་ནས་མི་འདྲ་བ་ཡོད་པ་སྟོན་གྱི་ཡོད། ལྷག་དོན་དུ་སྒོམ་ཉམས་ལེན་གྱི་སྦྱོང་བརྡར་ནང་ཐོག་མར་ཞུགས་པ་ནས་ཟླ་ཤས་སམ་དུས་ཚོད་ཐུང་ངུ་ཙམ་གྱི་རྗེས་ལའང་ཀླད་པའི་ནང་འགྱུར་བ་ཐེབས་པ་ནི་ཁུངས་སྐྱེལ་འཕེར་ངེས་ཡོད། མདོར་ན། ཉམས་ཞིབ་འདི་དག་ནས་ང་ཚོའི་སྤྱི་བཏང་གི་ལྟ་ཚུལ་ནང་བསམ་སྒོམ་ཉམས་ལེན་གྱིས་ཀླད་པའི་ནང་ཤུགས་རྐྱེན་བྱེད་པ་དེ་དགོས་དོན་ལྟར་ཚད་འཇལ་ཐུབ་རུང་ཡིན་པ་སྟོན་གྱི་ཡོད། ཉམས་ཞིབ་འདིར་ཀླད་པའི་བྱ་བ་ཇི་ལྟར་བྱེད་པ་དང་། དེ་ཇི་ལྟར་སྦྱོང་བརྡར་བྱེད་ཚུལ་གྱི་ཤེས་རྟོགས་ཐད་བསྟན་དོན་རྒྱ་ཆེ་ཡོད།


(གཏམ་བཤད་སྐར་མ་ ༣༥ དང་དྲི་བ་དྲིས་ལན་ལ་སྐར་མ་༡༠)
གསོལ་ཇའི་བར་གསེང་། སྔ་དྲོའི་ཕྱག་ཚོད་ ༡༠།༣༠ ནས་ ༡༡།༠༠
ཚོགས་དུས་གཉིས་པ། སྔ་དྲོའི་ཕྱག་ཚོད་ ༡༡།༠༠ ནས་ ཕྱི་དྲོའི་ཕྱག་ཚོད་ ༡༢།༣༠
སྔ་དྲོའི་ཕྱག་ཚོད་ ༡༡།༠༠ ནས་ ༡༡།༤༥
བཞུགས་མོལ་བཀའ་བསྡུར། ང་ཚོའི་ཤེས་རྟོགས་ལ་རྒྱ་སྐྱེད་ཇི་ལྟར་བྱེད་དམ།
ཡུལ་རྟོགས་ཚན་རིག་དང་དབང་རྩ་ཚན་རིག་གི་གོ་རྟོགས་ནས་ནང་ཆོས་དང་བསམ་སྒོམ་ལམ་ལུགས་གཞན་གྱི་གོ་རྟོགས་ཁག་ལ་འབྲེལ་གཏུག་ཇི་ལྟར་བྱེད་དམ།
བཞུགས་མོལ་བཀའ་བསྡུར་གནང་མཁན། ཌོག་ཊར་ཨེ་རིག་ཅེ་ཌི་ལར། ཌོག་ཊར་གྷེལ་ཌིའི་སྦོ་སི། ཚོགས་འདུའི་སྟངས་འཛིན་པ། ཌོག་ཊར་ར་ཇེ་ཤི་ཀ་སུ་ཏུ་རི་རན་གན།
(བགྲོ་གླེང་དུས་ཡུན་སྐར་མ་ ༤༥)
ཕྱག་ཚོད་ ༡༡།༤༥ ནས་ ༡༢།༣༠
རིག་གཞུང་གི་ལྟ་སྟངས། ཚན་རིག་དང་ནང་ཆོས་བར་འབྲེལ་ལམ་སྐྲུན་པ།
ཀརྨ་ཐུབ་བསྟན། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ལས་བྱེད།
བརྗོད་དོན་སྙིང་པོ།
ཨིན་ཡིག་དང་བོད་ཡིག་བར་གྱི་མཐུད་སྦྱོར་དང་འབྲེལ་བ་དེ་གཞན་དང་ལྟོས་ན་གསར་དུ་བྱུང་བ་དང་། ཉེ་དུས་སུ་མ་གཏོགས་སྐད་ཡིག་དང་རིག་གཞུང་དེ་གཉིས་ཆེས་ཆེར་ལོགས་སུ་གནས་ཡོད། འདས་པའི་བགྲང་བྱ་བཅུའི་ནང་ཚན་རིག་གི་བརྡ་ཆད་མང་པོ་ཞིག་བོད་ཡིག་ནང་གསར་དུ་བཟོས་ཡོད་ལ། དེ་བཞིན་ནང་པའི་ལྟ་གྲུབ་ཀྱི་བརྡ་ཆད་མང་པོ་ཞིག་ཨིན་ཡིག་ནང་གསར་དུ་བཟོས་ཡོད། དེ་ལྟ་ནའང་། བརྡ་ཆད་འདི་དག་གི་བར་ལ་ཡང་ཡང་ཁྱད་པར་ཆེན་པོ་ཡོང་བཞིན་ཡོད་པ་དེ་དག་གིས་གཞུང་ལུགས་སོ་སོའི་བར་ལ་བགྲོ་གླེང་དང་ཕན་ཚུན་སྤེལ་རེས་བྱེད་དུས་གོ་ནོར་ཆེན་པོ་ཐེབས་བཅུག་གི་ཡོད། ང་ཚོར་རྟག་ཏུ་དོ་མཉམ་གྱི་བརྡ་ཆད་ཡོང་གི་མེད་ལ། སྐབས་རེ་བོད་ཡིག་གི་བརྡ་ཆད་གཅིག་ཚན་རིག་གི་བརྡ་ཆད་བཞི་ལྔ་ལ་སྤྱོད་ཆོག་པ་དང་། ཡང་སྐབས་རེ་ནང་པའི་གཞུང་ལུགས་ཀྱི་བརྡ་ཆད་མང་དག་ཅིག་ལ་ཨིན་ཡིག་ནས་དེ་དག་དང་མཉམ་པའི་མིང་ཚིག་མེད་པ་དེ་འདྲ་ཡོང་གི་ཡོད། ང་ཚོས་ངེས་ཚིག་མི་འདྲ་བ་གཉིས་ཀྱི་སྐོར་ལ་གཅིག་པུ་མི་ཤོད་པར། མིང་ཚིག་འདྲ་མཚུངས་སྣང་ཡང་རིག་གཞུང་གི་རྒྱབ་ལྗོངས་ལས་དོན་ལ་རྨོངས་པར་བྱེད་པ་དེ་དག་ཤོད་ཀྱི་ཡོད། གོ་དོན་འཛོལ་མེད་ཅེས་པ་ནི་རིག་གཞུང་སོ་སོ་དང་རིག་གཞུང་སོ་སོའི་མིང་ཚིག་དེ་དང་དེའི་གོ་དོན་བསྟན་ཚུལ་ལ་གནས་ཡོད། གནད་དོན་འདི་དག་གི་ཤེས་རྟོགས་ལས་གོ་ནོར་དང་ལོག་རྟོགས་སེལ་ཐུབ་པའི་ཕན་ཐོགས་བྱེད། མིང་ཚིག་དེ་ཚོར་གོ་དོན་མི་འདྲ་བ་ཡོད་པ་ཤེས་རྟོགས་བྱེད་པ་དེས་ང་ཚོར་ཡིད་གཟབ་བྱ་དགོས་པའི་སྐུལ་མ་གཏོང་གི་ཡོད། འོན་ཀྱང་། དེ་དག་དངོས་སུ་ཤེས་རྟོགས་ཐུབ་པར་དུས་ཚོད་འགོར་གྱི་ཡོད། གལ་ཏེ་ང་ཚོ་བཤད་མཁན་དང་ཉན་མཁན་ཡིན་པའི་ངོས་ནས་ཡིད་གཟབ་དང་ཐད་ཀར་མཇུག་སྡོམ་བྱེད་པར་མ་ཕྱོགས་ན། ང་ཚོས་ནང་ཆོས་དང་ཚན་རིག་གི་བར་ལ་ནུས་པ་ཆེ་བའི་འབྲེལ་ལམ་བསྐྲུན་ཐུབ།
ཉིན་དགུང་གསོལ་ཚིགས། ཕྱི་དྲོའི་ཕྱག་ཚོད་
ཚོགས་དུས་གསུམ་པ། ཕྱི་དྲོའི་ཕྱག་ཚོད ༢།༠༠ ནས་༣།༣༠
༢།༠༠  ནས་ ༢།༤༥
ནང་གི་འཇིག་རྟེན་གྱི་འགྱུར་ཁུག
ནི་ཤྣཏ་སིིའི་ཏ།
གཙུག་ལག་སློབ་མའི་ཉམས་ཞིབ་པ། རྒྱ་གར་ཚན་རིག་བསྟི་གནས་ཁང་།
བརྗོད་དོན་སྙིང་པོ།
ཉེ་བའི་ཆར་ཀླད་པ་དང་འཕྲུལ་ཆས་ཀྱི་སྦྲེལ་སྦྱོར་ཐོག་སྔར་མ་བྱུང་བའི་ཉམས་ཞིབ་མང་པོ་བྱས་ཡོད་པ་དང་། སྤྱི་ཡོངས་ནས་ང་ཚོས་ཀླད་པ་དང་འཕྲུལ་ཆས་ཀྱི་སྦྲེལ་སྦྱོར་དེར་ཅི་ཞིག་འབོད་སྲིད་དམ། འདིར་ཀླད་པ་དང་འཕྲུལ་ཆས་གཉིས་ཀའི་སྦྲེལ་སྦྱོར་ཚུད་ཡོད་ལ། དེར་ཀླད་པས་འཕྲུལ་ཆས་ལ་བཀོད་འདོམས་དང་། མ་ཟད་ཚོར་ཤེས་དབང་པོའི་ཚབ་ཏུ་ཡོ་ཆས་བཀོལ་ཏེ་བཅོས་མའི་ཚོར་བྱེད་དེ་དག་གིས་ང་ཚོའི་དབང་པོ་དངོས་ཀྱི་ནུས་པ་རྒྱ་སྐྱེད་གཏོང་གི་ཡོད། སྦྲེལ་སྦྱོར་བྱེད་ཚུལ་འདི་རིགས་ནི་བཟོ་ལས་རིག་པའི་རྩལ་ལག་གཙོ་བོར་མཐོང་སྟེ་ལྟ་གྲུབ་དང་འབྲེལ་བའི་དྲི་བ་ཁག་ལ་སྣང་མེད་བཏང་ཡོད། ངས་གཏམ་བཤད་འདི་ནས་དྲི་བ་འདི་དག་འགའ་ཞིག་ལ་ང་ཚོའི་བརྟག་དཔྱད་ཁང་ནང་གསར་དུ་སྦྲེལ་སྦྱོར་བྱས་པའི་དོན་གནད་ཐོག་ནས་གླེང་སློང་བྱ་རྒྱུ་ཡིན།

ང་ཚོས་འཚོལ་ཞིབ་བྱེད་པའི་གནད་དོན་གཙོ་བོ་ནི་གང་ཟག་གཅིག་གིས་དེ་འདྲའི་སྦྲེལ་སྦྱོར་ལ་གོམས་འདྲིས་བྱ་དུས་ཀླད་པ་ནི་བྱེད་ལས་གཙོ་བོ་གཉེར་མཁན་དེ་ཡིན་ནམ། ཡང་ན། གོ་ཡུལ་སྤྲོད་མི་ཐུབ་པའི་བྱེད་ལས་དང་རྒྱལ་སྤྱིའི་སྣང་ཆོས་གཞན་གྱི་བྱེད་ལས་གང་ཡིན་ནམ། རྩད་ཞིབ་འདི་དག་བརྒྱུད་ང་ཚོས་རྒྱ་སྐྱེད་པའི་སེམས་ཀྱི་རྣམ་གཞག་དང་། སེམས་དང་། ཀླད་པ། ལུས་དང་ཁོར་ཡུག་བཅས་ཀྱི་མ་ལག་དབར་ལ་འབྲེལ་བ་ཤེས་རྟོགས་བྱེད་པའི་འབྲེལ་ཡོད་ཀྱི་བསམ་ཚུལ་ཁག་ལ་གོང་འཕེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ལྷག་པར་དུ་ང་ཚོའི་སྦྲེལ་སྦྱོར་འདིས་ལག་ལེན་བསྟར་མཁན་གང་ཟག་གཉིས་སྦྲེལ་མཐུད་ཀྱིས་ཀླད་པའི་རང་བཞིན་གྱི་སྒྲིག་བཀོད་དེའི་ཐོག་ནས་གང་ཟག་གཅིག་གིས་གཞན་དེའི་ཀླད་པའི་བྱེད་ལས་ལ་ཉན་འཇོག་ཐུབ་པ་བྱེད་ཀྱི་ཡོད། འགྲོ་ལུགས་འདིའི་ཆགས་བཀོད་ནང་ལག་བསྟར་མཁན་དེའི་འདུན་པ་གང་འདྲ་ཡིན་པ་ང་ཚོས་ཤེས་རྟོགས་བྱེད་རྒྱུ་དང་། མ་ཟད་ཀླད་པའི་རླབས་དེ་ང་ཚོའི་དབང་པོའི་ཡུལ་གྱི་ཆ་ཤས་ལྟ་བུ་བཟོས་ཏེ། ཚན་རིག་དང་མྱོང་བའི་དཔྱད་ཞིབ་ཀྱི་ཆེད་དུ་འཇིག་རྟེན་གསར་པ་ཧྲིལ་པོ་ཞིག་སྒོ་འབྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད།
(གཏམ་བཤད་སྐར་མ་ ༣༥ དང་དྲི་བ་དྲིས་ལན་ལ་སྐར་མ་༡༠)
ཕྱག་ཚོད་ ༢།༤༥ ནས་ ༣།༣༠
བརྗོད་གཞི། ཐག་གཅོད་གནང་རྒྱུ།
དགེ་བཤེས་ལྷག་རྡོར།
དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན།
བརྗོད་དོན་སྙིང་པོ།
དགེ་བཤེས་ལྷག་རྡོར་ལགས་ཀྱིས་ང་ཚོའི་དབང་པོ་ཡུལ་ལ་འཇུག་ཚུལ་ཐོག་ནང་པའི་ལྟ་གྲུབ་དང་དེའི་ལྟ་ཚུལ་ནས་ང་ཚོའི་ཚོར་ཤེས་ཀྱི་འཛིན་པ་དང་དེའི་ནུས་པ་རྒྱ་སྐྱེད་ཇི་ལྟར་ཐུབ་བམ། འཇིག་རྟེན་ཤེས་རྟོགས་བྱེད་པའི་ནང་ང་ཚོའི་ཚོར་ཤེས་དབང་པོའི་བྱེད་ལས་གང་ཡིན་ནམ། བདེན་པའི་རང་བཞིན་གང་ཡིན་ནམ། ཚོར་ཤེས་དབང་པོ་ལྔ་ལ་བརྟེན་ནས་ང་ཚོས་བདེན་པའི་རང་བཞིན་ལ་ངོས་འཛིན་དང་ཤེས་རྟོགས་ཐུབ་བམ། ཚོར་ཤེས་དབང་པོ་ལྔ་པོ་འདི་དག་ལས་གཞན་པའི་གནས་ཚུལ་གྱི་ཁུངས་གསར་པ་ཡོད་དམ། དབང་རྩ་ཚན་རིག་པས་འཕེལ་རྒྱས་བཏང་བའི་ཚན་རྩལ་གསར་པ་དེ་རིགས་ཀྱི་ནང་དུ་སེམས་རྒྱ་སྐྱེད་དང་སྦྲེལ་སྦྱོར་ཇི་ལྟར་བྱེད་དམ། སོགས་གནད་དོན་འདི་དག་གི་ཐོག་གཏམ་བཤད་གནང་རྒྱུ་ཡིན།

(གཏམ་བཤད་སྐར་མ་ ༣༥ དང་དྲི་བ་དྲིས་ལན་ལ་སྐར་མ་༡༠)
གསོལ་ཇའི་བར་གསེང་། ཕྱག་ཚོད་ ༣།༣༠ ནས་ ༤།༠༠
ཚོགས་ཐེངས་བཞི་པ། ཕྱག་ཚོད་ ༤།༠༠ ནས་ ༥།༠༠
བཞུགས་མོལ་བཀའ་བསྡུར། ང་ཚོའི་ཤེས་རྟོགས་ལ་རྒྱ་སྐྱེད་ཇི་ལྟར་བྱེད་དམ།
ང་ཚོའི་ཚོར་ཤེས་ལ་རྒྱ་སྐྱེད་གཏོང་ཐུབ་བམ། ང་ཚོའི་སེམས་དེ་ང་ཚོའི་ཀླད་པར་སྦྲེལ་སྦྱོར་བྱེད་པའི་ཚན་རྩལ་གསར་པའི་ནང་རྒྱ་སྐྱེད་ཇི་ལྟར་བྱེད་དམ། ཚན་རྩལ་འདི་དག་བརྒྱུད་ང་ཚོའི་ཚོར་ཤེས་རྒྱ་སྐྱེད་གཏོང་ཚུལ་ལ་བཅད་མཚམས་གང་དག་ཡོད་དམ།
བཞུགས་མོལ་བཀའ་བསྡུར་གནང་མཁན། ཀརྨ་ཐུབ་བསྟན། ནི་ཤྣཏ་སིིའི་ཏ། དགེ་བཤེས་ལྷག་རྡོར། ཌོག་ཊར་ཁི་རི་སི་ཨེམ་པི།
ཚོགས་འདུའི་སྟངས་འཛིན་པ། ཌོག་ཊར་ཨེ་རིག་ཅེ་ཌི་ལར།
བགྲོ་གླེང་དུས་ཡུན་སྐར་མ་ ༦༠ 

Post a Comment

Previous Post Next Post