སྤེལ་མཁན། : tsenrig 6/30/2007



དུས་རབས་བཅུ་དགུ་ནས་ཉི་ཤུར་ཁ་གཏད་པའི་དུས་ སྐབས་དེར་ངོ་མཚར་གྱི་ལྟད་མོ་ཆེ་ཤོས་ཞིག་བྱུང་བ་ནི་ཁཱོ་ནི་གླིང་ཕྲན་ནང་རང་དབང་ངང་འཚོ་བཞིན་པའི་གླང་ཆེན་གྱི་ཁྱུ་ཚོགས་དེ་རེད། དེ་དག་ལས་མི་ཚོས་དགའ་ཤོས་བྱེད་ས་ནི་ཤ་ཤེད་ཆེ་ལ་ལྗིད་ཚད་ཀི་ལོ་སུམ་སྟོང་ཙམ་ལྡན་པའི་ཊོབ་སི་ཞེས་པའི་གླང་པོ་ཆེ་དེ་རེད། འོན་ཀྱང་ཊོབ་སི་རང་ཉིད་སྣ་ཧ་ཅང་ཐུང་བར་བརྟེན་ལོ་གསུམ་གྱི་ནང་ཁོས་མི་གསུམ་བསད་ཟིན་པ་རེད། ཁོས་བསད་པའི་མི་མཐའ་མ་དེ་ནི་སྦྱོང་བདར་སྤྲོད་མཁན་ར་བཟི་བ་ཞིག་ཡོད་པ་ཁོས་ཁོང་རང་ལ་མེ་ཐ་མག་ཞིག་སྤྲོད་སྐབས་བསད་པ་རེད། དབང་འཛིན་པ་རྣམས་ཀྱིས་མཐར་སྲོག་ཐོག་གཏོང་རྒྱུའི་ཐག་ཆོད་བྱས་པ་དང་། སྲོག་ཐོག་གཏོང་ཐབས་སུ་གུང་ལ་ཕུག་ལ་ས྄ཡི་ནཊ་ཅེས་པའི་དུག་དང་བསྲེས་ཏེ་བསྟེར་ཀྱང་ད་དུང་ཁོང་མ་ཤི་བ་རེད།

གླིང་ཕྲན་དེའི་བདག་པོ་གཉིས་ཀྱིས་གླང་ཆེན་དེ་བསད་པ་དང་མཉམ་དུ་ཁེ་སང་ཡང་བཟོ་རྒྱུའི་ཐབས་སུ་ཊོབ་སིའི་སྲོག་ཐོག་དེ་མི་མང་གྱི་ལྟད་མོ་ཞིག་ཏུ་འགྱུར་རྒྱུའི་ཐག་ཆོད་བྱས། འོན་ཀྱང་སྐབས་དེར་སེམས་ཅན་སྲུང་སྐྱོབས་ཚོགས་པ་རྣམས་ཀྱིས་དཔྱང་ཐག་རྒྱབ་སྟེ་གསོད་པ་ནི་དུད་འགྲོའི་ཁྲིམས་དང་འགལ་འགྲོ་བའི་དེ་ལྟར་མི་ཆོག་པའི་ངོ་རྒོལ་བྱས། སྐབས་དེར་ནིའུ་ཡོག་ཏུ་སྐེ་ཐག་རྒྱབ་སྟེ་གསོད་རྒྱུའི་ཚབ་ཏུ་གློག་བསད་གཏོང་འགོ་བཙུགས་བཞིན་པ་རེད།

སྦྱིན་བདག་ཐོམ་སན་དང་གྲན་ཊི་གཉིས་ཀྱིས་གླིང་ཕྲན་དེར་གློག་ཁང་ཞིག་ཡོད་པས་གློག་གི་གསོད་ཐབས་བྱེད་རྒྱུར་ཐག་ཆོད་བྱས་པ་དང་། ལས་དོན་དེའི་ཕྱིར་ཐོ་མས྄་ཨེ་ཊི་སན་གདན་འབོད་གནང་འདུག

ཨེ་ཊི་སན་ཁོང་རང་དེ་དུས་ཨ་རིའི་གློག་གི་འཛུགས་སྐྲུན་གྱི་ཐད་ཇོར་ཇི་ལྭེས྄་ཀྲིང་ཧ་ཨུས྄་དང་མཉམ་དུ་འགྲན་རྩོད་ཧ་ཅང་ཆེ་བའི་སྐབས་ཡིན་པ་དང་། ཁོང་གིས་ཇོར་ཇི་ལྭེས྄་ཀྲིང་ཧ་ཨུས྄་ཀྱིས་གསར་གཏོད་བྱས་པའི་གློག་དེ་ཉེན་ཁ་ཆེན་པོ་ཡོད་པ་བརྗོད་ཀྱི་ཡོད། དེ་ལྟར་འགྲུབ་ཐབས་སུ་ཁོང་ནས་སེམས་ཅན་ཞི་མི་དང་ཁྱི་སོགས་དུ་མ་མང་ཚོགས་སྟེང་གློག་གིས་གསོད་ཐབས་བྱས་ཡོད། ད་དུང་ཁོང་ནས་ནིའུ་ཡོག་ཏུ་སྲོག་ཐོག་གཏོང་ཆེད་བཟོས་པའི་རྐུབ་སྟེགས་དེ་དག་ལ་ཇོར་ཇི་ལྭེས྄་ཀྲིང་ཧ་ཨུས྄་ཀྱི་གློག་དེ་བེད་སྤྱོད་བྱེད་རྒྱུར་བསམ་འཆར་སྟོན་ཡོད།

ད་ལྟ་གླ་ཆེན་ཀྲོབ་སི་གློག་བསད་གཏོང་རྒྱུ་བྱུང་བ་དེ་ནི་གོ་སྐབས་དེ་བས་བཟང་བ་ཞོག་ཏུ་མཐོང་ཏེ་ཨེ་ཊི་སན་ནས་ལམ་སེང་ཁས་ལེན་བྱས་པ་དང་ས་གནས་སུ་རང་གི་གློག་བཟོ་བ་དང་། པར་འདེབས་ཀྱི་རུ་ཁག་བཅས་བཏང་ཏེ་གླང་ཆེན་གསོད་རྒྱུའི་གྲ་སྒྲིག་བྱས། གློག་གི་ཡུ་བ་དང་པར་ཆས་ཚང་མ་གྲ་སྒྲིག་བྱུང་རྗེས་གློག་སྣོན་མནན་པ་དང་སྐར་ཆ་བཅུ་འང་མ་འགོར་བའི་ཐོག་བསད་ཚར། ཕྱིས་སུ་ཨེ་ཊི་སན་གྱིས་རང་གི་བརྗོད་དོན་རྣམས་ར་སྤྲོད་བྱེད་ཐབས་སུ་གློག་བརྙན་དེ་བརྙན་འཕྲིན་ཡོངས་སུ་བསྟན།

གང་ལྟར་ཨེ་ཊི་སཱན་གྱི་གྲི་སི་གློག་དང་ལྭེས྄་ཀྲིང་ཧ་ཨུས྄་ཀྱི་ཨེ་སི་གློག་གཉིས་བར་མཐར་བཟང་ངན་གྱི་ཁྱད་པར་གང་ཡང་མ་བྱུང་བ་དང་། ཁོང་རང་གཉིས་ཀ་འབྱོར་ལྡན་ཅན་དུ་གྱུར། འོན་ཀྱང་འཆི་འདས་ཟིན་པའི་ཀྲོབ་སི་དང་ལོ་ཤས་རྗེས་སུ་མེ་སྐྱོན་གྱིས་ཟིན་པའི་ལུ་ན་གླིང་ག་གཉིས་ལ་མཐར་ཁེ་ཕན་གང་ཡང་བྱུང་མེད།

ད་ཆ་ཨེ་ཊི་སན་གྱི་གློག་བརྙན་འདི་ལས་གཞན་ཅི་ཡང་མཐོང་རྒྱུར་ལྷག་མེད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།