དེ་སྔ་ལོ་བདུན་ཙམ་གྱི་ནང་གཟའ་མིག་དམར་གྱི་ གྲོག་ཤུར་དང་འོབས་དོང་ནང་གི་ཕུང་བསགས་ལས་གཟའ་འདིའི་སྟེང་ཆུ་རྒྱུག་པར་ཚོད་དཔག་བྱེད་ཀྱི་ཡོད། ༢༠༠༥ ལོར་མིག་དམར་ལྟ་ཞིབ་མཁའ་མྱུལ་བས་པར་བཏང་བ་ལས་གྲོག་ཤུར་ཞིག་ཏུ་དེ་སྔ་ལོ་བཞི་ཙམ་གྱི་སྔོན་དུ་མེད་པའི་ཆུའི་རྒྱུག་ཤུར་ཞིག་གསལ་འདོན་བྱུང་ཡོད་པ་རེད། ཕུང་བསགས་དེའི་རྗེས་མའི་པར་རྣམས་ཀྱི་ནང་ཉི་མའི་འོད་ཁ་ཕྱོགས་འདྲ་མིན་ནས་ཕོག་རུང་རྒྱུག་ཤུར་གྱི་སྐྱ་མདོག་དེ་ནམ་ཡང་མ་བརླག་པ་སོང་གྲིབ་མའམ་ས་རྡོག་གི་རུས་རྒྱབ་པའི་ཤུལ་མིན་པར་གསལ་འདོན་ཐུབ་ཀྱི་ཡོད། དེ་མཚུངས་ ༢༠༠༤ ཕྱི་ཟླ་གཉིས་པའི་ནང་རྒྱབ་པའི་པར་འགའ་ཞིག་ནང་ཕུང་བསགས་གཉིས་པ་ཞིག་ཀྱང་མངོན་འགྱུར་བྱུང་བའི་གནས་ཚུལ་ཞིག་སཡན་སི་ཞེས་པའི་དུས་དེབ་ནང་ཐོན་ཡོད། སྔ་ལོའི་ཕྱི་ཟླ་བཅིུག་པའི་ནང་དེ་སྔ་ལོ་ངོ་བཅུ་ཙམ་གྱི་རིང་ལས་དོན་བྱེད་བཞིན་པའི་མིག་དམར་ལྟ་ཞིབ་མཁའ་མྱུལ་བ་དེ་དང་འབྲེལ་མཐུད་མ་ཐུབ་པར་བརྟེན་གནས་ཚུལ་གསར་ཐོན་གང་ཡང་བྱུང་ཐུབ་མེད།

Post a Comment

Previous Post Next Post