བཙན་བྱོལ་དུ་བཞུགས་པའི་བོད་ཀྱི་དབུ་འཁྲིད་དང་ཕྱི་ལོ་ ༡༩༨༩ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ཕུལ་བའི་ཁྱད་འཕགས་སློབ་དཔོན་ཆེན་མོའི་མཚན་གནས་བཞེས་རྒྱུའི་ཞལ་བཞེས་ཐོབ་འདུག འདི་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ནས་ཉེར་གཉིས་བར་དུ་ྋགོང་ས་མཆོག་ཨེ་མོ་རི་མཐོ་སློབ་ཏུ་དངོས་སུ་ཕེབས་པ་དང་ཞལ་བཞེས་བཀའ་སློབ་གནང་རྒྱུ་ཡིན་འདུག ཆིབས་སྒྱུར་འདིའི་སྐབས་ྋགོང་ས་མཆོག་གིས་ད་དུང་ཆོས་ལུགས་དང་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ལ་འཛུལ་ཞུགས་གནང་རྒྱུ་མ་ཟད། ཇི་ལྟར་ཆོས་ལུགས་དེ་རྩོད་རྙོག་གི་འབྱུང་ཁུངས་ཞིག་ཏུ་འགྱུར་དང་ཞི་བདེ་སྐྲུན་བྱེད་ཀྱི་རྨང་གཞི་འགྱུར་ཅེས་པའི་ཆོས་ལུགས་ནང་ཁུལ་གྱི་བགྲོ་གླེང་ཞིག་ལ་ཡང་འཛུལ་ཞུགས་གནང་རྒྱུ་རེད་འདུག ཟླ་བ་བཅུ་པའི་ཚེས་ཉེར་གཉིས་ཉིན་ཨེ་མོ་རི་མཐོ་སློབ་ཀྱི་གོ་སྒྲིག་འོག་ནས་མི་མང་ཚོར་སེམས་དང་སྙིང་གི་སློབ་སྦྱོང་། འགྲོ་བ་མིའིསྤྱི་སེམས་སྤེལ་བའི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱང་གནང་རྒྱུ་རེད། ང་ཚོའི་སྤྱི་ཚོགས་འདིར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་བླ་མེད་ཕྱག་རོགས་ཡོད་པ་དེ། ང་ཚོའི་ཚོགས་སྡེ་འདི་དང་། ལས་བྱེད། དེ་བཞིན་སློབ་ཕྲུག་ཚོ་བཅས་ཀྱིས་སྙིང་དང་སེམས་གཉིས་ཆར་བློ་སྐྱེད་བྱ་རྒྱུ་དེ་སྔར་ལས་ལྷག་པའི་འགྲོ་བ་མི་ཞིག་བསྐྲུན་པའི་ཐབས་ལམ་དེ་ཡིན་པའི་ལྟ་བར་ངེས་ཤེས་རྙེད་ཐབས་ལ་སེམས་ཤུགས་དང་སྙིང་སྟོབས་ཟམ་མི་ཆད་པར་འབྱུང་སའི་ཁུངས་ལྟ་བུར་འགྱུར་ངེས་ཡིན། ཨེ་མོ་རི་མཐོ་སློབ་ཀྱི་གཙོ་འཛིན་རྗེམས྄་ལྭེགྷནེར་(James Wagner)  གྱིས་མུ་མཐུད་ནས་གསུངས་དོན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཆིབས་སྒྱུར་འདིས། ཕྱོགས་མཐའི་མཁས་དབང་ཁག་གདན་དྲངས་ནས་འགྲོ་བ་མིའི་གནས་སྟངས་ཐད་དགོས་མཁོ་ཆེ་ཞིང་ནུས་ཤུགས་ལྡན་པའི་ཚོགས་སྡེ་ཞིག་བསྐྲུན་རྒྱུས་མཚོན་པའི་མཐོ་སློབ་འདིའི་དམིགས་འདུན་འགྲུབ་པ་ལ་ཆེས་མངོན་གསལ་དོད་པའི་གཞོགས་འདེག་གི་ནུས་པ་ཐོན་ངེས་རེད་ ཅེས་གསུངས། ངར་ནམ་ཡང་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་ཀྱིས་ཨེ་མོ་རིའི་ཚོགས་སྡེ་དང་སློབ་ཕྲུག་ཚོར་ཞབས་འདེགས་ཞུ་འདོད་ཡོད། ཤེས་ཡོན་ནི་སྔར་ལས་འགྲོ་བ་མིའི་གནས་སྟངས་དང་། དྲང་བདེན་དང་ཞི་བདེ་བཅས་བསྐྲུན་པ་ལ་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་པར་ངས་སེམས་གཏིང་ནས་ཡིད་ཆེས་བྱེད་ཀྱིན་ཡོད། དེར་བརྟེན། ངས་ཐེངས་འདིའི་གོ་སྐབས་འདི་བརྒྱུད་ནས་ཞབས་ཞུ་ཕྲན་ཙམ་ཞུ་ཐུབ་པར་སེམས་གཏིང་ནས་དགའ་བོ་བྱུང་། ྋགོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན། ཆོས་ཚན་གཉིས་ཀ་ནི་འགྲོ་བ་མིའི་འཚོ་གནས་ཆུ་ཚད་གོང་མཐོར་གཏོང་ཆེད་དང་། མི་སྒེར་དང་འཛམ་གླིང་གི་རང་བཞིན་དཀའ་ངལ་སེལ་ཐབས་སུ་ཆེས་མེད་དུ་མི་རུང་བ་ཞིག་ཡིན་པས། ངས་དུས་ཡུན་རིང་པོ་ཞིག་གི་སྔོན་ནས་ཆོས་ཚན་གཉིས་དབར་ཕན་ཚུན་གོ་རྟོགས་སྤེལ་རེས་དང་བགྲོ་གླེང་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད། ཐེངས་འདིར་ྋགོང་ས་མཆོག་ལ་ཕུལ་བའི་མཚན་གནས་འདི་ནི་སྤྱི་ལོ་ ༡༩༩༨ ལོར་དབུ་བརྙེས་པའི་བོད་དང་ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཐད་བྱུང་བའི་ཡར་རྒྱས་ཀྱི་རྣམ་པ་གསར་ཤོས་ཤིག་ཡིན་པ་རེད། ཨེ་མོ་རི་མཐོ་སློབ་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་ནང་བསྟན་ཆོས་ལུགས་སློབ་གཉེར་ཁང་གདན་ས་ཆེན་པོ་འབྲས་སྤུངས་དང་། རྡ་ས་རིགས་ལམ་སློབ་གཉེར་ཁང་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་ལ་བརྟེན་ནས། ནུབ་ཕྱོགས་སུ་ཨི་མོ་རི་མཐོ་སློབ་ནི་བོད་ཀྱི་མཚན་ཉིད་རིག་པ་དང་ཆོས་ལུགས་ལ་སློབ་གཉེར་བྱེད་སའི་བསྟི་གནས་ཤིག་ཡིན་པར་ངོས་འཛིན་བྱེད་པ་རེད། མཛའ་འབྲེལ་འདིའི་ཆེས་ཡིད་སེམས་འགུལ་བའི་ལས་གཞི་གལ་འགངས་ཆེ་ཤོས་གཅིག་ནི། བོད་ཀྱི་གདན་ས་དང་དགོན་སྡེ་ཁག་ཏུ་ཚན་རིག་སློབ་ཚན་སློབ་རྒྱུ་ལས་འཆར་ཞིག་བོད་ཀྱི་དཔེ་མཛོད་ཁང་ནས་སྲི་ཞུ་གྲུབ་བཞིན་པ་དེར་ཨེ་མོ་རི་གཙོ་འཛིན་ནས་ལྷག་པར་རོགས་རམ་བྱ་རྒྱུའི་ཁས་ལེན་བྱུང་བ་ནི་ལོ་རྒྱུས་རང་བཞིན་ཅན་གྱི་གོམ་སྤོས་གསར་པ་ཞིག་ཡིན་པ་རེད།

Post a Comment

Previous Post Next Post