སྤེལ་མཁན། : tsenrig 11/29/2009


དུག་སྦྲང་ནི་ང་ཚོར་འཚེ་བ་ཁོ་ན་བྱེད་མཁན་གྱི་སྲོག་ཆགས་ཤིག་ཡིན། དེས་ང་ཚོའི་ལུས་ཀྱི་ཁྲག་འཇིབ་པ་དང་ཚོར་བ་མི་བདེ་བ་སྐྲུན་པ་མ་ཟད་ཉེན་ཁ་ཆེ་བའི་ནད་གཞི་མང་དག་ཞིག་ཁྱབ་འཕེལ་གཏོང་གི་ཡོད། དེར་བརྟེན་ཁོང་ཚོས་སོ་རྒྱབ་པ་ཙམ་མ་ཡིན་པར་སྒྲ་ཐོས་པ་ཙམ་གྱིས་ཁོང་ཁྲོ་ལང་བ་དང་ཚོར་བ་མི་བདེ་བ་ཡོང་གི་ཡོད། འོན་ཀྱང་ཁོང་ཚོའི་འཛེར་སྒྲ་དེ་དུག་སྦྲང་རང་དང་རིགས་མཐུན་གྱི་མཚན་མ་གཞན་ཅན་ཞིག་གི་ཐོས་སྐབས་དེ་ནི་སྙན་འཇིབ་ལྡན་པ་དང་དགའ་རྩེའི་རྣམ་འགྱུར་སྟོན་པའི་སྒྲ་ཞིག་ཡིན། ཁོང་ཚོས་ཟློས་ཕྱོད་འདྲ་མིན་ཅན་གྱི་སྒྲ་སྣ་ཚོགས་སྐྲུན་ཐུབ་པ་དང་དེ་ཡང་རང་གི་གཤོག་པའི་འདར་འགུལ་གྱི་མྱུར་ཚད་ལ་སྟངས་འཛིན་བྱས་པའི་ཐོག་ནས་སྐྲུན་གྱི་ཡོད་། ཚན་རིག་པས་ཉེ་ཆར་ཤེས་རྟོགས་བྱུང་བར་གཞིགས་ན། སོ་སོའི་འདོད་པ་དང་མཐུན་པའི་བདེ་ཐང་ཅན་གྱི་རོགས་པ་ཞིག་ཐོབ་པར་གཞན་དེའི་རྣམ་འགྱུར་དང་མཐུན་པའི་སྒྲ་རླབས་འདྲ་མིན་སྐྲུན་པ་དང་དུས་ནས་དུས་སུ་དེར་འགྱུར་བཅོས་གཏོང་གི་ཡོད། དཔེར་ན། ཁོང་ཚོ་འགའ་ཞིག་གིས། རང་གི་གཤོག་པའི་འདར་ཚད་དམ། གཤོག་སྒྲ་དེ་རང་གི་སྣང་བ་འགྲོ་སའི་དུག་སྦྲང་གི་གཤོག་པའི་འདར་ཚད་དང་མཉམ་པ་འགུལ་ཐུབ་པ་དང་དེ་མཐུན་གྱི་འགྱུར་བ་གཏོང་ཐུབ། དུག་སྦྲང་ཕོ་མོ་གང་འདྲ་ཞིག་ཡིན་རུང་མཚན་མ་མི་འདྲ་བའི་དུག་སྦྲང་གཞན་ཞིག་དང་ཕྲད་སྐབས་ཐོག་མར་གཤོག་སྒྲ་སྐྲུན་པ་དང་མཐར་གཉིས་མོས་བྱུང་མཚམས་ཟུང་གཞས་ཤིག་དང་ལྷན་དུ་མཁྲེག་སྦྱོར་གྱི་བྱ་བར་འཇུག་པ་ཡིན། སྤྱིར་རྒྱུན་ལྡན་དུག་སྦྲང་ཕོ་ཞིག་གི་གཤོག་པའི་འདར་ཚད་ཟློས་ཕྱོད་༦༠༠་དང་མོའི་ཟློས་ཕྱོད་༤༠༠་ཙམ་ཡིན་ཀྱང་མཁྲེག་སྦྱོར་གྱི་ཟུང་གཞས་གཏོང་སྐབས་ཟློས་ཕྱོད་༡༢༠༠་ཙམ་སྐྲུན་ཐུབ།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།