སྤྱིར་ཀོ་སོ་མོ་ cosmo ཞེས་པ་གོ་རིམ་དང་ལོ་ཇི་ logy ཞེས་པ་རྒྱུ་མཚན་དང་ཚིག་དང་འཆར་གཞི་སོགས་ལ་གོ་བ་ཡིན་པས་ཡང་སྙིང་འཇིག་རྟེན་ཁྱོན་ཡོངས་ཀྱི་སྐོར་སློབ་སྦྱོང་བྱེད་རྒྱུ་དེ་ལ་ཀོ་སོ་མོ་ལོ་ཇི་ཟེར་གྱི་ཡོད། འདི་ལྟའི་འཇིག་རྟེན་ཁམས་ཀྱི་སློབ་སྦྱོང་དེ་ནི་ཚན་རིག་དང་ལྟ་གྲུབ། ཆོས་ལུགས་སོགས་གཞུང་ལུགས་དུ་མ་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཡོད། ཉེ་བའི་ཆར་དངོས་ཁམས་ཚན་རིག་(Physicsདང་སྐར་དཔྱད་རིག་པས་རྟོག་ཞིབ་དང་ཨང་རྩིས་ཀྱི་ཐབས་ལམ་དུ་མ་ལ་བརྟེན་ནས་ཕྱི་དངོས་ཀྱི་འཇིག་རྟེན་ཁམས་ཀྱི་རིག་པ་ཞེས་པ་སློབ་གཞི་གསར་པཞིག་དར་སྤེལ་བྱུང་བ་རེད། སློབ་གཞི་འདི་ལྟར་བྱས་ན་ད་ལྟའི་འཇིག་རྟེན་ཁམས་དེ་གས་ཐོར་ཆེན་པོ་(Big Bangཞིག་ནས་འགོ་བཙུགས་པ་དང་དེ་ནས་ད་ལྟ་བར་ལོ་ཐེར་འབུམ་ ༡༣་༧ ལྷག་ཙམ་ཕྱིན་པ་འདོད་ཀྱི་ཡོད།

དེ་མིན་ཆོས་ཕྱོགས་ཀྱི་འཇིག་རྟེན་ཆགས་རབས་དང་ཚད་མ་རིག་པའི་འཇིག་རྟེན་རིག་པ་དང་གསང་བའི་འཇིག་རྟེན་རིག་པ་སོགས་འཇིག་རྟེན་ཁམས་ཀྱི་རིག་པ་དུ་མ་ཡོད་པ་ལས་ད་ལྟ་གཙོ་བོ་རྒྱ་ཁྱབ་སུ་ཁས་ལེན་པ་ནི་ཚན་རིག་གི་གཞུང་ནས་བཤད་པའི་འཇིག་རྟེན་གྱི་རྣམ་བཞག་འདི་ཆགས་ཡོད། དེ་ཡང་ཚན་རིག་གི་འཇིག་རྟེན་ཆགས་རབས་བཤད་པའི་གས་ཐོར་ཆེན་མོའི་རྣམ་བཞག་འདིར་དུས་དང་ཆགས་རིམ་གྱི་སྒོ་ནས་རིམ་པ་དུ་མར་དབྱེ་ཆོག་པ་དང་། རིམ་པ་སོ་སོར་དུས་སྐབས་ཞེས་པའི་ཐ་སྙད་སྦྱར་ཡོད་པ་དང་སོ་སོར་བཤད་ན།

པེ་ལེངྒ་གི་དུས་སྐབས།  (Planck epoch)
(གས་ཐོར་ཆེན་པོ་ནས་སྐར་ཆ  ༡༠-༤༣ བར།)

གལ་ཏེ་བསམ་ཚུལ་དེ་བདེན་པ་ཡིན་ན་དུས་རབས་དེའི་རིང་གཞི་རྩའི་ཤུགས་བཞི་པོ་སྟེ། གློག་ཁབ་ལེན་གྱི་ཤུགས། ཞན་པའི་ཤུགས། དྲག་པའི་ཤུགས། འཐེན་ཤུགས་བཅས་ཚང་མའི་ནུས་པ་ཆ་མཉམ་ཡིན་དགོས་པ་དང་སྐབས་དེར་གཅིག་སྡུད་ཀྱི་ཤུགས་གཅིག་ལས་མེད་པའང་ཡིན་སྲིད། དུས་སྐབས་འདིའི་སྐོར་གྲུབ་དོན་མི་མཐུན་པ་མང་པོ་ཡོད་པས་རེ་རེས་འགྲེལ་བཤད་རེ་བྱེད་པ་དང་འདིའི་སྐབས་ཀྱི་གནས་ཚུལ་དེ་ཙམ་ཤེས་རྟོགས་ཐུབ་ཀྱི་མེད། དུས་སྐབས་དེའི་སྔ་རོལ་དུ་སྤྱིའི་ལྟོས་གྲུབ་ཀྱི་གྲུབ་དོན་ལྟར་བྱས་ན་འཐེན་ཤུགས་གཅིག་རྐྱང་ (Gravitational singularity གི་གནས་སྐབས་གཅིག་འདོད་ཀྱང་དེ་ལ་ཁོན་ཊམ་རིག་པས་གནོད་ཀྱི་ཡོད།
དེ་ལྟར་ཡང་ཁོན་ཊམ་འཐེན་ཤུགས་ཀྱི་གྲུབ་དོན། དཔེར་ན།  ཕྲ་སྐུད་གྲུབ་དོན་ (String Theory དང་།  ཁོན་ཊམ་ལུང་གི་གྲུབ་དོན་སོགས་ཀྱི་ཐོག་ནས་དུས་རབས་འདིའི་སྐོར་གནས་ཚུལ་ཇེ་མང་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

རྒྱ་ཆེའི་གཅིག་སྒྲིལ་གྱི་དུས་སྐབས། (The Grand Unification epoch)
(གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་ཆ  ༡༠-༤༣ ནས ༡༠-༣༦ བར།)

པེ་ལེངྒའི་དུས་སྐབས་རྗེས་འཇིག་རྟེན་རྒྱ་བསྐྱེད་པ་དང་མཉམ་དུ་དྲོད་ཚད་མར་ཆག་ཡོད། གཞི་རྩའི་ཤུགས་བཞི་པོ་ལས་ཐོག་མར་འཐེན་ཤུགས་ཕྱིར་ཐོན་འགོ་ཚུགས། དུས་སྐབས་འདིའི་གནས་སྟངས་མང་པོ་ཞིག་གཅིག་སྡུད་ཀྱི་ཤུགས་ཤིག་གི་ཐོག་ནས་འགྲེལ་བརྗོད་བྱ་དགོས་པས་དེ་ནི་ཚད་ལྡན་གྱི་དཔེ་གཟུགས་ (Standard model) ནང་འགྲེལ་བརྗོད་བྱེད་ཀྱི་ཡོད། མི་རིང་བར་ལྟེ་ཤུགས་དྲག་པ་ཡང་གློག་ཁབ་ལེན་དང་ལྟེ་ཤུགས་ཞན་པ་ལས་ལོགས་སུ་བྱེས། དེ་ནི་རྒྱ་སྐྱེད་འགོ་ཚུགས་པ་དང་དུས་མཉམ་བྱུང་ཡོད་། གྲུབ་དོན་ཁ་ཅིག་གིས་བཤད་དོན་ལྟར་ན་དེ་ལས་ཁབ་ལེན་སྣེ་རྐྱང་པ་ Magnetic monopole བྱུང་དགོས། དུས་སྐབས་དེའི་རིང་ལྟེ་ཤུགས་དྲག་པ་དང་གློག་ཁབ་ལེན། ཞན་ཤུགས་བཅས་མཉམ་དུ་གནས་པས་བེམ་རྫས་ཐ་དག་ཧིག་སི་བྷོ་སོན་ Higgs boson ཁོ་ནའི་ངོ་བོར་གནས་ཡོད།

རྒྱ་སྐྱེད་ཀྱི་དུས་སྐབས། (The inflationary epoch)
གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་ཆ ༡༠-༣༦ ནས་ ༡༠-༣༢ བར།
འཇིག་རྟེན་རྒྱ་སྐྱེད་དེའི་སྐབས་དྲོད་ཚད་གང་ཡིན་གསལ་པོ་མི་ཤེས་པས་དུས་ཚོད་ཀྱང་ངེས་་བརྟན་ཞིག་ཤེས་ཀྱི་མེད། རྒྱ་སྐྱེད་དེའི་སྐབས་འཇིག་རྟེན་ཁམས་དེ་ཧ་ཅང་ལེབ་མོར་གྱུར་པ་མ་ཟད་ཕྱོགས་མཐའ་ཡོངས་སུ་གཅིག་འགྱུར་དང་རྒྱུ་ཆ་ཆ་མཚུངས་གནས་པས་འབྱུང་འགྱུར་གྱི་བཀོད་དབྱིབས་ཀྱི་ས་བོན་གྲུབ་ཡོད། བཤད་ཚུལ་གཞན་འགའ་ཞིག་ལྟར་བྱས་ན་རྒྱ་སྐྱེད་ཀྱི་གནས་སྐབས་མ་བྱུང་བའི་སྔ་རོལ་དུ་འཇིག་རྟེན་ཁམས་ནི་ཧ་ཅང་གྲང་ཞིང་སྟོང་བར་གནས་ཡོད། གས་ཐོར་ཆེན་པོའི་ཐོག་མའི་དུས་སྐབས་སུ་དྲོད་ཚད་དང་ནུས་པ་ཧ་ཅང་ཆེན་པོ་བྱུང་བ་ནི་འཇིག་རྟེན་རྒྱ་སྐྱེད་ཀྱི་མཇུག་ཏུ་ངོ་བོ་འགྱུར་སྟངས་སོགས་ལས་བྱུང་བ་ཞིག་ཡིན།


གློག་ཁབ་ལེན་དང་ཞན་ཤུགས་ཀྱི་དུས་སྐབས། (The Electroweak epoch)
 (གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་ཆ  ༡༠-༣༢ ནས ༡༠-༡༢ བར།)

སྐབས་འདིའི་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ཆེས་ཆག་ཟིན་པས་དྲག་པའི་ལྟེ་ཤུགས་ནི་གློག་ཁབ་ལེན་དང་ཞན་ཤུགས་ལས་ཕྱིར་ཐོན་ཟིན་ཡོད། འདི་ལྟའི་འཕེལ་འགྲིབ་ཀྱི་འགྱུར་བ་ལས་ཧ་ཅང་གཞི་རྒྱ་ཆེ་བའི་རྒྱ་སྐྱེད་བྱུང་བ་དེར་འཇིག་རྟེན་གྱི་རྒྱ་སྐྱེད་ཆེན་མོ་ཟེར་གྱི་ཡོད། རྒྱ་སྐྱེད་དེའི་རྫོགས་མཚམས་སུ་རྡུལ་ཕྲན་ཕན་ཚུན་ལྟོས་རེས་ཀྱི་ནུས་པ་ད་དུང་མེད་པས་བྷོ་སོན་རིགས་ཆགས་ཐུབ་ཙམ་ཡིན།


ཁུ་ཨག་གི་དུས་སྐབས། (The Quark epoch)
གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་ཆ་ ༡༠- ༡༢ ནས་ ༡༠-༦ བར། 

གློག་ཁབ་ལེན་དང་ཞན་ཤུགས་ཀྱི་དུས་སྐབས་ཀྱི་རྗེས་སུ་གཞི་རྩའི་རྡུལ་ཚང་མར་ཧིག་སི་བརྒྱུད་རིམ་གྱི་ཐོག་ནས་གདོས་ཚད་ཆེ་རུ་བསྐྱེད་པ་དང་། གཞི་རྩའི་དངོས་པོ་ཕན་ཚུན་དབར་ད་ལྟའི་གནས་སྐབས་བཞིན་་ཤུགས་བཞི་པོས་བྱེད་ལས་འགོ་འཛུགས་བྱས་ཡོད་ཀྱང་ད་དུང་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ལྷག་པར་ཆེ་བས་ཁུ་ཨག་རྣམས་ཕན་ཚུན་འདུས་ནས་ཧེ་ཊོན་གྱི་རྡུལ་རིགས་གྲུབ་ཐུབ་མེད།

ཧ་ཌྲོན་གྱི་དུས་སྐབས། (The Hadron epoch)
གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་ཆ་ ༡༠-༦ ནས་ ༡ བར།

འཇིག་རྟེན་ཁམས་ཀྱི་དྲོ་ཚད་རིམ་བཞིན་དམའ་རུ་ཕྱིན་པ་དང་མཚུངས་ཁུ་ཨག་དང་གུ་ལོན་གྱི་རྡུལ་རྣམས་འདུས་ནས་ཧ་ཌྲོན་གྱི་རིགས། དཔེར་ན། བར་རྡུལ་དང་ཕོ་རྡུལ་ལྟ་བུ་གྲུབ། གས་ཐོར་ཆེན་པོ་ནས་སྐར་ཆ་གཅིག་གི་རྗེས་ནུ་ཊྲི་ནོ་ཕན་ཚུན་ལྟོས་རེས་བྲལ་ཏེ་ནམ་མཁའ་གང་སར་གྲམ། འཇིག་རྟེན་གྱི་ནུ་ཊྲི་ནོ་དེ་དག་གི་རྗེས་ཤུལ་ད་ལྟ་མཐོང་ཆོས་སུ་གྲུབ་པའི་གཞི་གདན་སྣང་སྲིད་ཕྲ་རླབས་དག་ཡིན།

ལེབ་ཊོན་གྱི་དུས་སྐབས། (The Lepton epoch)
གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་ཆ་ ༡ ནས་སྐར་མ་ ༣ བར།

ཧ་ཌྲོན་གྱི་དུས་སྐབས་རྫོགས་མཚམས་ཧ་ཌྲོན་དང་དེའི་ལྡོག་རྡུལ་ཕན་ཚུན་འཐབ་སྟེ་རྩ་མེད་སོང་བས་འཇིག་རྟེན་ཁམས་ཕལ་ཆེ་བ་ལེབ་ཊོན་དང་ལེབ་ཊོན་གྱི་ལྡོག་རྡུལ་གྱིས་ཁེངས། གས་ཐོར་ཆེན་པོ་བྱུང་ནས་སྐར་ཆ་གསུམ་ཙམ་འདས་མཚམས་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ཧ་ཅང་ཉམས་པས་ལེབ་ཊོན་དང་ལེབ་ཊོན་གྱི་ལྡོག་རྡུལ་གསར་བསྐྲུན་མཚམས་འཇོག་བྱུང་བ་དང་། སྔར་ཡོད་ལེབ་ཊོན་དང་དེའི་ལྡོག་རྡུལ་མང་ཆེ་བ་ཕན་ཚུན་འཐབ་སྟེ་ནུབ་པས་ལེབ་ཊོན་རིགས་ཉུང་ངུ་ཞིག་ལས་མ་ལྷག

འོད་རྡུལ་གྱི་དུས་རབས། (The Photon epoch)
གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་མ་ ༣ ནས་ ༣༨༠༠༠༠ བར།

ལེབ་ཊོན་གྱི་དུས་སྐབས་རྫོགས་རྗེས་ལེབ་ཊོན་དང་དེའི་ལྡོག་རྡུལ་མང་ཆེ་བ་འཇིག་ཟིན་པས་འཇིག་རྟེན་ཁམས་ཀྱི་ནུས་པ་ཕལ་ཆེ་བ་འོད་རྡུལ་གྱི་ངོ་བོར་གནས་ཡོད། འོད་རྡུལ་དེ་དག་མུ་མཐུད་ཕོ་རྡུལ་དང་གློག་རྡུལ། ལྟེ་རྡུལ་སོགས་གློག་ཁུར་ལྡན་པའི་རྡུལ་དང་མཉམ་དུ་ནུས་འབྲེལ་བྱུང་བ་དང་། ལོ་ངོ་འབུམ་གསུམ་ཙམ་རིང་དེ་ལྟར་མུ་མཐུད་གནས་པ་རེད།


བསྐྱར་དྲོས་དུས་སྐབས། (Reheating)
བསྐྱར་དྲོས་ཀྱི་དུས་སྐབས་སུ་དེ་སྔ་རྒྱ་སྐྱེད་སྐབས་བྱུང་བའི་རྒྱ་སྐྱེད་ཤུགས་ཆེ་བ་དེ་མཚམས་ཟད་པ་དང་རྒྱ་སྐྱེད་ཀྱི་ནུས་པ་ལྷག་མ་རྣམས་རྡུལ་གྱི་པ་ལ་སི་མའི་ངོ་བོར་གནས་ཡོད། དུས་སྐབས་འདིར་འཇིག་རྟེན་ཁྱོན་ཡོངས་འགྱེད་འཕྲོ་དང་ཁུ་ཨག་དང་གློག་རྡུལ་དང་ནུ་ཏྲི་ནོ་ quarks &Neutrinos བཅས་ཀྱི་ངོ་བོར་གནས་ཡོད།

བྷར་ཡོན་དུས་སྐབས། (Baryogenesis)
ད་བར་དངོས་ཁམས་ཚན་རིག་པ་ཚོས་བྷར་ཡོན་གྱི་ལྡོག་རྡུལ་ལས་བྷར་ཡོན་མང་བ་ཡོང་དགོས་དོན་ཤེས་ཀྱི་མེད། དེ་ལྟར་འགྲེལ་བཤད་ཐུབ་པར་རྒྱ་སྐྱེད་དུས་སྐབས་ཀྱི་དུས་ཡུན་གང་ཙམ་རྗེས་སར་ཀ་རོབ་གནས་སྟངས་ Sakharov condition སྐོར་ཚུད་དགོས་ཀྱི་ཡོད། གནས་ཚུལ་དེ་དག་ནི་དངོས་ཁམས་ཚན་རིག་དང་གཅིག་སྡུད་ཀྱི་གྲུབ་དོན་ལ་སློབ་གཉེར་བྱེད་སྐབས་རོབ་ཚོད་ཙམ་ལས་རྒྱ་ཆེ་སའི་གནད་ཆ་ཚང་ད་ལྟ་ཤེས་རྟོགས་ངེས་བརྟན་ཐུབ་ཀྱི་མེད།

ལྟེ་རྡུལ་དུས་སྐབས། (Nucleosynthesis)
གས་ཐོར་ཆེན་པོའི་རྗེས་ཀྱི་སྐར་མ་ ༣ ནས་སྐར་མ་ ༢༠ བར། འོད་རྡུལ་དབང་སྒྱུར་གྱི་དུས་རབས་ོགས་མཚམས་འཇིག་རྟེན་ཁམས་ཀྱི་དྲོད་ཚད་ནི་རྡུལ་ཕྲན་གྱི་ལྟེརྡུལ་ཆགས་ཐུབ་པའི་དྲོད་ཚད་བར་ཆགས་པ་དང་། ཕོ་རྡུལ་དང་བར་རྡུལ་རྣམས་ལྟེ་རྡུལ་སྡེབ་སྦྱོར་གྱི་བརྒྱུད་རིམ་གྱི་ཐོག་ནས་རྡུལ་ཕྲན་གྱི་ལྟེ་རྡུལ་ཆགས་འགོ་ཚུགས། འོན་ཀྱང་ལྟེ་རྡུལ་བཟོ་སྐྲུན་གྱི་གནས་སྟངས་དེ་སྐར་མ་བཅུ་བདུན་མ་གཏོགས་མ་གནས་པ་ནི་འཇིག་རྟེན་ཁམས་གྱི་དྲོད་ཚད་དང་སྟུགས་ཚད་གཉིས་ཀ་ཧ་ཅང་ཉམས་འགྱུར་བྱུང་བས་ལྟེ་རྡུལ་སྡེབ་སྦྱོར་གྱི་བརྒྱུད་རིམ་མུ་མཐུད་འགྲོ་མ་ཐུབ།དུས་སྐབས་འདིར་ཡང་རླུང་དེ་ཧི་ལམ་ལས་ལྡབ་གསུམ་གྱི་མང་བ་དང་དེ་མིན་རྩ་ས་གཞན་པའི་ལྟེརྡུལ་ཧ་ཅང་ཉུང་ངུ་ཞིག་ཀྱང་ཡོད།

བེམ་གཟུགས་དུས་སྐབས། Matter Domination ༧༠༠༠༠ དུས་སྐབས་དིར་བེམ་གཟུགས་དང་འགྱེད་འཕྲོའི་སྟུག་ཚད་ཆ་སྙོམ་ཡིན།

འཇིག་རྟེན་དང་འབྲེལ་བའི་སྐར་དཔྱད་རིག་པའི་ལོ་རྒྱུས།



  • ཡེ་ཤུའི་སྔོན་ལོ་ ༢༡༣༦ ལ་རྒྱ་ནག་གི་སྐར་དཔྱད་མཁན་ཚོས་ཉི་འཛིན་ཐོ་འགོད་བྱས་ཡོད།

  • ཡེ་ཤུའི་སྔོན་ལོ་ ༥༨༦ ལོར་མི་ལེ་ཊ་སི་Thales of Miletus) ཞེས་པས་ཉི་འཛིན་ཇི་ལྟར་ཡོང་མིན་སྐོར་སྔོན་དཔགས་བྱས་ཡོད།

  • ཡེ་ཤུའི་སྔོན་ལོ་ ༣༥༠ ཨེ་རི་སི་ཊོ་ཊལ་ཞེས་པ་དེས་ས་ཡི་གོ་ལ་ཟླུམ་པོ་ཡིན་པ་དང་འཇིག་རྟེན་གྱི་དབུས་སུ་གནས་ལུགས་བཤད་ནས་གོ་ལ་དབུས་གནས་ཀྱི་འཇིག་རྟེན་རྣམ་བཞག་བྱུང་། 

  • ཡེ་ཤུའི་སྔོན་ལོ་ ༢༧༠ ཙམ་ལ་ཨ་རིས་ཊར་ཁ་སི་(Aristarchus) ཞེས་པ་དེས་ཉི་མ་དབུས་གནས་ཀྱི་འཇིག་རྟེན་རྣམ་བཞག་གམ་བསམ་ཚུལ་ཐོག་མར་བསྟན། 

  • ཡེ་ཤུའི་རྗེས་ལོའམ་སྤྱི་ལོ་ ༡༢༥ ལོར་ཊོ་ལེ་མི Ptolemy ཞེས་པ་དེས་ཉི་མ་དབུས་གནས་ཡིན་པའི་བསམ་ཚུལ་རྒྱས་བཤད་དང་ཁ་གསལ་བྱས། 

  • སྤྱི་ལོ་ ༡༥༡༢ ཙམ་ནས་ཚན་རིག་པ་ཁོ་པར་ནི་ཁ་སི་ཞེས་པ་དེས་སྤེལ་བའི་དཔྱད་རྩོམ་དང་ཕྱག་དེབ་ནམ་མཁའི་ཕུང་གཟུགས་ཀྱི་འཁོར་སྐྱོད་ (Commentariolus & De Revolutionibus Orbium Coelestium) ཅེས་པའི་ནང་ཉི་མ་དབུས་གནས་ཀྱི་བསམ་ཚུལ་དཔེ་རིས་ཀྱི་ལམ་ནས་འགྲེལ་བཤད་སྔར་ལྷག་སྟོན་གནང་མཛད། 

  • སྤྱི་ལོ་ ༡༥༧༦ ༦༠༡ ཊ་ཡི་ཁོ་བྷ་ར་ཧེ་(Tycho Brahe)ནས་གཟའ་དང་སྐར་མར་ཞིབ་རྟག་བྱས།

  • ༡༥༨༩ ༡༦༠༩ གྷེ་ལེ་ལི་ཨོ་ནས་དངོས་པོ་ཐམས་ཅད་གདོས་ཚད་ལ་ལྟོས་མེད་སྣོན་ཚད་མཉམ་པ་ཞིག་གི་ཐོག་ནས་ ལྷུང་བར་བཤད། རྒྱང་ཤེལ་ཐོག་མ་དེ་གསར་བཟོ་མཛད།

  • ༡༦༠༩ ༡༦༡༩ ཇོ་ཧེ་ནེས྄་ཀེབ་ལར་ནས་རང་གི་གཟའ་ཡི་འགུལ་སྐྱོད་ཀྱི་ཁྲིམས་གསུམ་གཏན་འབེབ་མཛད།

  • ༡༦༦༥ ༡༧༠༤ ཟླ་བའི་འཁོར་ལམ་ལས་ནིའུ་ཊོན་གྱིས་ འཐེན་ཤུགས་རྙེད། ལྡོག་འཕྲོའི་རྒྱངཤེལ་ཐོག་མ་དེ་བཟོས། འཐེན་ཤུགས་ཀྱིས་གཡོ་འགུལ་བྱེད་པའི་གཟའ་རྣམས་ཀེབ་ལར་གྱིས་ཁྲིམས་བརྩི་སྲུང་བྱེད་པ་བསྟན། འོད་རིག་པའི་སྐོར་རྩོམ་ཐུང་ཞིག་བྲིས།

  • ༡༧༡༥ ཨེཊ་མུནཊ་ཧེ་ལི་ཡིས་(Edmund Halley)འཛམ་བུ་གླིང་གི་ངོས་སུ་ཉི་འཛིན་གྱི་གྲིབ་མའི་ལམ་རྩིས་རྒྱབ།

  • ༡༧༦༦ ཧེན་རི་ཁེ་ལྭེན་ཌིཤ་(Henry Cavendish)ཡིས་ཧཡེ་ཌ་རོ་ཇན་(Hydrogen)གསར་རྙེད་བྱུང་།

  • ༡༨༠༠ ༡༨༠༣ ལྭི་ལམ་ཧར་ཤེལ་(William Herschel)གྱིས་ཉི་མ་ལས་དམར་ནང་གི་འགྱེད་འཕྲོ་འབྱིན་པ་རྙེད། ཐོ་མས྄་ཡང་(Thomas Young) གིས་འོད་དེ་རླབས་ཀྱི་རང་བཞིན་ལྡན་པ་སྟོན། ཇོན་ཌལ་ཊོན་(John Dalton) གྱིས་བེམ་ས་རྣམས་རྡུལ་ཕྲན་ལྕི་ཡང་འདྲ་མིན་གྱི་འདུས་པར་བཤད།

  • ༡༨༧༡ ༡༨༧༣ ཌིམིཊིརི་མེན་ཌེ་ལིབ་(Dimitri Mendeleyev)ཀྱིས་རྩ་ས་རིའུ་མིག་གསར་བཟོ་མཛད། ཧན་རི་ཌེ་རེ་པ་(Henry Draper)ཡིས་འོད་ལ་དཔྱད་པའི་ཐོག་ནས་དངོས་པོའི་ས་སྦྱོར་འཚོལ་བའི་རིག་པ་གསར་གཏོད་བྱས། ཇེམ་སི་ཁལ་རག་མེག་སི་ལྭལ་(James Clerk Maxwell)ནས་འོད་དེ་གློག་སྡུད་ཁབ་ལེན་ཀྱི་རང་བཞིན་ཡོད་པར་བཤད།

  • ༡༨༤༠ ༡༨༤༩ ཇེ་ཌབ་ལུ་ཌེ་རེ་པར་(J.W.Draper)ཡིས་གཟའ་སྐར་གྱི་པར་ལས་སྲོལ་གཏོདདེ་ཟླ་བའི་པར་ཐོག་མ་དེ་རྒྱག་ཐུབ་པ་བྱུང་། ཊོབ་ལར་(Doppler)ནས་འགུལ་སྐྱོད་ཀྱིས་རླབསཐག་ལ་ཁྱད་པར་འགྲོ་ཡི་ཡོད་པར་བཤད། ཨཡི་ལེནཊ་ལ་ཡོད་པའི་བྷིར་མཁར་གྱི་སྟེང་ལོཌ་རོས྄་ཡིས་(Lord Rosse) ཨིན་ཇི་ ༦༠ ཅན་གྱི་ལྡོག་འཕྲོའི་རྒྱང་ཤེལ་གསར་འཛུགས་ཟིན། ཨར་མནཊ་ཕི་ཛུའུ་(Armand Fizeau) དང་ཇིན་བྷར་ནཊ་(Jean Bernard)གཉིས་ནས་འོད་ཀྱི་མགྱོགས་ཚད་ཏག་ཏག་འཇལ་ཐུབ་པ་བྱུང།

  • ༡༨༨༥ ༡༨༨༨ ཧན་རིག་ཧ་རཛ་(Heinrich Hertz)ཡིས་རླུང་འཕྲིན་གྱི་རླབས་ཤེས་རྟོགས་བྱུང་།

  • ༡༨༩༥ ༡༨༩༧ ལྭིལ་ཧེམ་རོཨན་ཊན་(Wilhelm Roentgen)ལ་ཨེཀས྄་འོད་ཟེར་གསར་རྙེད་བྱུང་བ་དང་། ཡང་ཇོ་སིབ་ཐོམ་སོན་(Joseph Thomson)ལ་གློག་རྡུལ་གསར་རྙེད་བྱུང་།

  • ༡༩༠༠ མེཀ་སི་པེལེང་(Max Planck) ནས་ཕུངགཟུགས་ནག་པོའི་འགྱེད་འཕྲོའི་སྐོར་བཤད་པདང་། པོལ་ལྭི་ལཊ་ལ་གྷ་མ་འོད་ཟེར་(Gammarays)གསར་རྙེད་བྱུང་།

  • ༡༩༡༣ ནིལས་བྷོར་(Niels Bohr)ནས་རྡུལ་ཕྲན་གྱི་ཀོན་ཊམ་ལྟ་གྲུབ་(Quantum theory) དེ་གྲོས་འདོན་བྱས།

  • ༡༩༣༠ ༡༩༣༤ ཀལ་ཇན་སིཀི་(Karl Jansky) ནས་རླུང་འཕྲིན་གྱི་རྒྱང་ཤེལ་ཐོག་མ་དེ་བཟོས། ཇེམས྄་ཅཌ་ལྭིག་གིས་བར་རྡུལ་གསར་རྙེད་བྱས།

  • ༡༩༤༢ ༡༩༤༩ ཇེ་ཨེས་ཧེ་(J.S.Hey) ནས་ཉི་མ་ལས་འོང་བའི་རླུང་འཕྲིན་གྱི་རླབས་རྙེད་པ་དངབར་སྣང་ནང་དུ་སྐར་དཔྱད་རིག་པའི་རྒྱང་ཤེལ་དེ་ཐོག་མར་བཏང་བ་རེད། ཧར་བཱཌ་ཕརཌ་མེན་ (Herbert Friedman) ལ་ཉི་མ་ལས་འོང་བའི་ཨེཀས་འོད་ཟེར་ X-rays དེ་རྙེད་པ་རེད།

  • ༡༩༦༣ ༡༩༦༧ ད་བར་གྱི་སྡེར་མ་གཅིག་རྐྱང་པ་ཡིན་པའི་རླུང་འཕྲིན་རྒྱང་ཤེལ་ཆེ་ཤོསཕྲད་ཚད་མི་ཊར་ ༣༠༠ ཡིན་པ་དེ་ཐོག་མར་བཀོལ་སྤྱོད་བྱས།

  • ༡༩༩༠ ༡༩༩༦ ཧ་བྷལ་བར་སྣང་གི་རྒྱང་ཤེལ་འགོ་འཛུགས་བྱས། མི་ཊར་༡༠ ལྡན་གྱིདམར་ཕྱིའི་འོད་ཀྱི་རྒྱང་ཤེལ་ཀེཀ་ཞེས་པ་དེ་ཐོག་མར་བཀོལ་སྤྱོད་བྱས།

  • ༡༩༩༩ ཅཱན་ཌ་ར་ཨེཀས་འོད་ཟེར་ རྗ་པྱཎཕྲཔྲ གྱི་རྒྱང་ཤེལ་དེ་ཐོག་མར་འགོ་འཛུགས་བྱས།།

Post a Comment

Previous Post Next Post