ང་ཚོས་ལུས་རྩལ་བྱེད་སྐབས་ཁྲག་རྩ་རྣམས་ཕྱིར་འབུར་ཐོན་པ་ནི་ཁྲག་ཤུགས་སམ་ཁྲག་བོངས་རྒྱས་པ་གང་ཡང་མིན། དེ་ནི་ལྤགས་པའི་འོག་ནས་ཁྲག་རྩ་རྣམས་ཕྱིར་དབྱུང་བའི་དབང་གིས་ཡིན། ལྷོད་དལ་སྐབས་སྙིང་ཤག་གཡོན་མ་ནས་ཁྲག་རྩའི་ནང་ཁྲག་ཤུགས་དྲག་ཆེན་པོའི་འདེད་པ་དང་སྐབས་འདིའི་དྲག་ཚད་དེ་ལ་ཁྲག་ཚད་མཐོ་བའི་ཚད་ཟེར། རྒྱུན་དུ་དེའི་ཚད་ནི་དངུལ་ཆུ་མི་ལི་མི་ཊར་ ༡༢༠ ཙམ་ཡིན། སྐབས་འདིའི་དྲག་ཚད་དམའ་ཤོས་དེ་ལ་ཁྲག་ཚད་དམའ་བ བྱ་བ་དང་རྒྱུན་དུ་དེའི་ཚད་ནི་དངུལ་ཆུ་མི་ལི་མིཊར་ ༨༠ ཙམ་ཡིན། ལུས་རྩལ་འགོ་བཙུགས་སྐབས་སྙིང་གི་འཕར་ལྡིང་ཆེ་རུ་ཕྱིན་ཏེ་ཁྲག་རྩའི་ནང་མྱུར་པོར་ཁྲག་འདྲེན་ཏེ། དེ་འདྲའི་སྐབས་ཁྲག་ཚད་མཐོ་བ་དེ་དངུལ་ཆུ་མི་ལི་མི་ཊར་ ༢༠༠ བར་རྒྱས་རུང་ཁྲག་ཚད་དམའ་བ་དང་སྙིང་ནང་ཚུར་འདྲེན་བྱེད་ཀྱི་སྡོད་རྩའི་ཤུགས་དྲག་རིམ་པས་ཉམས་པ་རེད། ཁྲག་རྩའི་དྲག་ཚད་འཕར་བ་དེས་ཤ་རྒྱུས་ཀྱི་གསེལ་རྣམས་ལ་བཅུད་དངསྙིགས་རོ་དབོར་འདྲེན་བྱེད་པའི་ཁྲག་རྩ་ཕྲ་མོ་རྣམས་ཀྱི་སྟེང་དུ་གནོན་ཤུགས་ཐེབས་པ་དང་། རྒྱུ་མཚན་དེར་བརྟེན་ཤ་རྒྱུས་རྣམས་ལུས་རྩལ་བྱེད་སྐབས་སྦོས་ཤིང་མཁྲེགས་པོར་འགྱུར་རོ། ཤ་རྒྱུས་རྣམས་སྦོས་པའི་དབང་གིས་པགས་པ་དང་ཉེ་བའི་ཁྲག་རྩ་རྣམས་ཕྱིར་དབྱུང་རྐྱེན་ང་ཚོར་འབུར་བར་སྣང་བ་ཡིན།

Post a Comment