སྤེལ་མཁན། : tsenrig 3/01/2008



གནས་སྟངས་འགའ་རེས་ནང་གྲངས་འགོ་ཚུགས་སའི་ཀླད་ཀོར་གང་ནས་ཀྱང་འཇོག་རུང་བ་ཡིན། ཕྲད་ཐིག་གི་ཀླད་ཀོར་དེ་རང་འགར་དུ་འཇོག་པ་ཞིག་ཡིན། ཚ་དྲོད་ཀྱི་ཀླད་ཀོར་ཀྱང་དེ་དེ་བཞིན་ཡིན། ཚ་དྲོད་ཀྱི་སེལ་ཤི་སི་[Celsius] ཚད་གཞིའི་ནང་ཀླད་ཀོར་དེ་འཁྱག་པ་བཞུ་མཚམས་ལ་འཇོག་ཅིང་། ཧྥ་རན་ཧ་ཡིད་[Fahrenheit] ཀྱི་ཚད་གཞིའི་ནང་འཁྱག་པ་བཞུ་མཚམས་ལས་དམའ་བར་འཇོག་གི་ཡོད། གནས་སྟངས་གཉིས་པོ་གང་ཡིན་རུང་ཚ་དྲོད་ནི་ཀླད་ཀོར་གྱི་གཤམ་དུའང་མྱོང་རུང་བ་ཡིན།

ཕྱི་ལོ་ ༡༧༠༠ མཐའ་མཇུག་ཏུ་སྣང་ཚོད་ལ་གྲང་བའི་ཆ་ལ་ཚད་མཚམས་ཡོད་པ་སྣང་འགོ་ཚུགས། ཕྱི་ལོ་ ༡༧༨༧ ཙམ་ལ་ཧྥ་རན་སིའི་དངོས་ཁམས་ཚན་རིག་པ་ཇ་ཁེ་སི་ཅལ་སི་[Jacques Charles]ཡིས་ཚ་དྲོད་ཚད་གཞི་ཀླད་ཀོར་དུ་སླེབས་སྐབས་སུ་བརྒྱ་སྐོར་རིམ་པའི་ཆ་རེ་ཆུང་དུ་འགྲོ་བ་ལས་རླུང་རྫས་རྣམས་ཀྱི་བོངས་ཚད་གཅིག་གི་ཆ་ཉིས་བརྒྱ་དོན་གསུམ་ ༢༧༣ འདུ་འཁུམ་བྱེད་ཀྱི་ཡོད་པའི་གསར་རྙེད་བྱུང་བ་རེད། འདི་ལ་ཅལ་སི་ཡི་གཏན་ཁྲིམས་ཞེས་བརྗོད་པ་ཡིན། གལ་ཏེ་འདུ་འཁུམ་དེ་མུ་མཐུད་དེ་ཕྱིན་པ་ཡིན་ན་དེ་ནས་ཚ་དྲོད་ཚད་གཞི་ ༢༧༣ སླེབས་མཚམས་སུ་རྫས་རྡུལ་རྣམས་ཡོངས་སུ་ཡལ་འགྲོ་དགོས་པ་ཡིན། འོན་ཀྱང་དེ་ལྟར་མི་བྱུང་། ཚ་དྲོད་ཆུང་དུ་འགྲོ་བ་དང་ལྷན་དུ་འགྱུར་ལྡོག་མེད་པར་རླུང་རྫས་རྣམས་ཐོག་མར་བཤེར་གཟུགས་དང་དེ་ནས་མཁྲེགས་གཟུགས་སུ་འགྱུར།

ཕྱི་ལོ་ ༡༨༦༠ ལོར་དབྱིན་ཇིའི་དངོས་ཁམས་ཚན་རིག་པ་ལྭི་ལི་ཡེམ་ཐོམ་སོན་[William Charles] གྱིས་ལྟ་ཚུལ་དེ་རྒྱ་བསྐྱེད་བྱས། ཁོང་གིས་དྲོད་ཚད་ཅེས་པའི་གོ་དོན་བཅོས་ཏེ་དྲོད་ཚད་ནི་དངོས་རྫས་རྣམས་ཀྱི་ཆ་རྡུལ་གཡོ་བའི་མྱུར་ཚད་ཀྱི་རྣམ་པ་ཞིག་ཏུ་བརྩིས། དངོས་རྫས་ཇི་ཙམ་གྲང་བའི་ཚོད་ཀྱིས་དེའི་གཡོ་འགུལ་ཉུང་ཞིང་། དྲོད་ཚད་བྱེ་བྲག་པ་ཞིག་གི་མཚམས་ལ་གཡོ་འགུལ་རྩ་བ་ནས་མེད་པ་འགྱུར། གཡོ་འགུལ་རྩ་བ་ནས་མེད་པ་དེ་ལས་ཉུང་བའི་གཡོ་འགུལ་ཞེས་པ་ནི་མེད་པས་དྲོད་ཚད་དེ་ལས་ཉུང་བ་ཡང་མེད་དོ།། དེར་བརྟེན་ ༢༧༣ དྲོད་ཚད་དེ་ཀླད་ཀོར་ངོ་མ་དེ་ཡིན། ལེ་ཊིན་གྱི་ཚིག་ནང་"solvere"་ཡི་གོ་དོན་ནི་ལྷོད་པར་བྱེད་པའམ་རང་དབང་དུ་བྱེད་པའི་དོན་དང་། སྔོན་འགྲོའི་ཚིག་"ab-"ཞེས་པ་ནི་དེ་ནས་སམ་དེ་ལས་ཀྱི་དོན་ཡིན། དེར་བརྟེན་གང་ཞིག་ཚུགས་ཐུབ་ཡིན་པ་དེ་ནི་ལྡོག་རྐྱེན་མཐའ་དག་ལས་རང་དབང་དུ་ཡོད། དཔེར་ན་ཚུགས་ཐུབ་ཀྱི་འགོ་ཁྲིད་ལྟ་བུ་རེད། དེས་ན་གང་ཞིག་མཐར་གཏུགས་སུ་ཡོད་པ་དེ་ནི་ཚུགས་ཐུབ་རང་བཞིན་ཡིན་རུང་སྟེ་ཁྱད་ཆོས་སམ་ཡང་ན་ཐམས་ཅད་ལས་རང་དབང་ཡིན་པས་སོ།། རང་ལ་ཚུགས་ཐུབ་ཀྱི་ལྟ་ཚུལ་ཡོད་རུང་ཞིང་། ཡང་ན་ཚུགས་ཐུབ་ཀྱི་གླེན་པ་ཡིན་རུང་། ཡང་ན་གཉིས་ཀ་ཡིན་རུང་། དེ་བཞིན་ ༢༧༣ དྲོད་ཚད་ལྟ་བུའི་ཀླད་ཀོར་ནི་ཀླད་ཀོར་ངོ་མ་དང་ཚུགས་ཐུབ་ཀྱི་ཀླད་ཀོར་ཡིན་ནོ།།

ཐོམ་སོན་གྱིས་དྲོད་ཚད་ཚད་གཞི་ནི་ཚུགས་ཐུབ་ཀྱི་ཀླད་ཀོར་ནས་འགོ་ཚུགས་ཤིང་། དེ་ལ་ཚུགས་ཐུབ་ཀྱི་ཚད་གཞི་ཞེས་བརྗོད། དེ་ཡི་མིང་གཞན་ཀེལ་ལྭིན་ཚད་གཞི་ཡང་བརྗོད་པ་ནི་ཁོང་ཕྱི་ལོ་ ༡༨༩༢ ལོར་ལག་ཅེས་པའི་ས་ཁུལ་དེ་ཡི་དཔོན་རིགས་བེ་རོན་ཀེལ་ལྭིན་དུ་བསྐོ་བཞག་བྱས། ཚད་གཞི་དེ་ཡི་སྟེང་གི་དྲོད་ཚད་ལ་ཨ་ཡང་ན་ཀ་མིང་བསྡུ་བྱེད་ཆོག །

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།