དགེ་སློབ་མཁན་གསུམ་གྱི་ཚན་རིག་ཟབ་སྦྱོང།

ང་ཚོས་དགོན་སྡེ་ཁག་ནས་ནང་ཆོས་ཀྱི་བསླབ་པ་མཐར་སོན་པའི་གྲྭ་བཙུན་ཁག་གཅིག་ལ་ཚན་རིག་སྦྱོང་བརྡར་དང་བགྲོ་གླེང་གི་སྔོན་འགྲོའི་ལས་འཆར་ཞིག་གོ་སྒྲིག་ཞུས་པ་དང་། མཉམ་ཞུགས་བྱེད་པོའི་ཁྲོད་དགེ་བཤེས་དང་། མཁན་པོ།སློབ་དཔོན་བཅས་ཡོད། བསླབ་པ་མཐར་སོན་པའི་དགེ་འདུན་པའི་ལས་འཆར་འདི་ནི་ཨ་རིའི་བཤམ་མཛོད་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་དབར་འགྲོགས་འདྲིས་གསར་པ་བྱུབྱུང་བའིགྲུབ་འབྲས་ཡིན་ཞིང་།
ཨ་རིའི་ཊེམ་པལ་ཊོན་ཐེབས་རྩས་ (Templeton Foundation) རོགས་དངུལ་རྒྱབ་སྐྱོར་གནང་བའི་མཐུ་ལས་གཞི་རྟེནཚུགས་ཡོད།
བཙན་བྱོལ་ནང་མི་ལོ་ ༡༥ ནས་ ༢༥ བར་ཟབ་ཁྲིད་དང་སྒོམ་རིམ་ལ་སློབ་གཉེར་ལྷུར་ལེན་གནང་མཁན་གྱི་བོད་པའི་གྲྭ་བཙུན་སྟོང་ཕྲག་ཉི་ཤུ་ལྷག་བརྒལ་བ་ཡོད། དེ་ལྟར་ནང་ཆོས་སློབ་ཐོན་བྱུང་རྗེས་ཁོང་ཚོས་རང་རང་སོ་སོའི་དགོན་པའི་ནང་ཤེས་ཡོན་གྱི་གཞི་སྒྲོམ་གོང་མཐོར་གཏོང་ཕྱོགས་ཐད་གལ་ཆེའི་ལས་འན་སྒྲུབ་བཞིན་མཆིས། ཁོང་ཚོ་ནི་ནང་པའི་ལྟ་གྲུབ་ཐོག་ནས་ཤེས་ཡོན་གྱི་རྒྱབ་ལྗོངས་ཕྱུག་པོ་ཡིན་པ་དང་། རང་རང་སོ་སོའི་ས་ཁོངས་ནང་སློབ་སྦྱོང་གི་ཆ་ནས་རྩེ་ཕུད་དུ་སོན་པ་ཤ་སྟག་ཡིན། སྦྱོང་བརྡར་ཚུལ་བཞིན་ཡོད་པའི་ཐོག་ཕྱར་བ་གྲུ་འདེགས་གནང་བ་བརྒྱུད་ཚན་རིག་པ་དང་མཉམ་དུ་སྤྲོས་པ་རྒྱས་པོ་དང་དོན་སྙིང་ལྡན་པའི་བགྲོ་གླང་ནང་ཞུགས་ཐུབ་པ་མ་ཟད་ཁོང་ཚོས་རང་ཉིད་ཀྱི་དགོན་པའི་ནང་ཤེས་ཡོན་གྱི་དམིགས་ཚད་གོང་མཐོར་གཏོང་བར་རོགས་རམ་དང་ཚན་རིག་འདི་དགོན་པའི་ཤེས་ཡོ་གྱི་ཆ་ཤས་སུ་གཏན་འབེབས་བྱ་རྒྱུར་སྙིང་སྟོབས་སྤེལ་བར་རོགས་རམ་བྱེད་ཐུབ་ཀྱི་ཡོད།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༢༠ ནས་ ཟླ་ ༡༢ ཚེས་ ༡༤ བར་བདུན་ཕྲག་བཞིའི་རིང་ཟབ་སྦྱོང་སྐབས་དགེ་འདུན་པ་ཚོར་ཚན་རིག་གི་ཤེས་བྱ་སྤེལ་རྒྱུ་དང་། ཚན་རིག་དང་ནང་པའི་དབར་གྱི་འབྲེལ་ལམ་ཐད་དཔྱད་ཞིབ་བྱ་རྒྱུའི་དོན་དུ་སློབ་ཁྲིད་ཐབས་ལམ། དཔེར་ན། ལག་བསྟར་བྱེད་སྒོ་དང་། དཔྱད་འཇོག་གི་འབྲི་སྦྱོང། ཉིན་ལྟར་བགྲོ་གླེང་བཅས་ལག་བསྟར་བྱས་ཡོད། དགེ་འདུན་


༢༠༡༡ ལོར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་རྒྱལ་སྤྱིའི་ཚོགས་འདུར་མཉམ་ཞུགས་གནང་མཁན་ཚན་རིག་པ་དང་། དགེ་བཤེས། གོ་སྒྲིག་ཚོགས་ཆུང་ལྷན་རྒྱས་རྣམ་པ།
པ་ཚོར་ཚན་རིག་སློབ་ཁྲིད་བྱས་ཏེ། ཁོང་ཚོར་སྲོལ་རྒྱུན་འདྲ་མིན་ནང་ཁུལ་གྱི་འབྲེལ་ཡོད་གནད་དོན་ཁག་གསལ་ཁ་ལེགས་པ་འདོན་རྒྱུར་ནུས་ཤུགས་སྤེལ་བ་དང། དྲི་རྩད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པས་ལོག་རྟོགས་རྣམས་ཕན་ནུས་ཆེན་པོས་སེལ་ཐུབ་པ་ང་ཚོས་ཤེས་རྟོགས་བྱུང་། དེའང་ཚན་རིག་གི་བྱེད་སྒོའི་རྒྱུད་རིམ་གྱི་སྙིང་སྟོབས་དང་བགྲོ་གླེང་ལྷུག་པོ་བྱུང་བ་ལས་ལེགས་པར་མངོན་ཐུབ།
ང་ཚོའི་ནུབ་ཕྱོགས་ཀྱི་ཚན་རིག་དགེ་རྒན་ཚོས་ཀྱང་དགེ་འདུན་པ་རྣམས་ལ་ཚན་རིག་སློབ་ཁྲིད་བྱ་རྒྱུ་དེ་གལ་འགངས་ཆེན་པོ་དང་རིན་ཐང་བྲལ་བའི་མས་མྱོང་ཞིག་ཏུ་ཆ་འཇོག་བྱེད་བཞིན་འདུག དེས་ཁོང་ཚོར་ཚན་རིག་ནི་ཕྱོགས་ཡོངས་ནས་འོད་སྣང་གསར་པ་ཞིག་གི་ནང་མཐོང་བ་དང་། དགེ་རྒན་ཚོས་སློབ་ཁྲིད་བྱེད་པ་དང་དགེ་འདུན་པ་ཚོའི་ཀུན་སྤྱོད་རྒྱུས་མངའ་ལོན་པའི་ཐོག་ལྟ་ཚུལ་གསར་པ་ཞིག་རྙེད་པར་རོགས་རམ་བྱེདཔའི་གོ་སྐབས་སྦྱིན་གྱི་ཡོད། དགེ་འདུན་པ་རྣམས་རང་གི་སྲོལ་རྒྱུན་སྒྲིག་འཛུགས་ནང་སློབ་གཉེར་བྱེད་པ་དེར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་དང་དེ་ནི་ནུབ་ཕྱོགས་ཀྱི་ཤེས་ཡོན་ལམ་ལུགས་དང་ཕྱོགས་ཡོངས་ནས་ཐ་དད་ཡིན།
དེས་ན་ལས་འཆར་འདིས་ཕྱོགས་གཉིས་ཀར་སྒོ་མང་པོ་ཞིག་ནས་ཁེ་ཕན་ཆེན་པོ་འཐོབ་ཐུབ་ཀྱི་ཡོད།
ཟབ་སྦྱོང་འདིའི་རྗེས་ནང་པའི་མཁས་པ་དང་ཚན་རིག་པའི་དབར་ལ་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༡༦ ནས་༡༨ བར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ཚོགས་འདུ་ཞིག་སྐོང་འཚོགས་བྱས་ཡོད། དེའི་དམིགས་ཡུལ་ནི་བསླབ་པ་མཐར་སོན་པའི་གྲྭ་བཙུན་རྣམས་ལ་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་སྦྱོང་བརྡར་གྱི་གོ་སྐབས་གསར་པ་ཞིག་དང་།
ཚན་རིག་པ་དང་མཉམ་དུ་རང་རྐྱ་འཕེར་བའི་ཤེས་ཡོན་སྤེལ་རེས་ཀྱི་ནུས་པ་གོང་འཕེལ་གཏོང་བ། སློབ་ཕྲུག་ཚོས་ཚན་རིག་གི་གསར་རྙེད་ལས་གཞིའི་ནང་ཞུགས་ཆེད་དགོས་ངེས་ཀྱི་ཐབས་ལམ་དང་ཤེས་ཡོན་གྱི་མཐུན་རྐྱེན་མཁོ་སྤྲོད་བྱེད་རྒྱུ་བཅས་ཡིན། བགྲོ་གླེང་ལྷུག་པོ་ཡོང་བར་འབྲེལ་གཏུགས་ཀྱི་འཇོན་ཐང་ཆེན་པོ་དགོས་པ་མ་ཟད་མཁས་པའི་གོ་རྟོགས་དང་རྒྱུ་མཚན་འདྲེན་ཐུབ་པ་དགོས་ཤིང་། ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བྱེད་པ་དེ་དགོན་སྡེ་ཁག་ནས་ཐོན་པའི་སློབ་གཉེར་བ་དེ་དག་ལ་གདོང་ལེན་གསར་པ་ཞིག་ཆགས་ཡོད།

སེམས་ཀྱི་ཡོན་ཏན་དང་ཚན་རིག་གི་དཔྱད་པ་གཏོང་ཚུལ་གཉིས་འབྲེལ་མཐུད་གོང་འཕེལ་གཏོང་སླད་ཉིན་གསུམ་རིང་མི་མང་ཚོགས་འདུ་གནང་དགོས་དོན་ནི་༸གོངས་༸སྐྱབས་མགོན་ཆེན་པོའི་གཟིགས་རྒྱང་རིང་པོའི་ཐུགས་ཀྱི་བཞེད་དོན་ལ་གཞི་བཅོལ་བ་ཞིག་ཡིན། ཚོགས་འདུ་འདི་བརྒྱུད་བོད་ཀྱི་ནང་པའི་མཁས་པ་དང་།
 ཌོག་ཊར་པྰོལ་ལགས་ཀྱིས་དགེ་བཤེས་རྣམས་ལ་འཇིག་རྟེན་ཁམས་ཀྱི་རིག་པ་སློབ་ཁྲིད་བྱེད་བཞིན་པ།
ནུབ་ཕྱོགས་པ་དང་རྒྱ་གར་གྱི་ཚན་རིག་པ་རྣམས་ཐུན་མོང་གི་གཞི་མཐུན་གཅིག་གི་སྟེང་བགྲོ་གླེང་གནང་རྒྱུར་འདུ་འཛོམས་གནང་ཐུབ་པ་བྱུང་། ཚོགས་འདུ་འདིས་སེམས་ཀྱི་ཡོན་ཏན་དང་ཚན་རིག་གི་དཔྱད་པ་གཏོང་ཚུལ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་བཏང་ཡོད།
དེས་ན་ལས་གཞི་འདིས་ཚན་རིག་པ་དང་དགོན་སྡེ་ཁག་ནས་ཐོན་པའི་སློབ་གཉེར་བ་རྣམས་ཀྱི་དབར་བགྲོ་གླེང་ཐུབ་པའི་ནུས་པ་འདོན་ཕྱིར་འཕྲལ་མར་ཚོད་ལྟ་རུང་བའི་འགྲོ་ལུགས་ཤིག་གོང་འཕེལ་གཏོང་གི་ཡོད།
སློབ་གཉེར་བ་དེ་དག་ལ་ཤེས་ཡོན་གྱི་ཉམས་མྱོང་ཕྱུག་པོ་མཁོ་སྤྲོད་བྱས་པ་བརྒྱུད་ཁོང་ཚོས་ཚན་རིག་པ་དང་ཕན་ཚུན་གཉིས་ཀར་ཕན་ཐོགས་ཡོད་པའི་ཤེས་ཡོན་སྤེལ་རེས་གོང་འཕེལ་གཏོང་ཐུབ། ཚན་རིག་གི་གོ་རྟོགས་ཟབ་མོ་དང་། དེའི་བྱེད་ལས་ལ་ཡིད་རངས་སྐྱེད་པ་གཉིས་ཏེ། བརྒྱུད་རིམ་འདི་དག་ལ་བརྟེན་ནས་ཚན་རིག་ཡར་རྒྱས་ འགྲོ་བཞིན་ཡོད་ཅིང་། དགོན་སྡེ་ཁག་ནས་ཐོན་པའི་སློབ་གཉེར་རྣམས་ཀྱིས་དེ་དག་ངོས་འཛིན་གྱིས་ཕྱོགས་གཉིས་པོའི་དབར་མངོན་གསལ་དོད་པོའི་འབྲེལ་ལམ་གཏོད་ཐུབ་པ་ཡིན།
སློབ་ཐོན་ཟིན་པའི་ཆེད་དུ་ཚན་རིག་ལས་འཆར་ཐེངས་གཉིས་པ་དེ་ལྡེ་ར་ཌུན་ས་གནས་སྲོང་བཙན་དཔེ་མཛོད་ཁང་དུ་འཚོགས་ཞིང་།
འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་ཚོགས་འདུ་ཐེངས་གཉིས་པ་དེ་ཤེས་རྟོགས་དང་ལག་ལེན་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་དང་ནང་པའ་མཁས་དབང་དབར་གྱི་བགྲོ་གླེང་ཚོགས་འདུ་དེ་ཕྱི་ལོ་ ༢༠༡༣།༡༡།༡༥ ནས་ ༢༠༡༣།༡༡།༡༧ བར་ཉིན་གྲངས་གསུམ་རིང་ལྡེ་ར་ཌུན་སྲོང་བཙན་དཔེ་མཛོད་ཁང་དུ་ཚོགས། སྐབས་དེའི་ཚོགས་འདུའི་ནང་སེ་ལི་ཀུ་བོད་ཁྱིམ་སློབ་ཕྲུཕྲུག་དང་། ལྡེ་ར་ཌུན་ས་གནས་ལྷ་ཆོས་རིག་པའི་མཐོ་སློབ་གསར་པའི་སློབ་ཕྲུཕྲུག ཉེ་ཁུལ་དུ་གནས་པའི་བོད་ཀྱི་དགོན་སྡེའི་༼བཀའ་བརྒྱུད་མཐོ་སློབ། འབྲི་གུང་བྱང་ཆུབ་གླིང་དགོན་པ། ས་སྐྱ་མཐོ་སློབ། བསམ་གཏན་གླིང་བཙུན་དགོན། སྡེ་ར་ཌུན་ས་སྐྱ་བཙུན་དགོན།༽ དགེ་བཙུན་སོགས་མི་གྲངས་ ༥༠༠ སྐོར་མཉམ་ཞུགས་གནང་ཡོད།

ཕྱི་ལོ་༢༠༡༣།༡༠།༢༨ ནས ༢༠༡༣།༡༡།༢༠ བར་གྱི་བདུན་ཕྲག་བཞིའི་རིང་གི་ཚན་རིག་ལས་འཆར་དེའི་ནང་ཁྱོན་བསྡོམས་དགེ་བཙུན་གྲངས་ ༢༧ ནས་ཚོགས་བཅར་ཞུས། སློབ་གཉེར་ཐོན་ཟིན་གྱི་ཆེད་དུ་ཚན་རིག་ལས་འཆར་ཐེངས་བཞི་པ་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཡོད་པའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་དུ་ཕྱི་ལོ་༢༠༡༥།༩།༧ ནས་ ༢༠༡༥།༡༠།༣ བར་ཉིན་གྲངས་ ༢༧ རིང་ཚོགས་ཡོད།

སློབ་གཉེར་ཐོན་ཟིན་གྱི་ཆེད་དུ་ཚན་རིག་ལས་འཆར་ཐེངས་གསུམ་པ་དེ་དྷ་རམ་ས་ལའི་ས་ར་བོད་ཀྱི་མཐོ་སློབ་ཏུ་ཕྱི་ལོ་ ༢༠༡༤།༡༠།༡ ནས་ ༢༠༡༤།༡༠།༣༠ བར་ཟླ་བ་གཅིག་རིང་ཚོགས་ཞིང་། ཚན་རིག་ལས་འཆར་དེའི་ནང་དགེ་འདུན་པ་གྲངས་ ༢༨ དང་། བཙུན་མ་གྲངས་  བཅས་ཁྱོན་དགེ་བཙུན་གྲངས་ ༣༥ ཚོགས་བཅར་ཞུས་ཡོད། ཨ་རི་ནས་ཕེབས་པའི་དགེ་རྒན་དང་། ཤེས་ཡོན་སློབ་སྟོན་པ་བཅས་ནས་དངོས་ཁམས་རིག་པ་དང་། དབང་རྩ་ཚན་རིག སྐར་དཔྱད་རིག་པ། སྐྱེ་དངོས་རིག་པ། སྒོམ་དང་འབྲེལ་བའི་དབང་རྩ་ཚན་རིག་བཅས་ཀྱི་སྐོར་ལ་སློབ་ཁྲིད་གནང་།
ཟབ་སྦྱོང་འདིའི་རྗེས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་ཐོག་བགྲོ་གླེང་གསུམ་པ་དེ་ཚོགས་ཡོད། འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་ཐོག་བགྲོ་གླེང་ཐེངས་གསུམ་པ་དེ་མཐུན་འགྲིག་དང་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་དྷ་སྟེ་ོབོད་ཕྲུ་ག་ཁྱིམ་སྡེར་ཕྱི་ལོ་ ༢༠༡༤།༡༡།༣ ནས་ ༢༠༡༤།༡༡།༥ བར་ཉིན་གྲངས་གསུམ་རིང་ཚོགས་ཡོད།


Post a Comment

Previous Post Next Post