དགོས་མཁོའི་ཡོ་ཆས།

  • ཤོག་བུ་དཀར་པོ་དུམ་བུ་བཞི་དགོས།
  • ཁ་དོག་དམར་པོ་དང་། སྔོན་པོ། ལྗང་ཁུ་བཅས་ཀྱི་ཤོག་བུ་རེ་རེ་དགོས།
  • རྟགས་འགོད་ཆེད་སྨྱུ་གུ་ནག་པོ་དགོས།
  • ཇེམ་ཙེ།
  • འབྱར་རྩི།

རྒྱབ་ལྗོངས་གནས་ཚུལ།

ང་ཚོའི་མིག་ནང་གི་དྲ་སྐྱིའི་སྟེང་ན་ཡོད་པའི་སྙུག་དབྱིབས་སྣེ་ལེན་ཕྲ་ཕུང་རྣམས་ལ་འོད་ཀྱིས་སྐུལ་མ་གཏོང་སྐབས་ང་ཚོས་ཁ་དོག་མཐོང་ཐུབ་པ་ཡིན། སྙུང་དབྱིབས་ཕྲ་ཕུང་ལ་རིགས་གསུམ་ཡོད་པ་དང་དེ་རྣམས་རེ་རེ་ཁ་དོག་བྱེ་བྲག་པ་གཅིག་ལ་ཚོར་རྐྱེན་ཤུགས་ཆེ་བ་ཡོད། གལ་ཏེ་སྙུང་དབྱིབས་ཕྲ་ཕུང་རིགས་གཅིག་ཡང་ན་གཅིག་ལས་མང་བ་ངལ་དུབ་རྐྱེན་པས་དུས་རྒྱུན་དང་མི་འདྲ་བར་སྐུལ་རྐྱེན་ལ་ཡ་ལན་ཞན་པའི་གནས་སྐབས་སུ་དངོས་པོ་ཤིག་གི་ཁ་དོག་གང་སྣང་བ་དེ་ལ་འགྱུར་བ་འགྲོ་གི་ཡོད།

བྱ་གཞག་དང་དོ་སྣང་།

  1. ཤོག་བུ་ཁ་དོག་གསུམ་རེ་རེ་ལས་བྱིའུ་དབྱིབས་ཤིག་གཏུབ་དགོས། བྱིའུ་འདིའི་མིག་མཚོན་པའི་ནག་པོ་ཆུང་ཆུང་ཞིག་གཏུབ་དགོས་ཡང་ན་རྟགས་རྒྱོབ་ཆེད་སྨྱུ་གུ་ནག་པོ་ཞིག་གི་རྟགས་རྒྱབ། བྱིའུ་དབྱིབས་གཏུབ་པའི་ཤོག་བུ་དེ་ཤོག་བུ་དཀར་པོའི་སྟེང་འབྱར་དགོས། རྒྱབ་ངོས་སུ་དཀར་པང་གཙང་མ་ཞིག་དགོས། དེ་ནས་ཤོག་བུ་སྟོང་པ་ཤིག་གི་ཐོག་བྱིའུ་དེ་ཤོང་བའི་ལྕགས་དྲ་གཅིག་བྲིས།
  2. དཀར་པང་དེ་བཀྲག་འདངས་ཆེ་བའི་གནས་གཅིག་ལ་འཇོག་དགོས། བྱ་གཞག་འདིའི་ནང་འོད་འདངས་ཆེན་པོ་དགོས་པ་ནི་གལ་ཆེ་བའི་ཁྱད་ཆོས་ཤིག་ཡིན།
  3. སྐར་ཆ་བཅོ་ལྔ་ཉི་ཤུ་ཙམ་རིང་བྱིའུ་དམར་པ་དེར་ཐད་ཀར་ལྟོས། དེ་ནས་ལམ་སེང་ལྕགས་དྲ་དེར་བལྟ་དགོས། ཁྱེད་ནས་ལྕགས་དྲའི་ནང་ཁ་མདོག་སྔོ་ལྗང་ཡིན་པའི་བྱིའུ་གཅིག་མཐོང་དགོས། བརྟག་དཔྱད་དེ་ག་རང་བྱིའུ་ཁ་དོག་ལྗང་ཁུ་དེ་ལའང་བྱེད་དེ་ཁྱེད་ནས་ལྕགས་དྲའི་ནང་བྱིའུ་ཁ་དོག་དམར་སྔོ་ཡིན་པ་ཞིག་མཐོང་དགོས་པ་དང། མཐར་བྱིའུ་ཁ་དོག་སྔོན་པོ་དེར་ཐད་ཀར་བལྟ་ནས་བརྟག་དཔྱད་བྱེད་སྐབས་བྱིའུ་ཁ་དོག་སེར་པོ་ཤིག་མཐོང་དགོས།

གང་བྱུང་གི་ཡོད་དམ།

ལྕགས་དྲའི་ནང་ལ་མཐོང་བའི་བྱིའུ་དེ་ལ་མཇུག་ཀྱི་སྣང་བརྙན་ཟེར། དངོས་པོ་ཞིག་ལ་མ་བལྟ་བའི་སྐབས་སུའང་དངོས་པོ་དེའི་སྣང་བརྙན་མཐོང་བ་དེ་ལ་མཇུག་གི་སྣང་བརྙན་ཟེར། ང་ཚོའི་མིག་གི་རྒྱབ་ངོས་སུ་འོད་ཚོར་མཁན་གྱི་ཕྲ་ཕུང་དབྱུག་དབྱིབས་དང་སྙུང་དབྱིབས་ཕྲ་ཕུང་སྟེ་གཉིས་ཡོད། སྙུང་དབྱིབས་ཕྲ་ཕུང་ནི་ཁ་དོག་ཅན་གྱི་འོད་དེ་ཚོར་ཐུབ་པ་དང་ཕྲ་ཕུང་དེའི་རིགས་གསུམ་པོ་རེ་རེ་ཁ་དོག་གི་རིམ་པ་བྱེ་བྲག་པ་སོ་སོར་ཚོར་ཐུབ་པ་ཡིན། ཁྱེད་ནས་བྱིའུ་དམར་པོ་དེར་ཐད་ཀར་བལྟ་སྐབས་འདིའི་སྣང་བརྙན་མིག་གི་དྲ་སྐྱིའི་གནས་ཤིག་ཐོག་ཕོག་གི་ཡོད། གནས་འདིའི་ནང་ཡོད་པའི་ཁ་དོག་དམར་པོར་ཚོར་བ་རྐྱེན་པའི་ཕྲ་ཕུང་རྣམས་ཐོག་མར་ཡ་ལེན་བྱས་པ་དང་གང་ཙམ་ནས་ཐང་ཆད་ནས་འོད་དམར་པོར་ཡ་ལེན་དེ་ཙམ་བྱེད་ཀྱི་མེད། དཀར་པར་ལས་འོད་དམར་པོ་དང་། སྔོན་པོ། ལྗང་ཁུ་བཅས་ལྡོག་གི་ཡོད།༼གང་ཡིན་ཟེར་ན་འོད་དཀར་པོ་དེ་འོད་ཁ་དོག་མང་པོ་མཉམ་རུབ་ལས་གྲུབ་པ་ཡིན།༽ དངོས་པོ་གང་ཞིག་ལ་རྒྱུན་རིང་བལྟས་པའི་རྗེས་སུ་ལམ་སང་དཀར་པང་སྟོང་པ་ཞིག་ལ་བལྟ་སྐབས་འོད་དམར་པོར་ཚོར་བ་རྐྱེན་པའི་ཕྲ་ཕུང་རྣམས་སྔོན་ནས་ཐང་ཆད་པའི་རྐྱེན་གྱི་ཕྱིར་ལྡོག་པའི་འོད་དམར་པོར་ཡ་ལེན་བྱེད་ཀྱི་མེད། ཡིན་ནའང་འོད་ཁ་དོག་སྔོན་པོ་དང་ལྗང་ཁུ་ཚོར་བའི་ཕྲ་ཕུང་རྣམས་ཀྱིས་ཕྱིར་ལྡོག་པའི་འོད་སྔོན་པོ་དང་ལྗང་ཁུར་ཡ་ལེན་ཤུགས་ཆེ་བྱེད་ཀྱི་ཡོད། དེ་སྲོང་ཙང་འོང་དམར་པོར་ཚོར་བ་རྐྱེན་པའི་ཕྲ་ཕུང་རྣམས་ཡ་ལེན་མ་བྱེད་པའི་སྐབས་ཁྱེད་ཀྱིས་བྱིའུ་ཁ་དོག་སྔོ་ལྗང་ཡིན་པ་ཞིག་མཐོང་གི་ཡོད། ཁ་དོག་སྔོ་ལྗང་དེ་ལ་དབྱིན་སྐད་ཐོག་སི་ཡི་ཡཱན་ cyan ཟེར།

ཁྱེད་ཀྱིས་བྱིའི་མདོག་ལྗང་ཁུར་ཡུན་རིང་བལྟས་པས་འོད་ལྗང་ཁུར་ཚོར་བ་རྐྱེན་པའི་ཕྲ་ཕུང་རྣམས་ཐང་ཆད་ཀྱི་ཡོད་པ་དང། དེ་ནས་དཀར་པང་སྟོང་པ་དེར་བལྟ་སྐབས་ཁྱེད་ཀྱི་མིག་གིས་ཕྱིར་ལྡོག་པའི་འོད་དམར་པོ་དང་སྔོན་པོ་ཁོ་ནར་ཡ་ལེན་བྱས་པས་ཁྱེད་ནས་བྱིའུ་ཁ་དོག་དམར་སྔོ་༼དབྱིན་སྐད་ནང་ མེ་ཇེན་ཊ་ (Magenta) ༽ཞིག་མཐོང་ཐུབ། དེ་མཚུངས་བྱིའུ་ཁ་དོག་སྔོན་པོར་ཡུན་རིང་བལྟས་པས་འོད་སྔོན་པོར་ཚོར་བ་རྐྱེན་པའི་ཕྲ་ཕུང་རྣམས་ཐང་ཆད་པས་ཕྱིར་ལྡོག་པའི་འོད་དམར་པོ་དང་ལྗང་ཁུ་གཉིས་སྡོམ་པས་འོད་ཁ་དོག་སེར་པོ་ཆགས་ཀྱི་ཡོད།

ལྷག་དོན།

ཁྱེད་ནས་བྱེད་སྒོ་འདིའི་ནང་བྱིའུ་མིན་པར་དངོས་པོ་གཞན་གང་ཡང་ཤོག་བུ་ཁ་དོག་འདྲ་མིན་ནང་གཏུབ་ནས་འདིའི་མཇུག་འབྲས་གང་ཡོང་བའི་སྔོན་དཔག་བྱེད་ཆོག། དཔེར་ན་ ཤིང་ཏོག་ངང་ལག་སྔོན་པོ་ཤིག་ལྟ་བུ། ཡང་དེ་ལས་སྟབས་བདེ་བ་དགོས་ཚེ་ང་ཚོས་ཚོན་མདོག་ཧར་པོ་ཡོད་པའི་འཛིན་ཆས་སམ་དངོས་པོ་གང་ཡང་བེད་སྤྱོད་བྱེད་ནས་བརྟག་དཔྱད་དེ་བྱེད་ཆོག།
དེ་མིན་ཁྱེད་ནས་མཇུག་གི་སྣང་བརྙན་དེར་དཔྱད་པའི་སྐབས་རང་གི་མིག་དང་དཀར་པར་གཉིས་བར་གྱི་རྒྱང་ཐག་དེ་ལ་སྒྱུག་བ་གཏང་ཆོག། མིག་གི་དྲ་སྐྱིའི་སྟེང་གི་ཕྲ་ཕུང་ཐང་ཆད་པའི་གནས་འདིའི་ཆེ་ཚད་ལ་སྒྱུར་བ་གང་ཡང་མེད་ནའང་སྣང་བརྙན་གྱི་ཆེ་ཚད་ཚུར་གང་སྣང་བ་དེ་སྒྱུར་འགྲོ་བ་དེ་ལ་དོ་སྣང་བྱེད་དང། ཚུར་སྣང་བའི་སྣང་བརྙན་གྱི་ཆེ་ཚད་དེ་དྲ་སྐྱིའི་ཐོག་ཕོག་པའི་སྣང་བརྙན་གྱི་ཆེ་ཚད་དང་བར་གྱི་རྒྱང་ཐག་གཉིས་ལ་རྟེན་ཡོད།

Post a Comment

Previous Post Next Post