གལ་སྲིད་ཁྱེད་ཀྱིས་བྱ་སྒོང་ཞིག་བཅག་ནས་ནང་གི་གྲུབ་ཆར་ཞིབ་ཏུ་བལྟས་ཚེ། ཁྱེད་ཀྱིས་སྒོ་ངའི་སེར་རིལ་ཕྱི་ངོས་ཀྱི་དབུས་སུ་དཀར་ཐིག་ཆུང་ཆུང་ཞིག་ཡོད་པ་མཐོང་ཐུབ། དེ་ལ་ང་ཚོས་མིག་ཅེས་བརྗོད་པ་དང་དོན་དངོས་ཐོག་དེ་ནི་འབུ་ཕྲ་ཞིག་ཡིན་ལ་བྱེའུ་ཕྲུག་གི་སྦྲུམ་རྟེན་རེད། འབུ་ཕྲ་དེ་ལས་རིམ་བཞིན་བྱེའུ་ཕྲུག་གྲུབ་པ་ཡིན། སྒོ་ང་ཞིག་ལ་མིག་གམ་སྦྲུམ་རྟེན་དེ་མེད་ན་སྒོ་ང་བྱེ་བྲག་པ་དེ་ལས་བྱེའུ་ཕྲུག་སྐྱེ་མི་ཐུབ་པ་དང་། གལ་ཏེ་ཁོར་ཡུག་གི་དྲོད་ཚད་དང་རླན་ཚད་ཆེས་འཚམ་པོ་ཡོད་ཚེ་སྦྲུམ་རྟེན་གྱི་འབུ་ཕྲ་དེ་དུམ་བུ་མང་པོར་སོང་ནས་རིམ་བཞིན་ཇེ་ཆེར་གྱུར་ཏེ་བྱེའུ་ཕྲུག་གི་རགས་དབྱིབས་སུ་འགྱུར་བ་རེད། དེ་ནི་དཔེ་རིས་སྟེང་གསལ་བ་ལྟར་ཡིན། རིམ་བཞིན་ཇེ་ཆེར་འགྲོ་བའི་བྱེའུ་ཕྲུག་དེ་ཉིན་གྲངས་ཉེར་གཅིག་གི་རྗེས་སུ་སྒོང་ཤུབས་བརྟོལ་ནས་འཇིག་རྟེན་འདིར་གཞི་ནས་སླེབས་ཐུབ་པ་རེད། མི་མང་པོ་ཞིག་གིས་སྒོ་ངའི་ནང་གི་ཐིག་ལེ་དཀར་སེར་གཉིས་འདྲེས་སྟོབས་ཀྱིས་བྱེའུ་ཕྲུག་ཆགས་པར་བསམ་བཞིན་ཡོད་ནའང་། དོན་དངོས་ཐོག་དེ་དག་ནི་སྦྲུམ་རྟེན་འབུ་ཕྲ་དེ་རིམ་བཞིན་བྱེའུ་ཕྲུག་གི་ངོ་བོར་གྱུར་ནས་ཇེ་ཆེར་འགྱུར་བཞིན་པའི་སྐབས་ཀྱི་འཚོ་བརྟེན་ཡིན་པ་དང་། སྒོ་ངའི་ནང་གི་བྱེའུ་ཕྲུག་གིས་ཉིན་གྲངས་ཉེར་གཅིག་རིང་དེ་གཉིས་ཟས་ནས་འཚར་ལོངས་བྱུང་བ་དང་། རྗེས་སུ་སྒོང་ཤུབས་གཏོར་ནས་ཕྱིར་འབྱོར་བ་རེད། འོན་ཀྱང་། བྱ་སྒོང་ལས་ཐོན་མ་ཐག་པའི་བྱེའུ་ཕྲུག་དེར་བྱ་སྒོང་གི་ལྗིད་ཚད་ཀྱི་བརྒྱ་ཆ་གཅིག་ལས་མེད།

Post a Comment

Previous Post Next Post