ཁྱེད་ཀྱིས་འདས་ཟིན་པའི་དུས་ཡུན་ཅི་ཙམ་ཞིག་ཕྱིར་དྲན་བྱེདཐུབ་ཀྱིན་འདུག གཅིག་བྱས་ན་ལོ་ངོ་བཅུ་ཙམ། གང་ལྟར་ང་ཚོའི་ཡིག་ཐོག་གི་ལོ་རྒྱུས་ཀྱིས་འདས་པའི་དུས་ཡུན་ཧ་ཅང་རིངཔོར་འཁྲིད་ཐུབ། ཡི་གེ་འབྲི་རྒྱུ་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱིསྔ་རོལ་ཏུ་སུ་མི་རི་ཡན་(Sumerians)མི་རིགས་ཀྱིས་གསར་གཏོད་བྱས། འོན་ཀྱང་ཡིག་ཐོག་གི་ལོ་རྒྱུས་མ་བྱུང་གོང་གི་མིའི་རིགས་ཀྱི་ལོ་རྒྱུས་ནི་དེ་ལས་ཀྱང་ཕུགས་ཐག་ལྡབ་ཀྱིས་རིང་བ་ཡོད། ཚན་རིག་པ་མང་ཆེ་ཤོས་ཀྱིས་མིའི་རིགས་ཀྱི་ཐོག་མ་ནི་ལོ་ངོ་ཆིག་འབུམ་ཕྱེད་དང་འབུམ་གཉིས་དབར་དེར་ཨ་ཕི་རི་ཀའིཕྱོགས་སུ་བྱུང་བར་འདོད་ཀྱིན་ཡོད། འོན་ཀྱང་སའི་གོ་ལའི་གནས་ཡུན་གྱི་ཚད་དང་བསྡུར་ན་དེ་ནི་དུས་ཚོད་རིང་པོ་ཞིག་གི་སྔ་རོལ་མིན། གལ་སྲིད་ཁྱེད་ཀྱིས་འཇིག་རྟེན་ཁམས་ཡོངས་ཀྱི་བྱུང་རིམ་དེ་ཆུ་ཚོད་ཉེར་བཞིའི་ནང་བསྡུས་ནས་རྟོག་ཞིབ་ཅིག་བྱས་པ་ཡིནན།དེང་གི་འགྲོ་བ་མི་ནི་ཆུ་ཚོད་ཉེར་བཞིའི་ནང་གི་ཆེས་མཐའ་མཇུག་གི་སྐར་ཆ་གསུམ་པའི་ནང་བྱུང་བ་ལྟ་བུ་རེད། སའི་གོ་ལའི་ལོ་རྒྱུས་ལ་བསམ་གཞིགས་བྱེད་དུས། ང་ཚོས་ལོ་ངོ་ས་ཡ་དང་ས་ཡ་བརྒྱ་ཕྲག་ལྷག་ལ་བསམ་གཞིགས་བྱེད་དགོས་པས། ང་ཚོས་དེར་གཏིང་ཟབ་ཀྱི་དུས་ཚོད་དམ། ཡང་ན་ས་གཤིས་རིགཔའི་དུས་ཡུན་ཞེས་པའི་ཆེད་སྤྱོད་ཐ་སྙད་འདི་སྤྱོད་པ་རེད། སའི་གོ་ལའི་ལོ་རྒྱུས་ནི་བྲག་རྡོ་དང་དེར་ལྷག་པའི་འགྱུར་རྡོ་ཁག་ཏུབྲིས་ཡོད་པ་དང་། དེ་ཙམ་དུ་མ་ཟད་ད་དུང་སའི་གོ་ལའི་སྟེངགི་སྲོག་ཆགས་ཀྱི་བྱུང་རིམ་ནི་ཁྱོད་རང་ཉིད་ཀྱི་གཟུགས་པོའི་ནངགི་སྦུབས་ཕྲན་ཕལ་ཆེ་བ་དང་། རིགས་རྒྱུད་གྲུབ་གཞིའི་སྟེངདུའང་བྲིས་ནས་ཡོད། ཚན་རིག་པ་ཚོས་སྔོན་ཚུད་ནས་དེ་ལྟའི་ལོ་རྒྱུས་མང་པོ་ཞིག་དཔེ་མཚོན་དུ་ལེན་ཟིན་པ་དང་། ད་ཆ་དེནི་ངོ་མཚར་བའི་གནས་ཤིག་ཏུ་འགྱུར་བཞིན་ཡོད།

ས་གཤིས་རིག་པའི་དུས་རིམ་གཞལ་ཆས།


ས་གཤིས་རིག་པ་བ་ཚོས་ས་གཤིས་རིག་པའི་དུས་རིམ་གཞལ་ཆསབེད་སྤྱོད་ཀྱིས་སའི་གོ་ལའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་འགྲེལ་བཤད་བྱེད་པ་དང་། དེ་ནི་ལོ་ངོ་དུང་ཕྱུར་ཞེ་དྲུག་གི་སྔོན་རོལ་གྱི་སའི་གོ་ལའི་ཆགས་རབས་ནས་འགོ་འཛུགས་བྱེད་ཀྱིན་ཡོད། ས་གཤིས་རིག་པའི་དུས་རིམ་ནི་བསྐལ་པ་ཨི་ཨོན་ (eons)རིམ་པ་གསུམ་དུ་དབྱེ་བགོ་བྱས་ཡོད། དེ་དག་ནི་བསྐལ་པ་(eons)དང་། བསྐལ་པ་ནས་དུས་རབས་ཨེ་ར་(eras)དུ་དབྱེ་བ་དང་། དུས་རབས་ནསས་གཤིས་རིག་པའི་དུས་ཚིགས་(geological periods)ཞེས་ནངགསེས་སུ་དབྱེ་བ་བཅས་ཡིན།

ཉེ་བའི་ས་གཤིས་རིག་པའི་དུས་ཚིགས་ཁག་ལ་ནང་གསེསདབྱེ་བ་དེ་ལས་མང་བ་ཕྱེ་ནས་ཡོད་པ་དང་། དེ་དག་གི་ནང་གསེས་ཆུང་ཁག་ལ་དུས་རིམ་ཨི་པོག་ (epochs)འབོད་པ་རེད། ད་ལྟ་ང་ཚོ་ནི་ཕེ་ནེ་རོ་ཛོ་ཡིག་ བསྐལ་པ་ (Phanerozoic Eon)ཡི་ཆ་ཤས་སུ་གཏོགས་པའིསེ་ནོ་ཛོ་ཡིག་དུས་རབས་ (CenozoicEra) ཡི་ནང་གསེས་ཀྱི་དུས་ལོ་བཞི་པའི་ནང་གི་ཧོ་ལོ་སེན་(Holocene Epoch)བསྐལ་པར་གནས་ཡོད།

སའི་གོ་ལའི་ཆགས་རབས།


ལོ་ངོ་ཐེར་འབུམ་བཞི་དང་ཕྱེད་ཀའི་ས་ཡ་བཞི་སྟོང་ལྔ་བརྒྱ་ལྷགགིསྔོན་ལ་སའི་གོ་ལ་ནི་རང་འཁོར་རྒྱག་བཞིན་པའི་ཟླུམ་གཟུགས་ཚ་པོ་ཞིག་ཡིན་པ་དང་། དེའི་ངོས་གཞི་ནི་མེ་རིས་བརྡོལ་བའི་རྡོ་ཞུན་ཁོལ་མ་རྡཎསྤྲཎདང་རླངས་གཟུགས་ཀྱིས་ཁེབས་ནས་ཡོད། རླངས་གཟུགས་དེ་དག་རིམ་བཞིན་དྲོད་ཡལ་བ་དང་མཉམ་དུ་ཆུའི་ངོ་བོར་གྱུར་བ་དང་ཆར་བ་བཞིན་དུ་སར་ལྷུང་ནས་རྒྱ་མཚོ་ཆེན་པོ་རྣམས་ཆགས་པར་གྱུར།

སའི་གོ་ལའི་ཕྱི་ངོས་ཀྱི་རིམ་པའམ་ཡང་ན་ཕྱི་ཤུནནི་ཁང་བཟང་བཟོ་བཀོད་ཀྱི་གཞི་གདན་ནམ་སྡེར་མ་ཊེཀ་ཊོ་ནི་ཀ་པེ་ལེཊ་ (tectonic plates)ཞེས་པར་ཁག་བགོས་བྱས་ནས་ཡོད། ང་ཚོས་གཞི་གདན་འདི་དག་ནི་ལོ་ངོ་ཐེར་འབུམ་བཞི་ལྷགགི་སྔ་རོལ་ནས་ཡོད་པ་རྟོགས་ཤིང་། དུས་དེ་ཙམ་ནས་བཟུངདེ་དག་ནི་གཞི་གདན་འོག་གི་འཇམ་སོབ་སོབ་ཀྱི་བང་རིམ་ཐོགཏུ་འཕྱོ་བཞིན་གླིང་ཕྲན་དག་དང་མཉམ་དུ་སའི་གོ་ལའི་ཁྱོན་ངོསསུ་ག་ལེར་འགུལ་སྐྱོད་བྱས་ཡོད།

ས་གནས་ཁ་ཤས་ནས་དེ་ལྟའི་གཞི་གདན་ནམ་སྡེར་མ་(Plates)རེ་གཞན་ཞིག་གི་འོག་ཏུ་ཤོར་ན། བྲག་རྡོ་དེ་དག་བཞུ་ནས་འགྱུར་འགྲོ་བ་དང་། རིམ་བཞིན་མེ་རི་བརྒྱུད་ནས་རྡོ་ཞུན་ཁོལ་མའི་ངོ་བོར་སའི་གོ་ལའི་ངོས་སུ་འཕྱུར་འོང་བ་རེད། དེ་ལྟར་སའི་གོ་ལའིཕྱི་ཤུན་མང་པོ་ཞིག་བསྐྱར་འཁོར་བྱེད་ཀྱིན་ཡོད། དེ་ཙམ་དུ་མ་ཟད།ང་ཚོར་ད་དུང་ལོ་ངོ་ཐེར་འབུམ་ ༣་༧༥ སྔ་རོལ་ནས་ཡོད་པའི་གདོད་མའི་བྲག་རྡོའི་དུམ་བུ་དེ་འདྲ་རྙེད་སོན་བྱུང་ཡོད། སྐབས་ལ་ལར་གླིང་ཕྲན་འདེགས་པའི་སྡེར་མ་དེ་ཚོ་ནང་ཕན་ཚུན་གདོང་གཏུགསཐེབས་པ་དང་། གདོང་ཁ་ཐེབས་པའི་མཚམས་དེར་རི་རྒྱུད་ཆགསཔ་དེ་འདྲ་ཡང་ཡོད། དེ་ལྟར་འདས་པའི་དུས་ཀྱི་གླིང་ཕྲན་ཆེས་ཧ་ཅང་གིས་ཆེ་བ་དེ་ཚོ་ཆགས་པ་དང་། གླིང་ཕྲན་དེ་ཚོ་ཁ་གྱེས་པ་ནས་རྒྱ་མཚོའི་ངོས་འདི་དག་ཁ་ཕྱེ་བ་རེད།

སྲོག་ཆགས་བྱུང་འགོ་ཚུགས་པ།


ཧ་ལམ་ལོ་ངོ་ཐེར་འབུམ་བཞི་ཙམ་གྱི་སྔ་རོལ་ནས་སའི་གོ་ལའིཐོག་ལ་རང་གི་རིགས་འདྲ་སྐྱེད་ནུས་པའི་སྐྱེ་ལྡན་གྲུབ་རྫས་སྐོར་ཅིག་གྲུབ་པ་ནས་བཟུང་སྲོག་ཆགས་བྱུང་འགོ་བརྩམས་པ་དང་།དུས་ཡུན་རིང་པོ་ཞིག་ལ་དེ་ལྟའི་སྦུབས་ཕྲན་གཅིག་ལས་གྲུབ་པའིསྲོག་ཆགས་ཕྲ་མོ་ཙམ་ལས་མེད། དེ་ནས་བཟུང་རིམ་བཞིན་དེདག་མཉམ་འདུས་ཀྱིས་ཚོགས་རྒྱུ་འགོ་བརྩམས་པ་དང་། ལོ་ངོ་བྱེ་བ་ལྔ་ཅུ་ལྔ་བཞི་ཙམ་གྱི་སྔ་རོལ་ཏེ། ཁེམ་བྷ་རི་ཨན་དུས་ཚིགས་(Cambrian Period)ཞེས་པའི་དུས་དེ་ནས་བཟུང་ཆུ་ནང་དངགཏིང་རིམ་དུ་སྲོག་ཆགས་སྣ་ཚོགས་པ་ཞིག་གོག་འགྲོ་དང་རྐྱལ་རྒྱག་བཞིན་ཡོད། ཚན་རིག་པ་རེ་ཟུང་གིས་ལོ་ངོ་དུང་ཕྱུར་བདུན་ཙམ་གྱི་སྔ་རོལ་ཏུ་སའི་གོ་ལ་ནི་ཧ་ཅང་ཆེ་བའི་གངས་རིལ་ཞིགདང་འདྲ་བར་འཁྱག་རོམ་ཐེབས་ཡོད་པར་འདོད་བཞིན་ཡོད། སའི་གོ་ལའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་གི་ནང་འཁྱག་རོམ་གྱི་ཚད་གཞིཧ་ཅང་འཕར་ནས་ས་ཁྱོན་ཡོངས་རྫོགས་འཁྱག་པས་བསྡམས་པའི་འཁྱག་རོམ་གྱི་དུས་རབས་ཞེས་པ་ཞིག་བྱུང་མྱོང་ཡོད་ཀྱང་། འོན་ཀྱང་ལོ་ངོ་དུང་ཕྱུར་བདུན་སྔོན་གྱི་འཁྱག་རོམ་ཆེན་པོ་ཟེར་བ་དེ་འདྲ་ནི་འདི་ལས་ཆེས་ཧ་ཅང་གིས་ཐལ་ཆེ་བ་ཞིག་ཡིན་ནོ།།

ས་ངོས་སུ་གོག་འགྲོས་སེམས་ཅན་བྱུང་བ།


ལོ་ངོ་ས་ཡ་བཞི་བརྒྱ་བདུན་ཅུ་དོན་ལྔ་ལྷག་གི་སྔ་རོལ་སྟེ།ཨོར་ཊོ་བི་ཤན་དུས་ཚིགས་ (Ordovician Period)ཟེར་བའིདུས་དེ་ནས་བཟུང་སྐྱེ་དངོས་རྩི་ཤིང་གི་རིགས་ཀྱིས་སྐམ་ས་ཟིན་རྒྱུ་འགོ་བརྩམས་ཟིན་པ་དང་། ཁོང་ཚོས་ས་གཞི་ལྗང་མདོག་ཅནདུ་བསྒྱུར་འགོ་ཚུགས་པའི་སྐབས་དེར་རྒྱ་མཚོ་ཁག་ཏུ་ཉ་མོ་འཕེལ་ཟིན་པ་རེད། རྩི་ཤིང་གི་རྗེས་སུ་གང་མྱུར་སྒོས་སེམས་ཅན་རིགསསྐམ་སར་འབྱོར་བ་དང་། ཆེས་ཐོག་མའི་སྐམ་སའི་སྲོག་ཆགསནི་འབུ་སྡིག་པ་ར་ཙ་དང་། འབུ་རྐང་སྟོང་(millipedes)ལྟ་བུ་ཡིན། དེ་ནས་མི་རིང་བར་ས་ཆུ་གཉིས་ཆར་འཚོ་བའི་སྲོག་ཆགསདང་ལྟོ་འགྲོའི་རིགས་བྱུང་། ལོ་ངོ་ས་ཡ་སུམ་བརྒྱ་ཉི་ཤུ་ཙམ་གྱི་སྔ་རོལ་ཏེ། སོལ་བའི་དུས་ཚིགས་(CarboniferousPeriod)ཞེས་པའི་དུས་དཀྱིལ་དེ་ནས་བཟུང་། སའི་གོ་ལའི་དཀྱིལ་ཐིག་དང་ཉེ་བའི་ས་ཆ་རྣམས་ནི་སྔོ་ལྡུམ་དང་ཤིང་སྡོང་གིས་སྔོ་འཁྱིལ་ལེར་ཡོད་པ་དང་། འབུ་བླ་མ་མ་ནི་ནམ་མཁར་འཕུར་ཞིང་རྩང་པ་ཁ་རལ་འདྲ་བའི་སྲོག་ཆགས་རྣམས་ས་ཐོག་ཏུ་འགྲུལ་སྐྱོད་བྱེད་ཀྱིན་ཡོད། འདམ་རྫབ་འདིའི་ཁྲོད་དུ་ལྷག་པའི་རྩི་ཤིང་རུལ་ལྷག་རྣམས་དུས་ཕྱིས་སུ་རྡོ་སོལ་གྱི་ངོ་བོར་འགྱུར་བཞིན་ཡོད།

གོད་ཆགས་ཆེན་པོ།


སའི་གོ་ལའི་ལོ་རྒྱུས་ཀྱི་བྱུང་རིམ་ནང་དུ་སྲོག་ཆགས་སེམས་ཅན་དང་རྩི་ཤིང་རིགས་བགྲང་གིས་མི་ལངས་པ་ཞིག་གོད་ཆགས་ཆེན་པོ་ཞིགགི་ནང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེའི་རྒྱུ་རྐྱེན་ཅི་དང་གང་ཡིན་ཐད་ཚན་རིག་པ་ཚོར་ཡང་གསལ་ཆ་མེད། གཅིག་བྱས་ན་དེནི་ཁྱོན་ཆེ་བའི་མེ་རི་ཆེན་པོ་འཕྱུར་བ་དེས་རྐྱེན་བྱེད་པའམ། ཡངན་སྐར་རྡོ་ཆེན་པོ་དེ་འདྲ་ལྷུང་བ་ལས་ཀྱང་སྲིད་དོ།།

ཟློས་གར་ལྟ་བུའི་གོད་ཆགས་ཆེས་ཆེ་ཤོས་དེ་ནི་ལོ་ངོ་ས་ཡ་ཉིས་བརྒྱ་ལྔ་བཅུའི་ཡར་སྔོན་ཏེ། པེར་མི་ཨན་དུས་ཚིགས་(Permian Period)ཞེས་པའི་དུས་རབས་ནང་བྱུང་བ་དང་། དེསསྐམ་ལ་གནས་པ་དང་ཆུ་ལ་གནས་པའི་སྲོག་ཆགས་ཕལ་ཆེ་བ་ཞིགགཙང་ཕྱག་བྱས་སོ།།གོད་ཆགས་དེས་ད་དུང་རྒྱ་མཚོར་གནས་པའི་ངོ་མཚར་བའི་སྲོག་ཆགས་(armoured trilobites) ལྟ་བུ་ཡང་གཙང་ཕྱག་བྱས་པ་དང་། རྩ་སྟོང་དུ་ཕྱིན་པའི་ནང་ནས་ཆེས་སྐད་གྲགས་ཆེབའི་སེམས་ཅན་རྩ་སྟོང་དུ་ཕྱིན་ཟིན་པ་ནི་གཏུམ་འབྲུག་གམ་དྷཡིནོ་སོརས྄་ (dinosaurs) ཡི་རིགས་ཡིན།

གཏུམ་འབྲུག་གི་དུས་རབས།


གཏུམ་འབྲུག་ནི་མེ་སོ་ཛོ་ཡིག་དུས་རབས་ (Mesozoic Era)ཞེས་པའི་དུས་རབས་ནང་དུ་སའི་གོ་ལར་འགྲུལ་སྐྱོད་བྱས་མྱོངཞིང་། ཆེས་ཆེ་ཤོས་ཀྱི་གཏུམ་འབྲུག་(Apatosaurus)ལྟ་བུ་ནི་(Jurassic)དང་ (Cretaceous Periods)ཞེས་པའི་དུས་རབསནང་འཚོ་སྡོད་བྱས་ཤིང་། གཏུམ་འབྲུག་ནི་ལོ་ངོ་ས་ཡ་དྲུག་ཅུ་རེ་ལྔ་ཙམ་གྱི་ཡར་སྔོན་ཏེ། (Cretaceous) ཞེས་པའི་དུས་རབས་ཀྱི་མཇུག་གི་གོད་ཆགས་ཆེན་པོ་དེའི་ནང་རྩ་སྟོང་ལ་ཕྱིན་པ་རེད།འོན་ཀྱང་དེང་སང་ཚན་རིག་པ་མང་པོ་ཞིག་གིས་བྱེའུ་རྣམས་ནི་གཏུམ་འབྲུག་ལས་རིམ་འགྱུར་བྱུང་བར་འདོད་པ་དང་། དེ་ལྟར་ན་ཁོང་ཚོ་རྗེས་ཤུལ་གང་ཡང་མ་བཞག་པར་ཡལ་སོང་བ་དེ་འདྲཞིག་ཡིན་རྒྱུ་མ་རེད།

ལོ་ངོ་ས་ཡ་ཉིས་བརྒྱ་ལྔ་བཅུ་ཙམ་གྱི་ཡར་སྔོན་ཏེ། མེསོ་ཛོ་ཡིག་དུས་རབས་ ཞེས་པའི་དུས་རབས་ཀྱི་འགོ་སྟོད་དུསའི་གོ་ལའི་སྟེང་གི་སྐམ་ས་ཡོད་ཚད་ནི་གཅིག་འདུས་ཀྱི་གླིངཆེན་པོ་པེན་གི་ཨ་ (Pangaea)ཞེས་པ་གཅིག་ཏུ་གནས་ཤིང་།མེ་སོ་ཛོ་ཡིག་ཞེས་པའི་དུས་རབས་ནང་པེན་གི་ཨ་ དེ་བཞིན་ཆབགོས་སུ་འགྱུར་འགོ་ཚུགས་ནས་དེང་གི་ང་ཚོའི་གླིང་ཕྲན་ཚོ་དངཆ་འདྲ་བ་ཞིག་ཆགས་པ་རེད། ཆག་གྲུམ་ཐེངས་གཅིག་གི་ནང་ལ་ལྷོ་ཨ་རི་དེ་བཞིན་ཨ་ཕི་རི་ཀ་དང་ཁ་འཕྲལ་བ་དང་། ཐེངས་གཉིས་པའི་ནང་ལ་ཨོས྄་ཊུ་རལི་ཡ་དེ་བཞིན་ཨན་ཊར་ཊི་ཀ་དང་འཕྲལ་དབྱེ་བྱས། དེ་ལྟར་མེ་སོ་ཛོ་ཡིག་་ ཞེས་པའི་དུས་རབས་ཀྱི་དུས་མཇུག་ཙམ་ལ་སའི་གོ་ལ་ནི་དེང་གི་རྣམ་པར་འགྱུར་འགོབརྩམས་སོ།།

གཏུམ་འབྲུག་གི་རྗེས་ཀྱི་བྱུང་བ།


དུས་དེ་ནས་བཟུང་ཡོད་ཚད་ད་ལྟའི་སྣང་ཚུལ་འདི་ལྟ་བུ་ཞིག་མིན་ན་ཡང་། མེ་ཏོག་ལྡན་པའི་རྩི་ཤིང་བྱུང་ཟིན་པ་དང་བྱེའུས་སྡོང་མགོར་གླུ་དབྱངས་ལེན་གྱིན་ཡོད། ལོ་ངོ་ས་ཡ་ལྔ་བཅུ་ང་ལྔའི་ཡར་སྔོན་ཏེ།ཨི་ཨོ་སིན་ཨི་པོག་་(Eocene Epoch)ཞེས་པའི་དུས་རབས་ནང་གིནུ་འོར་བརྟེན་པའི་སེམས་ཅན་ཆེན་པོའི་རིགས་དང་བྱེའུ་རྣམས་ནི་ཧ་ཅང་གིས་མི་འདྲ་བ་ཞིག་ཡོད། ཁོང་ཚོའི་ཁྲོད་དུ་གཟུགས་བོངས་ཧ་ཅང་ཆེ་ཞིང་། འཕུར་མི་ནུས་པའི་ནེ་ཙོ་ལྟར་སྣང་གི་བྱེའུ་རིང་ཚད་མི་དང་མཉམ་པ་དེ་འདྲའང་ཚུད་ཡོད། རྒྱ་གར་ནི་མེ་སོ་ཛོ་ཡིག་ ཞེསཔའི་དུས་རབས་ནང་དུ་གླིང་ཆེན་པོ་པེན་གི་ཨ་ ཞེས་པ་ལས་ཁ་འཕྲལ་ཏུ་ཕྱིན་ནས། ལོ་ངོ་ས་ཡ་བཅོ་ལྔ་ཙམ་གྱི་སྔ་རོལ་ཏུ་སའི་གོ་ལའི་དཀྱིལ་ཐིག་ཕྱོགས་སུ་དེད་ནས་ཡོང་བ་དང་ཨེ་ཤི་ཡའི་གླིང་ཕྲན་དང་གདོངཐུག་ཐེབས་པ་དང་། ས་ཁྱོན་དེ་ཉིད་རི་བོ་ཆེན་པོ་ཧི་མ་ལ་ཡའི་ནངངོས་སུ་ཕུད་རྒྱག་བྱས་པ་རེད་། གདོང་ཐུག་དེ་ནི་དེང་སང་ད་དུང་ཡང་འགྲོ་བཞིན་པ་དང་། དེ་བཞིན་ཧི་མ་ལ་ཡང་ཡར་འཕགས་བཞིནཔ་རེད། ཆེས་ཐོག་མའི་མི་དང་འདྲ་བའི་མི་རྒོད་ནི་ལོ་ངོ་ས་ཡ་ལྔ་ཙམ་གྱི་སྔ་རོལ་ཏུ་ཨ་ཕི་རི་ཀའི་ཕྱོགས་སུ་བྱུང་བ་དང་། ཁོང་ཚོས་རྐང་པ་གཉིས་བཙུགས་ནས་འགྲོ་སྐྱོད་བྱས། རིམ་བཞིན་ཁོང་ཚོས་ལག་ཆ་བེད་སྤྱོད་བྱེད་འགོ་བརྩམས་པ་དང་ཀླད་པ་ཇེ་ཆེར་ཕྱིན་ནསསྔར་གྱི་རྣམ་པ་མང་པོ་ཞིག་འཇིག་པར་གྱུར་མོད། འོན་ཀྱང་རིགས་གཅིག་འཕེལ་རྒྱས་ཧ་ཅང་ལེགས་པོ་ཕྱིན། ལོ་ངོ་སྟོང་ཕྲག་བརྒྱ་དང་ལྔ་བཅུའམ་སྟོང་ཕྲག་ཉིས་བརྒྱ་ཙམ་གྱི་ཡར་སྔོན་ལ་འགྲོ་བ་མི་ཡི་རིགས་འདི་བྱུང་བ་དང་སའི་གོ་ལའི་ཁྱོན་ཡོངས་ལ་ཁྱབ་པར་གྱུར། ད་ལྟ་ང་ཚོ་རང་ཉིད་གང་ནས་འགོ་བརྩམས་པའི་གདོད་མའི་འགྲོ་བ་མིའི་ལོ་རྒྱུས་ལས་ཕྱིར་ལོག་ཟིན་པ་རེད།

ང་ཚོས་ཇི་ལྟར་རྟོགས་ཐུབ་བམ།


ལོ་ངོ་ས་ཡ་མང་པོའི་སྔོན་གྱི་སའི་གོ་ལ་ནི་ཇི་འདྲ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་པ་འདི་ཅུང་མཚར་མཚར་བ་ཞིག་ཏུ་སྣང་མོད། འོན་ཀྱང་ལོ་རྒྱུས་འདི་ནི་ཚན་རིག་པ་མང་པོས་དུས་ཡུན་རིང་པོར་གཟབ་ནནདང་ངང་རྒྱུད་རིང་པོ་སྒོས་དཔང་རྟགས་ཆ་ཤས་མང་པོ་འཚོལ་སྡུད་ཀྱིས་བསྒྲིགས་པ་ཞིག་ཡིན་ནོ།། དུས་ཡུན་རིང་པོ་ཞིག་གི་རིང་ལ།མི་རྣམས་ལ་སའི་གོ་ལའི་ལོ་ན་ཧ་ཅང་མཐོ་བོ་ཡིན་པའི་ཤེས་རྟོགས་གང་ཡང་མེད་པར། མང་པོ་ཞིག་གིས་དེ་ནི་ལོ་ན་སྟོང་ཕྲག་ཁ་ཤས་ལས་ལོན་མེད་པར་འདོད་པ་རེད། དུས་རབས་བཅུ་དགུ་པའི་ནང་དུ་ཆའར་ལེས྄ ལཱེ་ཡེལ་དང་ཆའར་ལེས྄ ཌར་ལྭིན་ཞེས་པའི་ཚན་རིགཔ་གྲགས་ཅན་གཉིས་ཀྱི་རོགས་མགོན་གྱིས་འཛམ་གླིང་ཧྲིལ་པོའི་སྣངབརྙན་འདི་བརྗེ་བསྒྱུར་བྱས། ལཱེ་ཡེལ་གྱིས་ང་ཚོས་མཐོང་བཞིན་པའི་ཡུལ་ལྗོངས་འདི་དག་ནི་ལོ་ངོ་སྟོང་ཕྲག་རིང་ལ་རིམ་བཞིན་འགྱུར་བ་བྱུང་བར་བསྟན་པ་དང་། ཌར་ལྭིན་གྱིས་སེམས་ཅན་དང་རྩི་ཤིང་གཉིས་ཀྱི་ཉེ་བའི་རང་རིགས་དག་ནི་ལོ་ངོ་ས་ཡ་མང་པོའི་འཕེལ་འགྱུར་གྱི་ཁྲོད་ནས་འཕོ་འགྱུར་དང་ཉེ་ཚན་གཞན་དུ་འཕོས་བར་བསྟན།

ད་ལྟ་ང་ཚོར་ཆེས་རིང་བའི་སའི་གོ་ལའི་ལོ་རྒྱུས་ཀྱིདཔང་རྟགས་ཧ་ཅང་མང་པོ་ཞིག་རྙེད་ཡོད་པ་དང་། ང་ཚོས་བྲག་རྡོའི་ལོ་ཚོད་ལ་བརྟགས་ནས་ཀྱང་ཞིབ་འཇུག་བྱེད་ཞིབ་འཇུག་འདི་ལ་ཐབས་ལམ་མི་འདྲ་བ་ཁག་ཁ་ཤས་ཤིག་ཡོད་པ་ལས་ཡོངས་གྲགས་ཀྱི་ཐབས་ལམ་གཅིག་ནི་འོད་རླབས་བཀྱེ་བའི་རང་བཞིན་ཅན་བེད་སྤྱོད་བྱེད་རྒྱུདེ་ཡིན། རྡུལ་ཕྲན་ཡོད་ཚད་ལ་ཕོ་རྡུལ་(protons)དང་བར་རྡུལ་(neutrons)གྱིས་གྲུབ་པའི་ལྟེ་རྡུལ་ལམ་ལྟེ་རྡུལ་(nucleus)རེ་ཡོད།རྡུལ་ཕྲན་རེ་ཟུང་གི་ལྟེ་རྡུལ་ནི་གཏན་འཇགས་མིན་པ་དང་། ཁོང་ཚོས་རིལ་རྡུལ་རེ་ཟུང་དོར་ནས་གྲུབ་རྫས་གཞན་གྱི་ངོ་བོར་ཡང་འགྱུར་ཐུབ།འགྱུར་རིམ་འདི་ལ་འོད་རླབས་བཀྱེ་བའི་རང་བཞིན་གྱི་ཟད་འགྱུར་ཞེས་འབོད་པ་རེད། ང་ཚོས་རྡུལ་ཕྲན་བྱེ་བྲག་པ་གང་ཡང་རུང་བ་ཞིག་དུསནམ་ཞིག་ལ་ཟད་འགྱུར་འགྲོ་མིན་བཤད་མི་ཐུབ་ཀྱང་། འོན་ཀྱང་གལ་སྲིད་ང་ཚོར་དེ་འདྲའི་གྲངས་ངེས་ཅན་ཞིག་ཡོད་ན། དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཁོང་ཚོའི་ཕྱེད་ཙམ་ཞིག་ཟད་འགྱུར་འབྱུང་བར་བཤད་ཐུབ་པ་དང་། དུས་ཚོད་དེ་ལ་ཚེ་ཕྱེད་དུ་འབོད། འོད་རླབསབཀྱེ་བའི་རང་བཞིན་ཅན་གྱི་གྲུབ་རྫས་མ་འདྲ་བ་རེར་ཚེ་ཕྱེད་ཀྱང་མི་འདྲ་བ་རེ་ཡོད་པ་དང་། ཚེ་ཕྱེད་དེ་ནི་ཆུ་ཚོད་འཁོར་ལོ་ཞིག་ལྟར་བེད་སྤྱོད་བྱས་ན་ད་དུང་དེ་ལས་ཀྱང་དགེ་མཚན་ཆེ་བ་ཡོད། ང་ཚོསསྤྱིར་བཏང་ནས་བྲག་རྡོ་ཞིག་གི་ནང་ནས་འོད་རླབས་བཀྱེ་བའི་རངབཞིན་ཅན་གྱི་གྲུབ་རྫས་ཚད་ངེས་ཅན་ཅི་ཙམ་ཞིག་རྙེད་ཐུབ་མིན་རྟོགས་ཡོད་པ་དང་། ཤུལ་ཏུ་ཅི་ཙམ་ཞིག་ལྷག་ཡོད་མེད་གཞལ་བ་བརྒྱུད་ནས་དེའི་ཚེ་ཕྱེད་རྟོགས་ཐུབ་པ་དང་། དེ་ལྟར་བྲག་རྡོ་བྱེ་བྲག་པ་དེ་ལོ་ཅི་ཡིན་ཐད་ཞིབ་འཇུག་བྱེད་ཐུབ། བྲག་རྡོའི་ནང་ནས་ས་གཤིས་རིག་པ་བ་ཚོར་བེད་སྤྱོད་ཆེ་ཤོས་ནི་སྙིགས་བསགས་བྲག་རྡོའི་(Sedimentaryrocks)རིགས་ཡིན་ཞིང་། བྲག་རྡོ་འདིའི་རིགས་ནི་སྤྱིར་བཏང་ནས་མཚོའི་གཏིང་རིམ་དུ་བྱེ་མ་དང་རྒྱུག་ཆུའི་སྙིགས་འདམ་གྱི་རིམ་པ་ཆགས་དུས་གྲུབ་པ་རེད། བང་རིམ་དེ་དག་གིས་ང་ཚོར་སའི་གོ་ལའི་ལོ་རྒྱུས་ནང་གི་དུས་རབས་མི་འདྲ་བ་རེའི་ཁོར་ཡུག་གི་གནས་སྟངས་གསལ་བཤད་བྱེད་ཀྱིན་ཡོད། སྙིགས་བསགས་བྲག་རྡོ་ཁག་གི་ནང་དུའང་ང་ཚོར་ལོ་ངོ་ས་ཡ་མང་པོའི་སྔོན་གྱི་སྐྱེ་སྲོག་དང་འབྲེལ་བའི་གནས་ཚུལ་གསལ་བཤད་ཐུབ་པའི་འགྱུར་རྡོ་དེ་འདྲ་ཚུད་ཡོད། ང་ཚོས་དེང་གི་སྐྱེ་དངོས་སེམས་ཅན་དབར་གྱི་མཚུངས་ཆོས་ལ་་བལྟས་ནས་ཀྱང་སྐྱེ་དངོས་ཀྱི་ལོ་རྒྱུས་རྙེད་ཐུབ་པ་རེད། དེ་ཚོ་ཚང་མ་ནི་སྔར་གྱི་རྣམ་པ་དེ་ལས་མར་བརྒྱུད་པ་དང་། འཕེལ་འགྱུར་བཅས་བྱུང་བ་དང་འབྲེལ་ནས་ཡོད། ཡན་ལག་དང་མིག་སོགས་གཤིབབསྡུར་བྱས་པ་བརྒྱུད་སྐྱེ་ཁམས་ཚན་རིག་པ་ཚོས་ཉེ་རིགས་མི་འདྲ་བརྣམས་འབྲེལ་ཐག་ཇི་ཙམ་ཉེ་བ་དང་། ཇི་ལྟར་གདུང་རབས་ཀྱི་རེའུ་མིག་བསྐྲུན་པར་ཞིབ་འཇུག་བྱེད་ཀྱིན་ཡོད། དེང་གི་དུས་སུ་ཁོང་ཚོསདེ་ལས་ཀྱང་སྟོབས་ཆེ་བའི་བྱེད་ཐབས་བེད་སྤྱོད་བྱེད་བཞིན་ཡོད་པསྟེ།ཁོང་ཚོས་རིག་རྒྱུད་གྲུབ་གཞིའི་གྲུབ་རྫས་ཁག་གཤིབ་བསྡུར་བྱེད་ཀྱིན་ཡོད། སྐྱེ་དངོས་སྲོག་ཆགས་ཀྱི་རིགས་གང་འདྲ་ཞིག་ཡིནནའང་དེའི་རིག་རྒྱུད་གྲུབ་གཞི་ནི་སྐྱེ་རབས་ས་ཡ་མང་པོའི་རིང་ལ་འདྲ་སྐྱེད་ཐེངས་མང་བྱེད་པ་དང་། འདྲ་སྐྱེད་བྱེད་དུས་སུ་གོ་རིམ་ཁ་ཤསབསྐྱར་ཟློས་བྱས་པ་དང་། རྒྱུ་ཕྲ་རབ་ཁ་ཤས་ལ་ཆག་སྐྱོན་འབྱུང་བསོགས་ཀྱིས་མཚོན་པའི་ནོར་འཁྲུལ་གྱི་རིམ་པ་དེའི་ཁྲོད་ནས་རངབཞིན་གྱིས་མི་འདྲ་བ་ཞིག་ཏུ་གྱུར་ཡོད། སྲོག་ཆགས་འདྲ་མིན་གྱི་རིགས་རྒྱུད་གྲུབ་གཞི་གཤིབ་བསྡུར་བྱས་པ་བརྒྱུད་ནས། ང་ཚོས་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་སྔོན་ལ་ཁོང་ཚོས་མེས་པོ་གཅིག་ལས་ཇི་ལྟར་བརྒྱུད་ཚུལ་ཐད་ཞིབ་འཇུག་བྱེད་ཐུབ། ཁྱེད་ཀྱི་རིགས་རྒྱུད་གྲུབ་གཞིས་ལོ་ངོ་ཐེར་འབུམ་ཁ་ཤས་རིང་གི་འཕེལ་འགྱུར་གྱི་རྗེས་ཤུལ་འཁྱེར་ཡོད་པ་དང་། ཁྱེད་ཀྱིས་རང་ཉིད་སྟེང་དུ་ཚེ་སྲོག་གི་ལོ་རྒྱུས་ཟིན་ཐོ་ཞིག་འཁུར་ཡོད་པ་རེད། ང་ཚོའི་སའི་གོ་ལའི་ལོ་རྒྱུས་ཀྱིཤེས་རྟོགས་འདི་དག་ནི་བྲག་རྡོ་དང་། འགྱུར་རྡོ། ཆ་མཚུངས་པའི་སྐྱེ་དངོས་སྲོག་ཆགས་བཅས་ལས་རྙེད་པའི་དཔང་རྟགས་རྣམས་གཅིགབསྡུས་ཀྱིས་བྱུང་བ་ཞིག་ཡིན་པ་དང་། དེས་ངོ་མཚར་དགོས་པའི་གཏམ་རྒྱུད་ཅིག་གི་འགོ་གླེང་པ་རེད། །

Post a Comment

Previous Post Next Post