སྤྱི་ལོ་ ༡༩༨༥ ལོ་དབྱིན་ཇི་དང་ཨ་རིའི་ཚན་རིག་པ་ཁ་གཅིག་གིས་ཚན་རིག་གི་བརྟག་དཔྱད་ཞིག་བྱས་ཡོད་པ་དང་བརྟག་དཔྱད་དེའི་དམིགས་ཡུལ་ནི་སྲོག་ལྡན་དངོས་པོ་ཐམས་ཅད་གྲུབ་བྱེད་གལ་གནད་ཆེ་བའི་རྩ་རྫས་ཀར་བོན་འདི་བཞིན་ཐོག་མར་ཉི་མའི་ནང་ཇི་ལྟར་གྲུབ་མིན་ཤེས་ཐབས་བྱེད་རྒྱུ་དེ་ཡིན། འོན་ཀྱང་བརྟག་དཔྱད་འདིའི་ཞོར་འབྲས་ལྟ་བུར་དེ་སྔོན་ཤེས་ཚོར་མེད་པའི་ཀར་བོན་གྱི་འདུས་རྫས་གསར་པ་ཞིག་རྙེད་སོར་བྱུང་ཡོད་པ་དང་།འདུས་རྫས་དེར་ཀར་བོན་རྡུལ་ཕྲན་དྲུག་བཅུ་ཡོད་པ་དང་རྐང་སྤོལ་གྱི་དབྱིབས་ལྟར་ཟླུམ་ལ་སྒོར་བ་ཞིག་ཡིན། དེ་ནས་བཟུང་འདུས་རྫས་འདིའི་བྱེད་ལས་དང་ཁྱད་ཆོས་སོགས་ བརྟག་དཔྱད་མུ་མཐུད་བྱས་ཡོད། ཀར་བོན་འདུས་རྫས་འདི་ཕན་ཚུན་སྣེ་མཐུད་ནས་ཤིན་ཏུ་ཕྲ་ལ་བསྲ་བའི་སྦུ་གུ་ནར་མོ་དེ་འདྲ་སྐྲུན་ཐུབ་པ་དང་སྦུ་གུ་དེ་དག་མིའི་སྐྲ་ལས་རྡབ་ཁྲི་ལྔའི་ཕྲ་བ་མ་ཟད་བསྲེས་ལྕགས་ལས་ལྡབ་བཅུའི་ཡང་བ་དང་ལྡབ་ལྔ་སྟོང་གི་མཁྲེགས་པའམ་ཤུགས་ཆེ་བ་ཡོང་གི་ཡོད།

སྦུ་གུ་དེ་འདྲ་མང་པོ་ལྷུ་སྒྲིག་ནས་སྐུད་པ་དང་ཤོག་བུ་སོགས་གཟུགས་དབྱིབས་འདྲ་མིན་ཅན་གྱི་ཐོན་སྐྱེད་སྐྲུན་ཐུབ་པ་དང་། དངོས་པོའི་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བྱེད་ལས་ལ་བརྟེན་ནས་རྗེས་སོར་ཤིན་ཏུ་ཡང་བ་དང་བསྲ་བའི་གནམ་གྲུ་དང་འཕྲུལ་འཁོར། དེ་བཞིན་ད་ཡོད་ལས་ཤུགས་ཚད་ཆེ་བའི་རྩིས་འཁོར་དང་གཟུགས་བརྙན་ཤིན་ཏུ་གསལ་བའི་བརྙན་འཕྲིན་གྱི་ངོ་ཡོལ་སོགས་ཐོན་སྐྱེད་མང་དག་ཞིག་སྐྲུན་པར་བེད་སྤྱོད་ཡོང་གི་ཡོད། ༡༡༡༡༡༡༡༡༡༡༡༡༡༡༡

འདུས་རྫས་འདི་ལས་བྱས་པའི་ཤོག་བུ་ལ་གྷག་ཤོག་ཟེར་བ་དང་ད་ལྟའི་ཆར་འདིའི་བཟོ་སྐྲུན་ཚད་ཅན་ཞིག་ལས་འཁོ་འདོན་ཐུབ་ཀྱི་མེད་པ་དང་དེའི་རྐྱེན་པས་གོང་ཚད་ཀྱང་ཤིན་ཏུ་ཆེན་པོ་ཡིན་པས་ཁྲོམ་རར་འགྲེམས་སྤེལ་ཐུབ་མེད། འོན་ཀྱང་ཨ་རིའི་ཕོ་ལོ་རི་ཌ་མངའ་སྡེའི་ཉམས་ཞིབ་ཁང་གི་ཚན་རིག་པ་ཚོས་མི་རིང་བར་ཤོག་བུ་འདི་བཞིན་དཔལ་འབྱོར་གྱི་ཁྲོམ་རར་གོང་ཚད་རན་པའི་ཐོག་ཚོང་འགྲེམ་བྱེད་ཐུབ་པའི་ཐབས་ལམ་ཞིག་རྙེད་རེ་བྱེད་བཞིན་ཡོད།

Post a Comment

Previous Post Next Post