སྤེལ་མཁན། : Tsenrig 6/20/2015

སྤྱི་ལོའི་སྔོན་གྱི་ལོ་ ༢༡༣༦ ཙམ་ལ་རྒྱ་ནག་གི་སྐར་རྩིས་མཁན་ཚོས་ཉི་འཛིན་བྱུང་ཚུལ་ཐོ་འགོད་ཐོག་མར་བྱས།


སྤྱི་ལོ་སྔོན་གྱི་ལོ༣༥༠། ཨེ་རི་སི་ཊོ་ཊལ་ Aristotle གྱིས་འཛམ་བུ་གླིང་ཟླུམ་པོ་དང་འཛམ་བུ་གླིང་དབུས་གནས་ཀྱི་འཇིག་རྟེན་རྣམ་བཞག་བཤད།









སྤྱི་ལོའི་སྔོན་གྱི་ལོ་ ༢༧༠། ཨར་ཁི་ཊར་ཁུས྄་ཡིས་ཉི་མ་དབུས་གནས་ཀྱི་རྣམ་བཞག་སྐོར་ཐོག་མའི་གྲོས་འཆར་བཏོན།

སྤྱི་ལོའི་སྔོན་གྱི་ལོ་ ༡༢༥། ཊོ་ལི་མིས་ Ptolemy རང་གི་དཔེ་དེབ་ནང་ཉི་མ་དབུས་གནས་ཀྱི་བསམ་ཚུལ་སྐོར་རྒྱས་བཤད་གནང༌།











སྤྱི་ལོ་ ༡༥༡༢ ནས ༡༥༤༣། ཀོ་པར་ནི་ཀ་སིས་ Copernicus རང་གི་དཔྱད་རྩོམ་དང་དཔེ་དེབ། ནམ་མཁའི་ཕུང་གཟུགས་ཀྱི་འཁོར་སྐྱོད། ཞེས་པའི་ནང་ཉི་མ་དབུས་གནས་ཀྱི་བསམ་ཚུལ་མང་པོ་བྲིས།












སྤྱི་ལོ་ ༡༥༧༦ ནས ༡༦༠༡། ཀྲ་ཁོ་བྷ་ར་ཧེ་ Tycho Brahe ཞེས་པ་དེས་གཟའ་དང་སྐར་མར་ཞིབ་བརྟག་བྱས་པ་དང་སྐར་མ་གས་འཐོར་འགྲོ་བ་ཐེངས་དང་པོ་མཐོང་།











སྤྱི་ལོ་ ༡༥༨༩ ནས ༡༦༠༩། གྷེ་ལེ་ལི་ཨོ་ Galileo ཞེས་པ་དེས་དངོས་པོ་ཐམས་ཅད་གདོས་ཚད་ལ་ལྟོས་མེད་ཐོག་གོ་ལའི་འཐེན་ཤུགས་ཀྱི་རྐྱེན་པས་མྱུར་ཚད་གཅིག་ཐོག་སར་ལྷུང་ཚུལ་སྐོར་བཤད། རྒྱང་ཤེལ་སྤྱད་ནས་ཟླ་བ་ལ་བལྟ་མཁན་ ཐོག་མའི་ཚན་རིག་པ་ཡིན།










སྤྱི་ལོ་ ༡༦༠༩ ནས ༡༦༡༩། ཚན་རིག་པ་ཀེལ་ལར་ Kepler ཞེས་པ་དེས་གཟའ་ཡིས་ཉི་མར་སྐོར་སྐྱོད་བྱེད་ཚུལ་བསྟན་པའི་ཁྲིམས་གསུམ་གཏན་འབེབས་མཛད།











སྤྱི་ལོ་ ༡༦༦༥ ནས ༡༧༠༤། ཟླ་བའི་འཁོར་ལམ་ལས་ནིའུ་ཊོན་ Newton གྱིས་སའི་འཐེན་ཤུགས་ཀྱི་རྣམ་བཞག་གསར་གཏོད་མཛད། ལྡོག་འཕྲོའི་རྒྱང་ཤེལ་ཐོག་མ་དེ་བཟོས། འཐེན་ཤུགས་ཀྱིས་གཡོ་འགུལ་བྱེད་པའི་གཟའ་རྣམས་ཀེབ་ལར་གྱིས་ཁྲིམས་བརྩི་སྲུང་བྱེད་པ་བསྟན། འོད་རིག་པའི་སྐོར་རྩོམ་ཐུང་ཞིག་བྲིས།










སྤྱི་ལོ་ ༡༧༡༥། ཨེ་ཊ་མོན་ཌ་ཧེ་ལི་ Edmond Halley ཞེས་པས་འཛམ་བུ་གླིང་གི་ངོས་སུ་ཉི་འཛིན་གྱི་གྲིབ་མའི་ འགྲོ་ལམ་རྩིས་སྐོར་བྱས།










སྤྱི་ལོ་ ༡༧༧༦། ཧེན་རི་ཁེ་ཝེན་ཌི་ཤ་ Henry Cavendish ཞེས་པས་ཡང་རླུང་ཐོག་མར་གསར་རྙེད་དང་ངོས་འཛིན་བྱུང་།








སྤྱི་ལོ་ ༡༨༠༠ ནས་ ༡༨༠༣། ཝི་ལམ་ཧར་ཤེལ་ William Herschel གྱིས་ཉི་མས་དམར་ནང་འོད་རླབས་འབྱིན་པ་རྙེད། ཐོ་མ་སི་ཡང་ Thomas Young གིས་ཉི་འོད་རླབས་ཀྱི་རང་བཞིན་ཡིན་པའམ་རླབས་ཀྱི་ཁྱད་ཆོས་ལྡན་པ་བསྟན། ཇོན་ཌལ་ཊོན་ John Dalton ཞེས་པ་དེས་བེམ་རྫས་མཐའ་དག་རྡུལ་ཕྲན་ལྕི་ཡང་འདྲ་མིན་ལྷན་དུ་འདུས་པ་ལས་གྲུབ་ཚུལ་བཤད་དེ་རྡུལ་ཕྲན་གྱི་རྣམ་བཞག་བྱུང་།


སྤྱི་ལོ་ ༡༨༧༡ ནས་ ༡༨༧༣ བར། ཨུ་རུ་སུའི་ཚན་རིག་པ་མེན་ཌེ་ལིབ་ Mendeleev ཀྱིས་རྩ་རྫས་རིའུ་མིག་གསར་བཟོ་མཛད། ཧན་རི་གྲེར་པ་ཡིས་འོད་ལ་དཔྱད་པའི་ཐོག་ནས་དངོས་པོའི་རྫས་སྦྱོར་འཚོལ་བའི་རིག་པ་གསར་གཏོད་བྱས། ཚན་རིག་པ་མེ་སི་ཝལ་གྱིས་ཉི་འོད་ནི་གློག་སྡུད་ཁབ་ལེན་གྱི་རླབས་ཡིན་ཚུལ་བཤད།









སྤྱི་ལོ་ ༡༨༤༠ ནས་ ༡༨༤༩ བར། ཊེ་རེ་པར་ Draper ཡིས་གཟའ་སྐར་གྱི་པར་ལས་སྲོལ་གཏོད་དེ་ཟླ་བའི་པར་ཐོག་མ་དེ་རྒྱག་ཐུབ་པ་བྱུང༌། དེ་བཞིན་ཚན་རིག་པ་ཊོབ་ལར་ Doppler ཞེས་པ་དེས་འོད་ཀྱི་འབྱུང་ཁུངས་ཤིག་ལ་བལྟ་སྐབས་འོད་དེ་འགུལ་སྐྱོད་བྱེད་མིན་གྱི་ཐོག་ནས་དེ་ལས་བྱུང་བའི་འོད་ཀྱི་རླབས་ཐག་ལ་ཁྱད་པར་འགྲོ་བ་བསྟན་པ་དང་། གནད་དོན་འདི་རྗེས་སོར་གས་སྒྲ་ཆེན་མོའི་སྒྲུབ་བྱེད་ཀྱི་དཔང་རྟགས་གཙོ་བོ་ཞིག་ཏུ་གྱུར་བ་རེད། དེ་བཞིན་ཚན་རིག་གཞན་གཉིས་ཀྱིས་འོད་ཀྱི་མྱུར་ཚད་འཇལ་ཐུབ་པ་བྱུང། སྤྱི་ལོ་ ༡༨༨༥ ནས་ ༡༨༨༨ བར། ཧན་རིག་ཧ་ར་ཛ་ཡིས་རླུང་འཕྲིན་གྱི་རླབས་གསར་རྙེད་བྱུང། སྤྱི་ལོ་ ༡༨༩༥ ནས་༡༨༩༧ བར། ཝིལ་ཧེམ་རོ་ཨན་ཊན་གྱིས་ X འོད་ཟེར་གསར་རྙེད་བྱུང་བ་དང༌། ཡང་ཇོ་སིབ་ཐོམ་སོན་ནས་གློག་རྡུལ་གསར་རྙེད་བྱུང༌།


སྤྱི་ལོ་ ༡༩༠༠། མེག་སི་པི་ལིང་ Max Planck གིས་ནག་གཟུགས་ཀྱི་འགྱེད་འཕྲོའི་རྣམ་བཞག་བཤད་པ་དང། པོལ་ ཊི་ལ་ཌ་ཡིས་འོད་ཟེར་གྷ་མ་གསར་རྙེད་བྱུང། དུས་འདི་ནས་བཟུང་ཚད་རྡུལ་དངོས་ཁམས་རིག་པའི་རྨང་གཞི་གྲུབ་པ་དང་མཐར་སྲོལ་རྒྱུན་དང་དེང་དུས་བཅས་དངོས་ཁམས་རིག་པར་སྡེ་ཚན་གཉིས་བྱུང་བ་རེད། 
སྤྱི་ལོ་ ༡༩༠༥། ཨ་ཡིན་སི་ཊན་གྱིས་བྱེ་བྲག་ལྟོས་གྲུབ་རྣམ་བཞག་དང་། སྤྱི་ལོ་ ༡༩༡༥ ལོར་སྤྱིའི་ལྟོས་གྲུབ་རྣམ་བཞག་བཤད་ནས་དངོས་ཁམས་ཚན་རིག་གི་རིགས་ལམ་དང་འགྲེལ་ཚུལ་ལ་གསར་བརྗེ་ཆེན་པོ་ཞིག་བྱུང་།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།