སྤེལ་མཁན། : tsenrig 8/05/2015


ཤོག་བུ་སྒོར་སྒོར་ཆུང་ཆུང་སྤྱད་ནས་ས་ཡི་གོ་ལ་དང་ཉི་མའི་ཆེ་ཚད་བསྟན་པའི་དཔེ་གཟུགས་བཟོ་སྟངས།

དགོས་ངེས་ཅ་དངོས།

  • ཤོག་སྒོར་ཆུང་ཆུང་འགའ་ཞིག 
  • མི་ཌར་ཐིག་ཤིང་།
  • མི་ཊར་གྲུ་བཞི་མ་གཅིག་ཅན་གྱི་ཤོག་བུ།
  • ཇེམ་ཙེ་གཉིས།
  • སྐུད་པ་སན་ཌི་མི་ཌར་ ༥༠ ཅན།
  • ཞ་སྨྱུག་གཉིས།
  • རྩིས་འཁོར།

ལག་བསྟར་བྱེད་ཚུལ་དང་དོ་སྣང་དགོས་རིགས། 

  1. སློབ་ཕྲུག་ཚོར་གཤམ་གསལ་གནས་ཚུལ་དེ་དག་ངོ་སྤྲོད་བྱེད་དགོས།
  2. སློབ་ཕྲུག་གཉིས་རེར་ཤོག་སྒོར་རེ་སྤྲད་ནས་དེས་་ས་ཡི་གོ་ལའི་ཆེ་ཚད་མཚོན་ཚུལ་འགྲེལ་བརྗོད་བགྱིས། སློབ་མ་ཚོར་ཤོག་སྒོར་དེའི་ཚངས་ཐིག་ཚད་འཇལ་དུ་ཆུགས། དེ་ནས་ཚངས་ཐིག་གི་ཚད་དེར་ལྡབ་བཅུ་ཡི་བསྒྱུར་ཚེ་དཔེ་གཟུགས་དེའི་ནང་གི་གཟའ་ཕུར་བུའི་ཚངས་ཐིག་ཐོབ་པ་རེད། ཡང་ཤོག་སྒོར་དེའི་ཚངས་ཐིག་ལ་ལྡབ་བརྒྱ་ཡི་བསྒྱུར་ཚེ་ཉི་མའི་ཚངས་ཐིག་ཐོབ་ཡོད།
  3. ད་ཆ་སློབ་མ་ཚོར་ང་ཚོའི་དཔེ་གཟུགས་་འདིའི་ནང་གི་ཉི་མ་དང་ས་ཡི་གོ་ལའི་ཚངས་ཐིག་ཐོབ་ཟིན་པས། ཤོག་བུའི་སྟེང་ཚངས་ཐིག་སོ་སོར་མཉམ་པའི་སྒོར་གཟུགས་རེ་ཇེམ་ཙེས་བྲེག་འཇུག་དགོས། 
  4. ཉི་མ་དང་ས་ཡི་གོ་ལའི་དཔེ་གཟུགས་གཉིས་པོ་ཕྱི་ལོགས་སུ་ཁྱེར་ནས། དེ་གཉིས་ཉི་མའི་དཔེ་གཟུགས་ཀྱི་ལྡབ་བརྒྱ་ཡིས་ཆོད་པའི་བར་ཐག་གི་སྣེ་སོ་སོར་འཇོག་དགོས། (དཔེ་གཟུགས་གཉིས་བར་ཉི་མའི་དཔེ་གཟུགས་བརྒྱ་ཐམ་པ་ཤོང་དགོས།) སློབ་ཕྲུག་ཚོས་རྒྱང་ཐག་དེ་མཐོང་སྐབས་ཧང་སང་སོང་ངམ།

འདིར་ཅི་ཞིག་བྱུང་བ་ཡིན་ནམ་ཞེ་ན།

ཉི་མའི་ཆེ་ཚད་དང་རྒྱང་ཐག་ནི་མི་མང་ཆེ་བའི་བསམ་ཚུལ་ལས་ཧ་ཅང་གི་ཆེ་བ་ཡོད། ཉི་མའི་ཚངས་ཐིག་ནི་ས་ཡི་གོ་ལའི་ཚངས་ཐིག་ལས་ལྡབ་བརྒྱ་ཡི་ཆེ་བ་དང། འཛམ་གླིང་དང་ཉི་མའི་དབར་ལ་ཉི་མའི་ཚངས་ཐིག་ལྡབ་བརྒྱ་ཐམ་པའམ། ས་ཡི་གོ་ལ་ནས་ཉི་མའི་ཚངས་ཐིག་ལྡབ་བརྒྱ་ཡི་ས་ལ་ཉི་མ་གནས་ཡོད། གལ་ཏེ་ཤོག་སྒོར་དེ་ས་ཡི་གོ་ལ་དང་དེའི་ཚངས་ཐིག་སན་ཌི་མི་ཌར་ ༠་༧ ཡོད་ན། ཉི་མའི་ཚངས་ཐིག་སན་ཌི་མི་ཌར་ ༧༠ ཡིན་དགོས། སྐབས་འདིའི་དཔེ་གཟུགས་ནང་ཉི་མ་དང་ས་ཡི་གོ་ལའི་དབར་གྱི་རྒྱང་ཐག་ནི་ཕལ་ཆེར་མི་ཌར་ ༧༠ ཙམ་ཆགས་ཡོད།

གཟའ་གླིང་དགུའི་རྒྱང་ཐག་དང་ཉི་མའི་ཚངས་ཐིག་གི་བསྡུར་ཚད།

པོ་རོག་སི་མ། སེན་ཅུ་རི་(སྐར་མ་ཐག་ཉེ་ཤོས།) Proxima centauri = ཉི་མའི་ཚངས་ཐིག་གི་ལྡབ། ༢༩༧༨༠༠༠༠ (གལ་ཏེ་ཉི་མ་དེ་ཤེལ་རིལ་ཨིན་ཇི་གཅིག་ཅན་ཞིག་དང་མཉམ་ན། སྐར་མ་དེ་ཀི་ལོ་མི་ཌར་ ༧༥༠ ས་ན་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།