ཁོང་ནི་དུས་རབས་བཅུ་དགུའི་སྨད་དང་ཉི་ཤུའི་འགོ་སྟོ སྟོད་དུ་བྱུང་བའི་སྐྱེ་དངོས་ཚན་རིག་པ་ཞིག་ཡིན། ལྷག་པར་དུ་ཕྲ་འབུའི་སྐོ སྐོར་དང་། སྔོན་འགོག་མ་ལག་སྐོ སྐོར། དེ་བཞིན་རྫས་ཀྱི་བཅོས་ཐབས་སོགས་ཀྱི་སྐོ སྐོར་རྩོམ་ཡིག་མང་པོ་སྤེལ་ཡོད། ཡོངས་གྲ གས་སུ་ཁོང་གི་བྱས་རྗེས་ཆེ་ཤོས་ནི་སྤྱི་ལོ་ ༡༩༢༨ ལོར་གསར་རྙེད་བྱུང་བའི་སྐྱེ་ལྡན་འགོག་རྫས་པེ་ནི་སི་ལིན་ penicillin ཞེས་པ་གསར་རྙེད་བྱུང་པ་དེ་དང་། གཞན་ཡང་སྐུལ་རྫས་ལ་ཡིི་སོ་ཛམ་ lysozyme གསར་རྙེད་བྱུང་བ་སོགས་བྱས་རྗེས་མང་པོ་ཡོད་པ་རེད། སྐྱེ་ལྡན་འགོག་གཟུགས་པེ་ནི་སི་ལིན་གསར་རྙེད་བྱུང་བའི་བྱས་རྗེས་ལ་བརྟེ རྟེན་ནས་མཐར་སྤྱི་ལོ་ ༡༩༤༥ ལོར་ནོ་བེལ་སྨན་དཔྱ ད་ཀྱི་གཟེངས་རྟགས་ཀྱ ང་ཐོབ་ཡོད།

ཚན་རིག་པ་ཁོང་ནི་སྤྱི་ལོ་ ༡༨༨༡ ལོར་སི་ཀོ་ཊ་ལེན་ཌ་ Scotland རྒྱལ་ཁབ་ཀྱི་ལོ་ཆ་ཕིལ་ Lochfield ཞེས་པའི་ས་གནས་ཀྱི་ཞིང་པའི་ཁྱི ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་དང་། ཁོང་ལོ་ན་བརྒྱད་ལ་སོན་སྐབས་ཕ་དམ་པ་ཚེ་ལས་འདས་པ་རེད། འོན་ཀྱ ང་སློ སློབ་གྲྭར་མུ་མཐུད་སྐྱོད་རྒྱུའི་གོ་སྐབས་བྱུང་བ་དང་ལྷག་པར་དུ་རང་ལོ་ཉི་ཤུར་སོན་སྐབས་ཚེ་འདས་ཨ་ཁུ་ཞིག་ནས་རྒྱུ་དངུལ་ཕྲན་བུ་ཁྲི ཁྲིམས་ཐོག་རྒྱུད་བཏང་འབྱོ བྱོར་བྱུང་བས་འཚོ་བའི་དཀའ་ངལ་ཆེ་བ་བྱུང་མེད། སྤྱི་ལོ་ ༡༩༠༦ ལོར་སྨན་གྱི་བསླབ་པ་མཐར་སོན་པའི་ལག་འཁྱེ ཁྱེར་ཐོབ་པ་དང་། དེ་རྗེས་ལས་ཞོར་དུ་ཕྲ་འབུའི་རྣམ་གཞག་སྐོ སྐོར་སློ སློབ་གཉེར་མུ་མཐུད་བྱས་ཏེ་མཐར་སྤྱི་ལོ་ ༡༩༠༨ ལོར་ཕྲ་འབུ་རིག་པར་བསླབ་མཐར་སོན་བྱུང་བའི་གསེར་གྱི་རྟགས་མ་ཐོབ་ཡོད། འཛམ་གླིང་དམག་ཆེན་དང་པོའི་སྐབས་དུས་ཡུན་ཧྲིལ་པོར་དམག་སར་རྨས་སྐྱོན་ཕོག་པའི་ནད་པ་ཚོར་སྨན་བཅོས་ཀྱི་ལས་ཁུར་ཞབས་ཞུ་སྒྲུབ་པ་དང་མཐར་སྤྱི་ལོ་ ༡༩༢༨ ལོར་ལོན་ཌོན་གཙུག་ལག་སློ སློབ་གཉེར་ཁང་དུ་ཕྲ་འབུ་རིག་པའི་སློ སློབ་དཔོན་གྱི་གོ་གནས་ཐོབ་ཡོད།

དམག་ཆེན་དང་པོའི་རྗེས་དམག་ས་ནས་ཕྱིར་ལོག་བྱུང་བའི་དམག་མི་མང་པོ་ཞིག་ལ་རྨ་ཁ་དྲག་སྐྱེད་མེད་པའི་དཀའ་ངལ་ཆེན་པོ་མཐོང་བས་དེའི་བཅོས་ཐབས་ཆེད་གཉེན་འཇོམས་སྨན་ཞིག་གསར་བཟོ་དགོས་པའི་ཡིད་ཆས་བརྟན་པོ་བྱུང་ཐོག་སྔར་ལས་ནུས་ཤུགས་ཆེར་སྐྱེད་ཀྱི་ཉམས་ཞིབ་དང་བརྟག་དཔྱད་བྱེད་འགོ་བཙུགས་ཡོད།

སྤྱི་ལོ་ ༡༩༢༡ ལོར་ཁོང་གིས་སྐུལ་རྫས་ལ་ཡི་སོ་ཛོམ་(lysozom) ཞེས་པ་གཉེན་འཇོམས་ཀྱི་ནུས་པ་ཡོད་པ་ཞིག་གསར་རྙེད་བྱུང་བ་དང། དེ་རྗེས་སྤྱི་ལོ་༡༩༢༨ ཟླ་ ༩ ཚེས་ ༢༨ ཉིན་ཁོང་གིས་པེ་ནི་སི་ལིན་ཞེས་པའི་གཉེན་འཇོམས་ཀྱི་རྫས་སམ་ཕྲ་འབུ་གསོད་བྱེད་ཀྱི་རྫས་ཐོག་མ་དེ་གསར་རྙེད་བྱུང་བས་དེ་ནས་བཟུང་འཛམ་བུ་གླིང་གི་སྨན་དཔྱད་འགྲོ་ལུགས་ལ་གསར་བརྗེ་ཆེན་པོ་བྱུང་བ་རེད། དེའི་ཐད་ཁོང་རང་གིས་ཟེར་དོན་ལ།

          “སྤྱི་ལོ་ ༡༩༢༨ ཟླ་ ༩ ཚེས་ ༢༨ ཉིན་ཞོགས་པ་གཉིད་ལས་ལངས་སྐབས་འཛམ་གླིང་གི་གཉེན་འཇོམས་སྨན་ཐོག་མ་དེ་གསར་རྙེད་ཀྱི་ཐོག་ནས་སྨན་དཔྱ ད་ལ་གསར་བརྗེ་ཆེན་པོ་ཞིག་བྱེ བྱེད་རྒྱུའི་འཆར་གཞི་གང་ཡང་མེད། འོན་ཀྱ ང་དངོས་ཡོད་དུ་དེ་འདྲ་ཆགས་པ་རེད།"

དེ་ཡང་སྤྱི་ལོ་ ༡༩༢༧ ཙམ་ནས་བཟུང་ཁོང་གིས་ཕྲ་འབུའི་རིགས་སེ་ཌ་ཕི་ལོ་ཀོ་སི་ staphylococci ཞེས་པའི་ཐོག་ཉམས་ཞིབ་བྱེ བྱེད་བཞིན་ཡོད་པ་དང་། སྤྱིར་ཁོང་ཚན་རིག་པ་ཚད་ལྡན་དང་སྐབས་དེ་དུས་ནས་སྙན་གྲགས་ཡོད་མཁན་ཞིག་ཡིན་ནའང་གཙང་སྦྲར་དེ་ཙམ་དོ་སྣང་མེད་མཁན་ཞིག་དང་ཁོང་གི་བརྟག་དཔྱད་ཁང་དེ་བཞིན་རྒྱུན་ལྡན་མ་ཡིན་པར་ཅ་དངོས་རྣམས་གོ་རིམ་མེད་པ་དང་ཕན་ཚུན་གང་སར་གྲམ་བསྡད་པ་ཞིག་ཡོད། སྤྱི་ལོ་ ༡༩༢༨ ལོའི་ཟླ་ ༨ ནང་ཁོང་ནང་མི་དང་ལྷན་དུ་ས་གནས་གཞན་དུ་གུང་སེང་ཕྱིན་པ་དང་ཐོན་ཁར་བརྟག་དཔྱད་ཁང་ནང་གོང་འཁོད་ཕྲ་འབུ་སྐྱེ་སྤེལ་བྱེད་སའི་སྡེར་མ་མང་པོ་ཡོད་པ་དེ་དག་ཟུར་ཁུག་ཅིག་ཏུ་སྤུངས་གསོགས་ཀྱི་བཞག་པ་རེད། ལོ་དེའི་ཟླ་ ༩ ཚེས་ ༣ ཉིན་གུང་སེང་ནས་ཕྱིར་ལོག་གིས་བརྟག་དཔྱད་ཁང་དུ་སླེ སླེབས་སྐབས་ཕྲ་འབུའི་སྡེར་མ་གཅིག་གི་སྟེང་ཧམ་སྤུ་སྐྱེས་ཡོད་པ་མཐོང་བ་དང་། ཞིབ་བལྟ་བྱེད་སྐབས་ཧམ་སྤུ་ཡོད་སའི་ཉེ་འཁོར་དུ་ཕྲ་འབུ་གཅིག་ཀྱང་མེད་པ་དང་དེ་མིན་གྱི་གནས་གཞན་དུ་ཕྲ་འབུ་རྣམས་སྔར་བཞིན་གསོན་པོ་གནས་པ་རྙེད་ཡོད། རྗེས་སུ་སྡེར་མ་གསར་པ་ཞིག་གི་སྟེང་ཧམ་སྤུ་དེ་བཏབ་ནས་དཔྱད་པ་བྱེ བྱེད་སྐབས་དེས་ན་ཚ་བཟོ་མཁན་གྱི་ཕྲ་འབུ་མང་པོ་གསོད་ཐུབ་པ་དང་། ཧམ་སྤུ་དེ་ཧམ་སྤུའི་རྒྱུད་པེ་ནི་སི་ལིང་གི་ཁོངས་སུ་གཏོགས་པའི་ཧམ་སྤུ་བྱེ་བྲག་ཅིག་ཡིན་པ་ཤེས་རྟོགས་བྱུང་བས་མཐར་ཧམ་སྤུ་དེ་ལས་བཏོན་པའི་སྨན་གྱི་ནུས་པ་ལྡན་པའི་རྫས་དེའི་མིང་པེ་ནེ་སི་ལིན་ཞེས་བཏགས་པ་རེད། ཁོང་གིས་རྫས་འདི་རྙེད་ས་དང་ངོས་འཛིན་བྱེད་སའི་བརྟག་དཔྱད་ཁང་དེ་རྗེས་སུ་འགྲེམས་སྟོན་ཁང་དུ་བསྒྱུར་ཡོད་པས་ད་ལྟ་ཡང་མཐོང་རྒྱུ་ཡོད། ཁོང་གིས་པེ་ནི་སི་ལིན་གསར་རྙེད་བྱུང་བའི་གནས་ཚུལ་དེ་སྤྱི་ལོ་ ༡༩༢༩ ལོར་དཔར་འགྲེམས་གསལ་བསྒྲགས་བྱས། འོན་ཀྱང་ཐོག་མར་ཧམ་སྤུ་འདེབས་འཛུགས་དང་དེ་དག་རྫས་སྦྱོར་གྱི་ལམ་ནས་པི་ནི་སི་ལིན་ཕྱིར་འདོན་བྱེད་རྒྱུ་དཀའ་ཚེགས་ཅན་ཞིག་ཡིན་སྟབས་ཁོང་གི་བསམ་པར་སྨན་འདི་རྒྱ་ཁྱབ་ཐོག་འདོན་སྤེལ་དང་ཕན་ཐོགས་ཡོད་པ་ཞིག་མ་རེད་བསམ་པའི་ཚོར་སྣང་བྱུང་ཡོད། དེ་བཞིན་བཅོས་ཐབས་ཆེད་ཚོད་ལྟ་བྱེད་སྐབས་ནུས་པ་ཆེ་བ་མཐོང་མེད་པས་མུ་མཐུད་དེའི་ཐོག་དཔྱད་པ་བྱེད་རྒྱུའི་སེམས་ཤུགས་མེད་པ་གྱུར་ཏེ་མཐར་སྤྱི་ལོ་ ༡༩༤༠ ཙམ་དུ་ལས་མཚམས་བཞག་དགོས་བྱུང་བ་རེད།
སྐབས་དེར་སྨན་འདིར་ནུས་པ་ཆེ་བ་མ་བྱུང་བའི་རྒྱུ་མཚན་ནི་ཁོང་ཚོས་བྱུག་སྨན་གྱི་ངོ་བོར་བེད་སྤྱོད་བྱས་པ་ལས་སྨན་ཁབ་རྒྱུད་ལུས་པོའི་ནང་གཏོང་སྤྲོད་བྱས་མེད་པས་ཡིན། རྗེས་སོར་ཚན་རིག་པ་གཞན་ཚོས་སྨན་འདི་མུ་མཐུད་གཙང་སེལ་དང་ཚོད་ལྟ་བྱས་ནས་མཐར་དམག་ཆེན་གཉིས་པའི་སྐབས་ཨ་རིའི་ཕྱོགས་གཏོགས་དམག་མི་རྨས་མ་ཚང་མར་སྨན་བཅོས་འདེང་ངེས་ཐུབ་པའི་ཚད་གཞི་གསོགས་སྒྲུབ་བྱེད་ཐུབ་པ་བྱུང་བ་དང་། སྐབས་དེར་བྱུག་སྨན་གྱི་ངོ་བོ་མ་ཡིན་པར་སྨན་ཁབ་སོགས་ཀྱི་རྒྱུད་ལུས་པོའི་ནང་གཏོང་དགོས་པའི་སྨན་རིགས་ཡིན་པ་ཤེས་རྟོགས་རིམ་བཞིན་བྱུང་ཡོད། མདོར་ན་གཉེན་འཇོམས་ཀྱི་སྨན་པེ་ནི་སི་ལིན་འདི་ད་ལྟ་ངེད་ཚོས་བེད་སྤྱོད་བྱེད་བཞིན་པའི་ངོ་བོ་བར་ཡར་རྒྱས་ཡོང་བར་ཚན་རིག་པ་མང་པོ་ཞིག་གི་འབད་བརྩོན་དང་བྱས་རྗེས་བཞག་ཡོད་ཀྱང་ཐོག་མར་གསར་རྙེད་བྱུང་མཁན་ཁོང་ཡིན་པས་རྒྱུ་མཚན་གྱིས་མཐར་ནོ་བེལ་གཟེངས་རྟགས་འབུལ་བཞེས་བྱུང་བ་མ་ཟད། འགྲོ་བ་མིའི་ལོ་རྒྱུས་ནང་གསར་རྙེད་དང་གསར་གཏོད་བྱུང་བའི་སྨན་གྱི་ནང་ནས་གལ་གནད་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ད་ལྟ་སྤྱོད་བཞིན་པའི་གཉེན་འཇོམས་ཀྱི་སྨན་རིགས་གསར་གཏོད་བྱེད་རྒྱུ་ཡང་ཚན་རིག་པ་ཁོང་གིས་སྤྱི་ལོ་ ༡༩༢༨ ལོར་པེ་ནི་སི་ལིན་གསར་རྙེད་བྱུང་བ་ནས་འགོ་འཛུགས་བྱུང་བ་ཞིག་དང་། ཚགས་པར་དང་གསར་ཤོག་མང་པོས་འོས་བསྡུ་བྱེད་སྐབས་འདས་པའི་སྟོང་ལོ་གཅིག་གི་ནང་འགྲོ་བ་མིས་གསར་རྙེད་གལ་ཆེ་ཤོས་དེ་སྨན་འདི་ཡིན་པ་ངོས་འཛིན་བྱས་ཡོད།

མཐར་སྤྱི་ལོ་ ༡༩༥༥ ལོའི་ཟླ་ ༣ ཚེས་ ༡༡ ཉིན་ཁོང་ཚེ་ལས་འདས་པ་དང་འཚོ་ཡུན་རིང་གཉེན་སྒྲིག་ཐེངས་གཉིས་བྱས་པ་ལས་བུ་གཅིག་ཁོ་ན་བྱུང་ཡོད།

Post a Comment

Previous Post Next Post