Canadian Sphinx Cat


འདི་ནི་ཁེ་ན་ཊའི་ནང་འཚོ་སྡོད་བྱེད་མཁན་གྱི་ཞི་མིའི་རིགས་ཀྱི་སྲོག་ཆགས་ཤིག་ཡིན་པ་དང་། མཐོང་སྣང་ལ་ཤིན་ཏུ་མི་མཛེས་པའི་སྲོག་ཆགས་ཤིག་ཡིན་ཡང་གཤིས་སྤྱོད་ཤིན་ཏུ་འཇམ་པ་ཞིག་ཡོད་སྐད། མ་ཟད་ཤེས་འདོད་ཆེ་བ་དང་ཞི་མིའི་རིགས་གཞན་གྱིས་འགྲོ་འོང་མི་བྱེད་པའི་སར་འགྲོ་རྒྱུར་དགའ་བ་ཞིག་ཡིན།

Mole Rat


སྤུ་མེད་ཙི་ཙིའི་རིགས་འདི་ནི་དུས་ཡུན་ཕལ་ཆེ་བར་ས་འོག་ཏུ་འཚོ་གནས་བྱེད་པར་བརྟེན་གཟུགས་བཀོད་དང་ཁ་དོག་སོགས་འཚོ་གནས་ཀྱི་ཆེད་དུ་དེ་ཙམ་གལ་གནད་ཆེ་བ་མིན་པ་བཞིན་རྣམ་པ་ཤིན་ཏུ་མི་མཛེས་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན། ཁོང་ཚོ་ས་འོག་ཏུ་སྦྲང་མ་བཞིན་སྤྱི་ཚོགས་སེམས་ཅན་གྱི་ངོ་བོར་འཚོ་བ་དང་རིགས་རྒྱུད་སྐྱེད་སྲིང་བྱེད་མཁན་གྱི་རྒྱལ་མོ་ཡང་ཡོད། སྤུ་གྲི་ལྟར་རྣོ་བའི་མདུན་སོས་ས་བྲུས་ནས་དེའི་འོག་ཏུ་སྡོད་པ་ཡིན།

Yeti Crab


འདིའི་མིང་ལ་དྲེད་མོང་ཁེརེབ་ཅེས་འབོད་པ་དང་ཞི་བདེའི་རྒྱ་མཚོའི་ནང་ཕྷི་ཊ་བརྒྱད་སྟོང་ལྷག་གི་རྟིང་དུ་འཚོ་སྡོད་བྱེད་མཁན་གྱི་སྲོག་ཆགས་ཡ་མཚན་ཅན་ཞིག་ཡིན། ཁོང་ཚོར་དྲེད་མོང་ཞེས་འབོད་དགོས་དོན་ནི་ཁ་དོག་དཀར་པོ་ཅན་གྱི་སྤུ་རིང་དང་ལྡན་པའི་ལག་ངར་ཤིན་ཏུ་ཆེ་བ་ཡོད་པ་ལ་བརྟེན་ནས་བརྗོད་པ་ཞིག་ཡིན།

Aye-Aye


ལུས་ལ་སྤུ་ཕྲན་བུ་ལས་མེད་པ་དང་མིག་ཤིན་ཏུ་ཆེ་བ་བཅས་འཇིགས་སུ་རུང་བའི་སྲོག་ཆགས་འདི་ནི་མཚན་ལང་བྱེད་མཁན་གྱི་ནུ་གསོའི་སེམས་ཅན་ཞིག་དང་། མ་དྷ་གྷ་སི་གར་གླིང་ཆེན་ནང་འཚོ་སྡོད་བྱེད་མཁན་གྱི་སྟོང་ལ་ཉེ་བའི་སྲོག་ཆགས་ཤིག་ཡིན། ཡུལ་མི་ཚོས་སེམས་ཅན་འདི་ནི་ལྟས་ངན་ཞིག་ལ་འཛིན་པས་མཐོང་བ་ཙམ་གྱིས་གསོད་རྐྱང་བྱེད་པར་བརྟེན་ད་ཆ་སྟོང་ལ་ཉེ་བའི་མཚམས་སུ་སླེབས་ཡོད།

Post a Comment

Previous Post Next Post