ཕབ་ལེན་དང་བལྟ་ཀློག

དྲ་ཐག https://goo.gl/u2dgFX

དཔེ་དེབ་མིང་། བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ།
རྩོམ་པ་པོ། ལྦིག་ཊར་མན་སི་ཕིལ།
བོད་སྒྱུར་མཁན། ཀརྨ་ཐུབ་བསྟན།

བརྗོད་བྱ།

རྩོམ་པ་པོ་ལྦིག་ཊར་ལགས་ནས་དེང་དུས་ཚན་རིག་གི་བརྗོད་གཞི་གལ་ཆེ་ཁག དཔེར་ན། ཚད་རྡུལ་རྣམ་གཞག་དང་། ལྟོས་གྲུབ་རིག་པ། སྐད་དཔྱད་རིག་པ་སོགས་དང་།དེ་བཞིན་ནང་ཆོས་ཀྱི་སྙིང་དོན་སྟོང་པ་ཉིང་ཀྱི་ལྟ་བ་དང་། སྙིང་རྗེ། མི་རྟག་པ་བཅས་ཀྱི་ནང་འགྲུལ་བཞུད་གཏིང་ཚུགས་པ་བྱས་ནས་ཕྱོགས་གཉིས་བར་མཐུན་ཕྱོགས་དང་འགལ་ཕྱོགས་ཇི་ཡོད་གོ་བདེའི་ལམ་ནས་གསལ་སྟོན་གནང་ཡོད། ལྷག་པར་དུ་སྟོང་ཉིད་ཀྱི་ལྟ་བ་དང་ཚད་རྡུལ་རྣམ་གཞག་དབར་ལྟ་ཚུལ་ཤིན་ཏུ་མཐུན་པའི་གནས་སྟངས་མཐོང་ཐུབ། དེ་བཞིན་དུ་རྒྱུ་འབྲས་ཀྱི་རྣམ་གཞག་ཐད་ནང་ཆོས་དང་ཚན་རིག་དབར་ལྟ་ཚུལ་མི་མཐུན་པ་གསལ་པོ་ཡིན་པ་དང་ལྷག་པར་དུ་འགྲོ་བ་མི་ཚུད་པའི་སྲོག་ལྡན་སྤྱིའི་བྱུང་རབས་བཤད་པའི་འཕེལ་འགྱུར་གྱི་རྩ་་བ་ངེས་མེད་སྟེས་དབང་ཙམ་ལ་རྟེན་པ་དེ་ནང་ཆོས་ཀྱི་ལྟ་ཚུལ་དང་ཤིན་ཏུ་འགལ་ལུགས་བཤད་ཡོད། ནང་ཆོས་དང་ཚན་རིག་དབར་མཐུན་ཕྱོགས་དང་འགལ་ཕྱོགས་གཉིས་ཀ་ཡོད་མིན་ལ་མ་ལྟོས་པར་འཇིག་རྟེན་ཡོངས་ཁྱབ་ཀྱི་སྙིང་རྗེའི་བསམ་པ་དེ་ཚན་རིག་གི་ཁྱབ་འཕེལ་དང་ལྷན་དུ་མཉམ་སྐྱོད་ཐུབ་ཚེ་གོ་ལའི་བདེ་སྐྱིད་ལ་ཕན་ཐོགས་རླབས་ཆེ་སྒྲུབ་ཐུབ་ལུགས་དང་དེ་ལྟར་འབད་བརྩོན་དགོས་པའི་སྐུལ་མ་གནང་ཡོད།

Post a Comment

Previous Post Next Post