འཛམ་བུ་གླིང་གི་རླུང་གི་གོ་ལ་ནི་དེ་ཉིད་སྟུམ་བྱེད་ཀྱི་རླུང་རྫས་ཀྱི་རིམ་པ་དེ་དག་ཡིན་པ་དང་དེ་ནི་སའི་གོ་ལའི་འགུག་ཤུགས་ཀྱིས་བཅིངས་ཡོད། རླུང་རྫས་ཀྱི་བརྒྱ་ཆ་ ༧༨ ནཡི་ཊོར་ཇན་དང་། བརྒྱ་ཆ་ ༢༡ འཚོ་རླུང་དང་། བརྒྱ་ཆ་ ༠་༩༣ ཨར་གྷོན་དང་། བརྒྱ་ཆ་ ༠་༠༤ ནག་རླུང་དང་གཞན་རླུང་རྫས་མི་ཉུང་བ་བཅས་ཀྱི་སྒྲུབ་པ་ཡིན། འདི་ལྟའི་རླུང་རྫས་འདྲེས་མ་དེར་ཡོང་གྲགས་སུ་རླུང་ཞེས་ཟེར། རླུང་གི་གོ་ལ་དེས་ཉི་འོད་ཀྱི་སྨུག་ཕྱིའི་འོད་འགོག་པ་དང་། ཉིན་མཚན་བར་ཚ་དྲོད་ཁྱད་པར་ཉུང་དུ་བཏང་བས་མཐུ་ལས་འཛམ་བུ་གླིང་སྟེང་གི་སྲོག་ཆགས་རྣམས འཚོ་སྲུང་བྱེད་པ་རེད།
རླུང་གི་གོ་ལ་དེ་དང་བར་སྣང་གཉིས་ཀྱི་དབར་ངེས་གཏན་ཁེལ་བའི་མཚམས་ཤིག་མེད། དེ་ནི་རིམ་པས་སྲབ་ཏུ་སོང་སྟེ་ནམ་མཁའི་ནང་ཡལ་འགྲོ་བ་ཡིན། རླུང་གི་གོ་ལའི་གདོས་ཚད་ཀྱི་བཞི་ཆ་གཅིག་ནི་དང་པོ་འཛམ་བུ་གླིང་གི་ངོས་ནས་ཀི་ལོ་མི་ཊར་ ༡༡ ནང་ཡོད། ཨ་རིར་གལ་ཏེ་མི་ཞིག་གིས་ཀི་ལོ་མི་ཊར་ ༨༠ ལས་ལྷག་འགྲོ་བསྐྱོད་བྱས་ན་ཁོང་མཁའ་སྐྱོད་པའི་གྲས་སུ་འཇོག་པ་དང་། མཁའ་གྲུ་རྣམས་ཕྱིར་འཛམ་བུ་གླིང་ནང་ཞུགས་སྐབས་ས་ཁ་ནས་ཀི་ལོ་མི་ཊར་ ༡༢༠ མཚམས་རླུང་གི་གོ་ལའི་ནུས་རྐྱེན་རྣམས་ཚོར་བས་སྐབས་འགར་ཀིལོ་མི་ཊར་ ༡༠༠ མཚམས་དེར་ཀར་མན་གྱི་ཐིག་ཅེས་ཏེ་རླུང་གི་གོ་ལ་དང་ཕྱི་བར་སྣང་གི་དབྱེ་མཚམས་ལྟ་བུར་འཛིན་གྱི་ཡོད།
རླུང་གི་གོ་ལའི་གནོན་ཚད་དང་མཐུག་ཚད་བར་གྱི་འབྲེལ་བ།
མཚོ་ཁར་རླུང་གི་གོ་ལའི་ཆ་སྙོམས་ཀྱི་གནོན་ཚད་ནི་ཀི་ལོ་པས྄་ཀལ་ ༡༠༡ ཡིན། རླུང་གི་གོ་ལའི་གནོན་ཚད་ནི་གནོན་ཚད་འཇལ་སའི་སྟེང་དུ་རླུང་ལྗིད་ཚད་ཇི་ཡོད་པ་ལས་ཚད་གཞལ། དེ་འདྲ་ཡིན་དུས་རླུང་གི་གནོན་ཚད་ནི་ས་གནས་དང་དུས་སོ་སོར་འགྱུར་བ་འགྲོ་ཡི་ཡོད། རླུང་གི་གནོན་ཤུགས་ནི་མཐོ་ཚད་འཕར་བཞིན་ཆག་ ཀོ་ལོ་མི་ཊར་ ༦ གི་མཚམས་རླུང་གི་གནོན་ཤུགས་བརྒྱ་ཆ་ ༥༠ ཡིས་ཆག་གི་ཡོད། འདི་ལྟའི་རླུང་གི་གནོན་ཤུགས་ཀྱི་འཕར་ཆག་ནི་མཐོ་ཚད་ཉིས་ལྡབ་འཕར་སྐབས་གནོན་ཚད་ཕྱེད་ཀྱིས་ཆག་གོ འོན་ཀྱང་རླུང་གི་གོ་ལའི་ནང་དྲོད་ཚད་ལྷག་པར་འགྱུར་བ་དང་མཐོ་ཚད་འཕར་བཞིན་འགུག་ཤུགས་ཉམས་པ་སོགས་ལ་བརྟེན་ཡོངས་ཁྱབ་རླུང་གི་གནོན་ཚད་རྩིས་ཆེད་ཀྱི་མཚུངས་རྩིས་ཤིག་མེད་པ་རེད། གནོན་ཚད་དང་མཐོ་ཚད་བར་གྱི་འབྲེལ་བ།
༡༽ རླུང་གི་གོ་ལའི་གདོས་ཚད་བརྒྱ་ཆ་ ༥༠ ནི་མཐོ་ཚད་ཀི་ལོ་མི་ཊར་ ༥་༦ ནང་དུ་ཡོད།
༢༽ རླུང་གི་གོ་ལའི་གདོས་ཚད་བརྒྱ་ཆ་ ༩༠ ནི་མཐོ་ཚད་ཀི་ལོ་མི་ཊར་ ༡༦ ནང་དུ་ཡོད། འགྲུལ་འཁྱེར་ནམ་གྲུ་རྣམས་ནི་མཐོ་ཚད་ཀི་ལོ་མི་ཊར་ ༡༠ ནང་དུ་འགྲོ་སྐྱོད་བྱེད་ཀྱི་ཡོད།
༣༽ རླུང་གི་གོ་ལའི་གདོས་ཚད་བརྒྱ་ཆ་ ༩༩་༩༩༩༩༧ ནི་མཐོ་ཚད་ཀོ་ལོ་མི་ཊར་ ༡༠༠ ནང་དུ་ཡོད། ད་བར་གནམ་གྲུ་མཐོ་ཤོས་འཕུར་ཐུབ་པ་ནི་ཨེཀས྄་ ༡༥ དང་དེས་ ༡༩༦༣ ལོར་མཐོ་ཚད་ཀིལོ་མི་ཊར་ ༡༠ བསྐྱོད་ཐུབ་པ་བྱུང་།
དེ་ལྟར་རླུང་གི་གོ་ལའི་ཆ་མང་ཆེ་བ་ནི་ཀི་ལོ་མི་ཊར་བརྒྱའི་ ནང་དུ་ཚུད་རུང་དེའི་སྟེང་ཁུལ་དུ་མཚམས་སྤྲིན་དང་རླུང་གི་ཤུགས་རྐྱེན་ཡོད་དོ།
མཐའ་མའི་གོ་ལ།
མཐའ་མའི་གོ་ལ། གོ་ལ་འདི་ཀི་ལོ་མི་ཊར་ ༥༠༠ ནས་ ༡༠༠༠ དང་ ༡༠༠༠༠ བར་ཁྱབ་ཡོད། སྡུད་རའི་གོ་ལ་དང་ཉི་མའི་ལྷག་རླུང་གི་རྡུལ་རྣམས་རང་དབང་ངང་ཕྱི་ནང་དུ་རྒྱུ།
གྱེས་རྡུལ་གྱི་གོ་ལ།
ཉི་འོད་ཀྱི་གྱེས་རྡུལ་དུ་འགྱུར་བའི་རླུང་ཁམས་ཀྱི་རིམ་པ་ཞིག་ཡོད། རླུང་གི་གོ་ལའི་གློག་རྒྱུ་བར་ཕན་ནུས་ཆེ་བ་དང། ལྷག་པར་དུ་རྒྱང་ཐག་རིང་པོར་རླུང་འཕྲིན་ཕྱིར་གཏོང་བྱ་རྒྱུར་ཧ་ཅང་ཕན་ཐོག་ཆེན་པོ་ཡོད། དེ་ནི་ཚ་དྲོད་ཀྱི་གོ་ལའི་ནང་ཆགས་ཡོད།
བར་མའི་གོ་ལ།
གོ་ལ་རིམ་པ་དེ་ནི་ཀི་ལོ་མི་ཊར་ ༥༠ ནས་ ༨༠ དང་༨༥ བར་གནས་ལ་དེའི་ནང་དྲོད་ཚད་ནི་མཐོ་ཚད་འཕར་བཞིན་ཆག་གི་ཡོད།
དྲོད་སྙོམས་གོ་ལ།
དྲོད་སྙོམས་གོ་ལ། གོ་ལ་རིམ་པ་དེ་ནི་མཐུག་ཚད་ས་ཁ་ནས་ཀི་ལོ་མི་ཊར་ ༧ དང་ ༡༧ བར་ནས་ ༥༠ གནས་ཡོད། དེ་ནང་དྲོད་ཚད་ནི་མཐོ་ཚད་དང་མཚུངས་རིམ་པས་འཕར་འགྲོཨོ་ཛོན་གྱི་གོ་ལ། དེ་ནི་ཨོ་ཛོན་ཅེས་པའི་འདུས་རྫས་ལྷག་པར་ལྡན་པའི་སའི་གོ་ལའི་རླུང་ཁམས་ཀྱི་རིམ་པ་ཞིག་གོ་་འོན་ཀྱང་རླུང་ཁམས་ཀྱི་འདུས་རྫས་དང་བསྡུར་ན་ཧ་ཅང་ཉུང་། དེ་ནི་དྲོད་སྙོམས་གོ་ལའི་གཤམ་དུ་ཡོད་ལ་གནམ་གཤིས་དང་ས་ཁམས་ཀྱི་འགྱུར་བ་ལ་བརྟེན་ནས་སའི་གོ་ལ་ལསམཐོ་ཚད་ཀི་ལོ་མི་ཊར་ ༡༥ ནས་ ༣༥ བར་གནས་སོ།
རིམ་འགྱུར་གོ་ལ། རིམ་འགྱུར་གོ་ལ་ནི་བང་རིམ་དམའ་ཤོས་དང་གོ་ལའི་ལྷོ་བྱང་སྣེ་གཉིས་སུ་ས་ཁ་ནས་ཀི་ལོ་མིཊར་ ༧ ཙམ་དང་། སའི་གོ་ལའི་དཀྱིལ་དུ་གནམ་གཤིས་འགྱུར་བ་ལ་བརྟེན་ནས་ཀི་ལོ་མི་ཊར་ ༡༧ ཡས་མས་སུ་ཡོད། རིམ་འགྱུར་གོ་ལ་འདིའི་ནང་ཉི་འོད་ཀྱི་ས་ཁ་དྲོས་པའི་རྐྱེན་གྱིས་ཁ་རླུང་དྲོས་པ་དང་། དྲོས་པའི་རླུང་རྣམས་རིམ་པས་ནམ་མཁར་འདེགས་པའི་ཁ་རླུང་ནང་སྲེས་སྦྱོར་དུ་མ་བྱུང་བ་ཡིན། རྒྱུད་རིམ་དེ་བཞིན་ཆུ་ཟིལ་ཐམས་ཅད་མ་སྐེམ་བར་མུ་འཐུད་པ་རེད། གོ་ལ་འདིའི་ནང་མཐོ་ཚད་འཕར་བ་དང་དྲོད་ཚད་རིམ་པས་ཉུང་དུ་འགྲོ་ཡི་ཡོད།
Post a Comment