ཚན་རིག་ཚགས་པར་ནི་ཕྱི་ལོ་༢༠༠༦ ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ནས་བཟུང་ཟླ་གསུམ་རེར་པར་སྐྲུན་འདོན་སྤེལ་བྱེད་བཞིན་པའི་བོད་ཡིག་ཚགས་པར་ཞིག་ཡིན་ལ། འདིར་གཙོ་བོ་ཚན་རིག་དང་འབྲེལ་བའི་གསར་གནས་དང་། ཚན་རིག་ཤེས་བྱ་མདོར་བསྡུས། འཕྲོད་བསྟེན་ཤེས་བྱ། ཚན་རིག་པའི་མི་ཚེའི་ལོ་རྒྱུས་སོགས་ཀྱིས་མཚོན་པའི་སྤྱིར་བཏང་གི་ཤེས་བྱ་ཁག་བོད་ཡིག་གི་ལམ་ནས་ངོ་སྤྲོད་བྱེད་བཞིན་པའི་དུས་ཚིགས་ཚགས་པར་ཞིག་ཡིན། འདིར་འཁོད་རྩོམ་ཡིག་ཁག་ནི་ཚན་རིག་སྡེ་ཚན་གྱི་ལས་བྱེད་རྣམས་ཀྱིས་འཚོལ་བསྡུ་དང་ཡིག་སྒྱུར་གྱིས་འདོན་སྤེལ་བྱེད་ཀྱིན་ཡོད་ལ། པར་འགྲེམ་བྱེད་ས་གཙོ་བོ་བོད་ཀྱི་སློབ་གྲྭ་དང་དགོན་སྡེ་ཁག་གིས་མཚོན་པའི་བོད་མིའི་སྤྱི་ཚོགས་ཧྲིལ་པོར་ཡིན། མངགས་ཉོ་གནང་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་དང་། བོད་ཀྱི་དཔེ་མཛོད་ཁང་གི་དེབ་འཚོང་ཁང་བཅས་ཡིན་པས་དེ་ལུགས་དགོངས་མངའ་ཡོད་པ་ཞུ། 
Previous Post Next Post