སྤྱི་ལོ་༢༠༠༨ ལོའི་ནོ་བལ་ཚན་རིག་གི་གཟེངས་རྟགས་དེ་བཞིན་ཟླ་འདིའི་ནང་གཤམ་འཁོད་ཚན་རིག་པ་བཅུ་ལ་གནང་རྒྱུ་ཡིན་འདུག། སེམས་ཁམས་རིག་པ་དང་སྨན་གྱི་སློབ་ཚན་ནང་ལོ་འདིའི་གཟེངས་རྟགས་དེ་འཇར་མན་ཀྲན་ནད་ཉམས་ཞིབ་ཁང་གི་སྐུ་ཞབས་ཧ་རལཊ་ ཛུར་ ཧོསེན་ལགས་Harald Zur Hausenདང་པེརིསི་ལ་ཡོད་པའི་པཱསེ་ཅར་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཕེརནཀོ་ བརརི་ལགས་Francoise Barreདང་དེ་བཞིན་ཨེཌསེ་ཉམས་ཞིབ་དང་ཕ་མའི་སྦྱོང་རྡར་ཐེབ་རྩ་ནས་ཡིན་པའི་སྐུ་ཞབས་ལུམོནཊནིར་ལགས་Luc Montagnierབཅས་ལ་ཐོབ་ཡོད་པ་རེད། ཁོང་ཚོའི་བྱས་རྗེས་ནི་ཨེཌསེ་ཞེས་པའི་ན་ཚ་བཟོ་མཁན་གྱི་ནད་འབུ་ཞེས་པ་དེ་གསར་རྙེད་བྱུང་ཡོད།

དངོས་ཁམས་རིག་པའི་སློབ་ཚན་ནང་གཟེངས་རྟགས་ཐོབ་མཁན་ནི་ཆིཀགོ་གཙུག་ལག་སློབ་གཉེར་ཁང་ནས་ཡིན་པའི་སྐུ་ཞབས་ཡོཆིརོ་ནམབུ་ (Yoichiro Nambu དང་ཉི་ཧོང་ནས་ཡིན་པའི་སྐུ་ཞབས་མ་ཀོ་ཏོ་ཀོ་བ་ཡ་ཤི་Makoto Kobayashiདང་ཏོ་ཤི་ཧི་དེ་ མ་སི་ཀ་བ་ Toshihide Maskawa བཅས་ཡིན། སྐུ་ཞབས་ཡཆིརོས་རྡུལ་ཕྲན་གྱི་ཆ་ཤས་སུ་གྱུར་པའི་ཤིན་ཏུ་ཕྲ་བའི་རྡུལ་དེ་དག་གི་གདོས་ཚད་ཤེས་རྟོགས་ཡོང་བར་ཕན་རླབས་ཤིན་ཏུ་ཆེ་བའི་ཆ་མཚུངས་ཞིག་པའི་རྣམ་གཞག་ཞེས་པ་གསར་རྙེད་བྱུང་ཡོད། དེ་བཞིན་སྐུ་ཞབས་མ་ཀོ་ཏོ་དང་ཏོ་ཤི་ཧི་དེ་གཉིས་ཀྱིས་ཆ་མཚུངས་ཞིག་པའི་རྣམ་གཞག་གི་འབྱུང་ཁུངས་གསར་རྙེད་བྱུང་བ་དང་དེའི་ཐོག་ནས་རྗེས་སོར་་ཁུཨརཀ་ཞེས་པའི་ཕྲ་རྡུལ་དེར་གཞི་རྩའི་སྡེ་ཚན་གསུམ་པ་ཚོད་དཔག་བྱུང་ཡོད།

རྫས་སྦྱོར་སློབ་ཚན་ནང་གཟེངས་རྟགས་ཐོབ་མཁན་ནི་མཚོ་གནས་སྲོག་ཆགས་ཚན་རིག་པ་སྐུ་ཞབས་ཨོ་ས་མ་ཤི་མོ་མུ་ར་Osamu Shimomuraདང་ཁེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་སྐུ་ཞབས་རོ་ཇར་ཙེ་འན་Roger T. Tsienགཉིས་ཡིན། སྤྱིར་གོང་གི་ཚན་རིག་པས་གསར་རྙེད་གང་བྱུང་བ་དེ་དག་ལོ་མང་སྔོན་ནས་གསར་རྙེད་བྱུང་བ་ཞིག་ཡིན་ཀྱང་དེའི་འབྲས་བུའམ་གཟེངས་རྟགས་ད་ལྟ་ཐོབ་པ་ཞིག་རེད།

Post a Comment

Previous Post Next Post