དབྱིན་ཇིའི་ཚན་རིག་པ་འགའ་ཞིག་གིས་ཉམས་ཞིབ་རྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན་འཚོ་གནས་ཐུབ་ཙམ་གྱི་ཁ་ཟས་བསྟེན་ན་མི་ཚེ་རིང་བར་འཚོ་ཐུབ་པ་བཤད་ཡོད། གནས་སྟངས་འདི་མིའི་ཐོག་ཁུངས་སྐྱེལ་ཐུབ་པའི་བརྟག་དཔྱད་བྱེད་རྒྱུ་ཡིན་རུང་བརྟག་དཔྱད་བྱེད་སའི་སེམས་ཅན་གཞན་མང་པོའི་ཐོག་དེ་ལྟར་ཡིན་པ་རྙེད་ཡོད། ཁོང་ཚོའི་ཡིད་ཆེས་བྱེད་ཡག་ལ་ཁ་ཟས་ཤིན་ཏུ་ཉུང་ངུ་སྤྱོད་སྐབས་ལུས་པོའི་ནང་ཡོད་པའི་ཕྲ་ཕུང་དེ་དག་སྐྱེ་འཕེལ་དལ་དུ་འགྲོ་བ་དང་ཡུན་རིང་དུ་གནས་ཐུབ་པ་ཡིན། དེ་བཞིན་བརྟག་དཔྱད་སྐབས་ཁ་ཟས་ཤིན་ཏུ་ཉུང་ངུ་སྦྱིན་ནས་གསོས་པའི་སེམས་ཅན་དེ་དག་གི་ལུས་པོའི་ནང་བདེ་ཐང་ཅན་གྱི་ཕྲ་ཕུང་གཞན་ལས་མང་བ་ཡོད་པ་རྙེད་ཡོད། ཁོང་ཚོས་ཕྲ་ཕུང་ནང་རིགས་རྫས་ཀྱི་གནས་ཚུལ་དེ་དག་སྐྱི་ལྤགས་ཤིག་གི་ནང་གནས་པ་རྙེད་པ་དང་། ཁྱད་ཆོས་འདི་ལོ་ན་མཐོ་བའི་སེམས་ཅན་གྱི་ནང་དུ་ཡང་གནས་ཀྱི་ཡོད། གནས་ཚུལ་འདིའི་ཐོག་ནས་མིའི་རྒས་འགྱུར་གྱི་རང་བཞིན་ལ་ཤེས་རྟོགས་མང་ཙམ་ཡོང་བའི་རེ་བ་བྱེད་བཞིན་ཡོད། འོན་ཀྱང་གནས་སྟངས་འདི་མིའི་ཐོག་ཁུངས་སྐྱེལ་འཕེལ་བའི་ཚོད་ལྟ་བྱེད་རྒྱུ་ལྷག་ཡོད་པར་བརྟེན་གནས་སྐབས་རིང་མི་ཚོས་ཁ་ཟས་ཤིན་ཏུ་ཉུང་ངུར་བསྟེན་པའི་བྱ་སྤྱོད་འདི་ལས་རིང་དུ་སྡོད་དགོས་ཅེས་བཤད་ཡོད།

Post a Comment

Previous Post Next Post