སྤེལ་མཁན། : Tsenrig 2/10/2013

ཕབ་ལེན་དང་བལྟ་ཀློག

དྲ་ཐག  http://goo.gl/Zdiooo

དཔེ་དེབ་ནང་དོན།

དཔེ་དེབ་མིང་། དངོས་ཡོད་ཀྱི་འཇིག་རྟེན།
རྩོམ་པ་པོ། ཨ་མཆོག་བློ་བཟང་རྣམ་རྒྱལ།
          བོད་ཀྱི་དཔེ་མཛོད་ཁང་།

བརྗོད་བྱ།

དངོས་ཡོད་ཀྱི་འཇིག་རྟེན་ཞེས་པའི་དེབ་ཕྲེང་འདི་ནི་སངས་རྒྱས་ཆོས་ལུགས་དང་རིག་གསར་ཚན་རིག་དབར་གྱི་འབྲེལ་ལམ་ལས་བརྩམས་པའི་དཔེ་དེབ་ཞིག་ཡིན། བརྗོད་དོན་གཙོ་བོ་ནི་ཚན་རིག་གི་ལེའུ་ཐོག་མར་འཕོས་སའི་གྷི་རིག་གི་ལྟ་གྲུབ་སྨྲ་བ་རྣམས་དང་ནང་པའི་མཚན་ཉིད་རིག་པ་བའི་ཀླད་པའི་རྒྱ་ཁྱོན་དབར་གྱི་ཧེ་བག་དང་། གདོད་མའི་དངོས་ཁམས་རིག་པ་བའི་བསམ་བློ་དང་ནང་པའི་ལོ་པཎ་དག་གིས་བསམ་བློའི་དབར་གྱི་འགལ་འབྲེལ། ལྷག་པར་དུ་དེང་དུས་ལྟོས་གྲུབ་སྨྲ་བ་དང་ཚད་རྡུལ་རིག་པ་བ་རྣམས་དང་ནང་བའི་ལྟ་གྲུབ་སྨྲ་བ་དག་གིས་ཕུགས་ཀྱི་བསམ་འདུན་གཅིག་ཏུ་འབྲེལ་ཚུལ་སོགས་ཁྱོན་ཡོངས་ནས་ཉམས་ཞིབ་བརྒྱུད་འབྲི་རྩོམ་བྱས་པ་ཞིག་ཡིན།
དཔེ་དེབ་འདེ་ནི་དམིགས་བཀར་སངས་རྒྱས་ཆོས་ལུགས་དང་རིག་གསར་ཚན་རིག་དོན་གཉེར་ཅན་རྣམས་ལ་དཔྱད་གཞིའི་ཡིག་ཆ་ཞིག་ཏུ་ངོས་འཛིན་ཞུ་བ་དང་། དཔེ་དེབ་འདི་ཉིད་ལས་ཆོས་ཚན་འབྲེལ་ལམ་སྐོར་ལ་ཞིབ་འཇུག་དང་དོན་གཉེར་ཅན་ཚོར་ཕན་ཐོགས་ཡོང་བའི་རེ་བ་ཆེ་ར་བརྟས།

{ 1 comments... read them below or add one }

  1. གོང་བཀོད་དྲ་ཐག་ལས་གོང་གི་དེབ་(བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ།
    )དེ་མ་ཡིན་པ་ཞིག་ཕབ་ལེན་དུ་མཁོ་སྤྲོད་གནང་བ་ལས་གོང་བཀོད་དེ་མི་འདུག

    ReplyDelete

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།