ཨ་རིའི་ཁེ་ལི་ཕྷོར་ནི་ཡ་མངའ་སྡེའི་ལོ་རྒྱུས་སྟེ་གནས་ཁང་གིས་ལེ་བར་ཁྲི་གཉིས་དང་ཕྱེད་ཀྱི་སར་ཡོད་པའི་གཅིན་སྣོད་གཉིས་དང་སྐྱུག་པ་སྐྱུག་སའི་ཤོག་ཁུག་བཞི། དེ་བཞིན་གད་སྙིགས་མང་དག་ཅིག་མངའ་སྡེའི་ནོར་རྫས་ཀྱི་གྲལ་དུ་སྲུང་སྐྱོབ་བྱེད་རྒྱུའི་ཐག་གཅོད་བྱུང་བ་རེད། མངའ་སྡེའི་ལོ་རྒྱུས་ཉར་ཚགས་བསྟི་གནས་ཁང་གི་འགན་འཛིན་ལགས་ཀྱིསགསུངས་པར། དེ་སྔོན་ཨ་རིས་ཟླ་བའི་སྟེང་འཕུར་སྐྱོད་བྱུང་བའི་ཨེ་པོ་ལོ་བཅུ་གཅིག་པའི་ལས་གཞིའི་ནང་ཁེ་ལི་ཕྷོར་ན་ཡ་མངའ་སྡེས་བྱས་རྗེས་ཇི་ཙམ་བཞག་པ་དང་ཟླ་བའི་སྟེང་ལྷག་པའི་བཅའ་དངོས་དེ་དག་རྒྱལ་ཁབ་དང་ཚོགས་པ་གཞན་གྱིས་གནོད་པ་བྱེད་སྲིད་པའི་གནས་ཚུལ་གོ་རྟོགས་སྤེལ་ཆེད་ང་ཚོས་ལས་གཞི་འདི་སྤེལ་བ་ཡིན་ཞེས་ཟེར། དེ་བཞིན་ཁོང་གིས་མུ་མཐུད་གསུངས་གསལ་དུ། ཨེ་པོ་ལོའི་ལས་གཞིའི་ནང་ང་ཚོའི་མངའ་སྡེའི་བཟོ་གྲྭ་མང་དག་ཅིག་གིས་འཛུལ་ཞུགས་དང་རོགས་འདེགས་བྱས་ཡོད་པ་དང་སྐབས་དེར་བཟོ་སྐྲུན་བྱུང་བའི་དངོས་རྫས་གང་འདྲ་ཞིག་ཡིན་རུང་ད་ཆ་གང་དུ་ཡོད་པ་དང་སྐབས་དེར་བེད་སྤྱོད་གང་འདྲ་ཞིག་བྱུང་མིན་ལ་མ་ལྟོས་པར་དེ་དག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གལ་ཆེའི་རྒྱུ་ནོར་ཆགས་ཡོད་ཅེས་དང་། ལེ་བར་ཁྲི་གཉིས་ལྷག་གི་སར་ཡོད་པའི་དངོས་རྫས་དེ་དག་ཀྱང་གལ་ཆེའི་ལས་གཞིའམ་བྱུང་བ་གཅིག་གི་ཆ་ཤས་ཡིན་ཞེས་གསུངས་ཡོད།

༡༩༦༩ ཟླ ༧ ཚེས ༢༠ ཉིན་ཨ་རིའི་གནམ་རིག་པ་ནིལ་ཨམ་སི་ཏོན་གྱིས་ཟླ་བའི་སྟེང་འགྲོ་བ་མིའི་རྐང་རྗེས་ཐོག་མ་བཞག་པ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལས་གཞི་དེའི་མཇུག་ཏུ་དགོས་ངེས་མ་ཡིན་པའི་ཅ་དངོས་ཀི་ལོ་བརྒྱ་ཕྲག་མང་པོ་ཟླ་བའི་སྟེང་བཞག་ནས་ཕྱིར་ལོག་བྱས་ཡོད། ད་ཆ་ལོ་ངོ་བཞི་བཅུའི་རྗེས་སུ་རྒྱལ་ཁབ་དང་ཚོགས་སྡེ་ཁག་ནས་སླར་ཡང་ཟླ་བའི་སྟེང་འཕུལ་སྐྱོད་བྱེད་པའི་ལས་གཞི་བསྐྱར་གསོ་བྱུང་བ་དང་བསྟུན་ནས་ཨ་རིའི་མངའ་སྡེ་ཁེ་ལི་ཕྷོར་ནི་ཡའི་གནའ་རྫས་སྲུང་སྐྱོབ་ཁང་གིས་ཅ་དངོས་དེ་དག་སྲུང་སྐྱོབ་བྱེད་རྒྱུའི་སྤྱི་མོས་ཐག་གཅོད་བྱུང་བ་དང་། གོང་དུ་ཞུས་ཟིན་ལྟར་ཅ་དངོས་དེ་དག་ཁྲོད་གཅིན་སྣོད་གཉིས་དང་སྐྱུག་སྣོད་བཞི། དེ་བཞིན་ལྷམ་དང་གློག་ཆས་རིགས་སོགས་ཀི་ལོ་སྟོང་ཙམ་གྱི་གད་སྙིགས་ཡོད། མ་ཟད་ཨམ་སི་ཏོན་གྱི་རྐང་རྗེས་དང་ཨ་རིའི་རྒྱལ་དར། འཛམ་གླིང་དཔོན་རིགས་ཆེ་ཁག་གི་བརྡ་འཕྲིན་བཅས་བཞག་ཡོད། འོན་ཀྱང་ཅ་དངོས་དེ་དག་ནི་ལེ་བར་ཉིས་ཁྲི་ལྷག་གི་སར་ཡོད་པས་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་རྒྱུ་སླ་མོ་ཞིག་མ་ཡིན། དེ་སྔོན་ལས་གཞི་འདིའི་ཐོག་ཤུགས་རྒྱག་མཁན་གྱི་སྤྱི་སྒེར་ཚང་མས་ད་ཆ་མངའ་སྡེའི་གཞུང་འབྲེེལ་གྱི་ཐོག་ནས་གྲོས་ཆོད་འདི་འདྲ་ཞིག་བྱུང་བར་དགའ་བསུ་བྱས་ཡོད། །

Post a Comment

Previous Post Next Post