སྤེལ་མཁན། : tsenrig 10/31/2006



གནས་ཚུལ་ཤེས་གསལ་ལྟར་ན། སྔ་ལོར་འཛམ་གླིང་གི་བྱང་སྣེའི་ཐོག་ཏུ་འཁོར་བའི་དགུན་རླུང་གིས་ཨོ་ཛཽན་རླུང་ཁམས་གཏོར་བྱེད་རླུང་རྫས་མང་པོ་ཞིག་ཆེས་མཐོའི་རླུང་ཁམས་ནས་མར་འཐེན་པ་དང་། དེ་ཉིད་ཨོ་ཛཽན་དང་སྦྲེལ་ཏེ་གཏོར་སྐྱོན་ཐེབས་པ་ལ་རྟེན་ནས་མཐོ་རིམ་བར་སྣང་གི་དྲོད་ཚད་ཆེ་རུ་འགྲོ་བ་དང་། དེས་རྐྱེན་འཛམ་གླིང་གི་གནམ་གཤིས་འགྱུར་བ་ཆེན་པོ་ཐེབས་བཞིན་ཡོད་ལུགས་བཤད་ཀྱི་ཡོད། དེ་ལྟར་ཨོ་ཛཽན་རླུང་ཁམས་འཇིག་པར་བྱེད་མཁན་གྱི་རླུང་རྫས་ནི་རྫས་འགྱུར་ཤིན་ཏུ་སླ་བའི་ནོཀས྄་NOx ལྟ་བུ་ཡིན་ཞིང་གནས་ཚུལ་འདི་འཛམ་གླིང་གི་བྱང་སྣེ་ཙམ་མིན་པར་ལྷོ་བྱང་གཉིས་གར་བྱུང་གི་ཡོད་པར་འདོད་ཀྱི་ཡོད། ཁ་ཅིག་གིས། འཛམ་གླིང་གི་དྲོད་ཚད་འཕར་བ་དང་ལྷན་དུ་ལྷོ་སྣེ་དང་བྱང་སྣེའི་ལྷག་རླུང་གི་ཤུགས་ཚད་ཀྱང་སྤྱི་སྙོམས་ཀྱིས་འཕར་བར་བཤད་པ་དང་། ཡང་ཁ་ཤས་ཀྱིས་དེ་ལས་ལྡོག་སྟེ་འཛམ་གླིང་གི་ཚ་ཚད་འཕར་བ་དང་ལྷན་དུ་ལྷོ་སྣེ་དང་བྱང་སྣེའི་ལྷག་རླུང ་དེ་རྒུད་འགྲོ་བར་ཡང་བཤད་ཀྱི་ཡོད། གང་ལྟར་ཡང་ཨོ་ཛཽན་འདི་བཞིན་ང་ཚོའི་རླུང་ཁམས་ཀྱི་རིམ་པ་སིཊེཊོས྄་ཕིཡར་(Stratosphere)ཞེས་པའི་ནང་ཡོད་པ་དང་དེའི་བྱེད་ལས་གཙོ་བོ་གཉིས་ནི་ཉི་མའི་འོད་ཟེར་དེ་བཞིན་རླུང་ཁམས་བརྒྱུད་ནས་བསྐྱོད་སྐབས་གནོད་ཚབས་ཆེ་བའི་སྨུག་ཕྱིའི་ཕྲ་རླབས་(UV)འགོག་རྒྱུ་དང་། དེ་བཞིན་ཨོ་ཛཽན་དང་སྨུག་ཕྱིའི་ཕྲ་རླབས་གཉིས་འདྲེས་པའི་སྐབས་བར་སྣང་དུ་དྲོད་སྐྱེད་པར་བྱེད་ཀྱི་ཡོད་པ་བཅས་ཡིན་ནོ།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།