སྤེལ་མཁན། : tsenrig 7/31/2008



མཁྲིས་ཞག་ཅེས་པ་ནི་ལུས་པོའི་ཕྲ་ཕུང་ཚང་མའི་ནང་གི་ཆ་ཤས་གལ་ཆེ་ཤོས་ཤིག་ཡིན་པདང་ཚིལ་ལས་གྲུབ་པ་ཞིག་ཡིན། ཚིལ་གྱི་རྒྱུ་ས་འདི་ཕལ་མོ་ཆེ་མཆིན་པའི་ནང་དུ་བསྐྲུནཔ་དང་ཧོར་མོན་དང་མཁྲིས་ཁུ་ Hormone & Bile བཟོས་སྐྲུན་བྱེད་པར་ཕན་ཐོགས་ཀྱི་ཡོད། མ་ཟད་ལུས་པོ་ཡོངས་ཀྱི་ཕུང་གྲུབ་ནང་དུ་ཁྲག་ལམ་རྒྱུད་ནས་ཚིལ་རྣམས་ཡར་མར་སྐྱེལ་འདྲེན་བྱེད་པར་ཕན་ཐོགས་ཡོང་གི་ཡོད། མཁྲིས་ཞག་དང་ཚིལ་ཞག་གཉིས་ལི་པོ་སྤྲི་དཀར་གྱི་རྣམ་པར་བསྒྱུར་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད། ལི་པོ་སྤྲི་དཀར་ནི་དབུས་སུ་མཁྲིསཞག་དང་ཚིལ་ཞག་གཉིས་ཡོད་པ་དང་ཕྱི་རུ་ཁྱེར་ཆེད་ཀྱི་སྤྲི་དཀར་ཡོད་པ་ཞིག་ལ་ཟེར། མི་འགའ་ཞིག་གི་ལུས་པོའི་ཁྲག་ལམ་ནང་མཁྲིས་ཞག་མང་དྲགས་ཡོད་པ་དང་འདི་ནི་ཕ་མའི་བུ་ཕྲུག་ལ་བརྒྱུད་གཏོང་ཐུབ་པའི་ཁྱད་ཆོས་ཤིག་ཡིན་པ་དང་ཡང་སྐབས་རེ་སོ་སོའི་ཟས་བཅུད་ཀྱི་རྐྱེན་པས་ཡོང་སྲིད་པ་ཞིག་ཀྱང་ཡིན། དེ་མིན་ལུས་པོའི་ནང་ན་ཚས་རྐྱེནཔས་ཀྱང་ཡོང་སྲིད། དཔེར་ན། བྱེ་མ་ཀ་རའི་ན་ཚ་ལྟ་བུ།

ང་ཚོའི་ཟ་མ་ཤ་དང་། སྣུམ། དཀར་ཟས་ལས་བྱུང་བའི་ཞག་རྩིས་ལུས་ཁྲག་ནང་མཁྲིསཞག་གི་ཚད་ཧ་ཅང་མང་ངུ་གཏོང་གི་ཡོད། ལུས་པོའི་ཁྲག་གི་ནང་མཁྲིས་ཞག་ཚད་མཐོབོ་ཡོད་ཚེ་སྙིང་ནས་ཕྱིར་ཐོན་པའི་ཁྲག་རྩའི་ནང་ངོས་སུ་ཚིལ་ཞག་གི་ཕུང་གྲུབ་ཀྱི་རིམ་པ་གསར་དུ་སྐྱེས་ནས་ཁྲག་ལམ་རྒྱ་ཆུང་དུ་གཏོང་བ་དང་། འདི་ལྟར་བྱུང་བས་སྙིང་དང་སྙིང་རྩའི་ན་ཚ་འདྲ་མིན་སྐྱེ་བའི་ཉེན་ཁ་ཆེན་པོ་ཡོང་གི་ཡོད། འོན་ཀྱང་ཁྲག་གི་མཁྲིས་ཞག་ནངགལ་ཏེ་ལི་པོ་སྤྲི་དཀར་གྱི་སྟུགས་ཚད་ཆེ་བ་ཡོད་ཚེ་འདིས་སྙིང་གི་ན་ཚ་ལས་སྐྱོབ་ཀྱི་ཡོད། རྒྱུ་མཚན་ནི་སྟུགས་ཚད་ཆེ་བའི་ལི་པོ་སྤྲི་དཀར་ (HDL) གྱིས་ཁྲག་རྩའི་ནང་གི་མཁྲིས་ཞག་རྣམས་སླར་ཡང་ཡར་བླངས་ནས་མཆིན་པའི་ནང་ཕྱིར་འོར་འདྲེན་གྱིས་དེར་རྩ་མེད་བཟོ་བ་ཡིན། དེ་འདྲ་སོང་ཙང་ (HDL) འདི་ལ་མཁྲིས་ཞག་ཡག་པོ་ཟེར་བ་དང་སྟུགས་ཚད་དམའ་བའི་ལི་པོ་སྤྲི་དཀར་ (LDL) དེས་ཁྲག་རྩ་འགག་འཇུག་གི་ཡོད་པས་དེར་མཁྲིས་ཞག་ངན་པ་ཞེས་ཟེར་གྱི་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།