སྤེལ་མཁན། : tsenrig 3/01/2008



ཨ་རིའི་མེ་སི་ཅུ་སིཊ་འཕྲུལ་རིག་སློབ་གཉེར་ཁང་གི་གོ་སྒྲིག་འོག་འཚོགས་པའི་མི་སྣ་བཅོ་བརྒྱད་ཅན་གྱི་ཚོགས་ཆུང་གི་གྲོས་ཆོད་དུ་འབྱུང་འགྱུར་ཨ་རིའི་གློག་ནུས་ཀྱི་དགོས་མཁོ་ཆ་ཚང་ས་འོག་རྡོ་ཤུན་གྱིས་དྲོས་པའི་གཤེར་རླངས་ལས་སྒྲུབ་ཐུབ་པའི་བསམ་ཚུལ་བཏོན་ཡོད། ཁོང་ཚོས་དེ་འདྲའི་ས་དྲོད་བཟུང་སའི་བསྟི་གནས་ཁང་གང་སར་འཛུགས་རྒྱུ་དང་། བསྟི་གནས་དེ་དག་ཏུ་ས་ཁར་ཨི་ཁུང་འབིགས་པ་དང་དེའི་ནང་དུ་གཤེར་རྫས་འཁོལ་དགོས་པ་དེ་དག་བརྗངས་ཏེ་དེ་དག་རླངས་ངོར་འགྱུར་རྗེས་དེས་གློག་ཁང་གི་གློག་བསྐྲུན་འཁོར་ལོ་རྣམས་བསྐོར་བ་དང་དེས་གློག་ནུས་བསྐྲུན་ཐུབ། ཉམས་ཞིབ་པ་ཚོས་བརྗོད་དོན་ལྟར་ན་ཨ་རི་གཅིག་པོའི་ས་འོག་ཏུ་དྲོད་ནུས་ཇོལ་[Joule] ༡༠༢༤ ཙམ་ལྡན་པ་དང་། དེ་ལས་ང་ཚོས་བརྒྱ་ཆ་ ༡་༥ ཙམ་བཀོལ་སྤྱོད་ཐུབ་པར་ཤོད་ཀྱི་ཡོད། འདི་ལྟའི་ས་འོག་གི་དྲོད་ནུས་ལས་གློག་ནུས་གྷི་གྷ་ལྭཊ་[Gigawatt] བརྒྱ་ལྷག་ཨ་སྒོར་ཐེར་འབུམ་གཅིག་གི་འགྲོ་གྲོན་ལས་བཟོ་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཙམ་གྱིས་ནི་ཨ་རིའི་གློག་ནུས་ཀྱི་དགོས་མཁོ་བསྐང་ཐུབ་པ་མ་ཚད་ད་དུང་བརྒྱ་ཆ་དགུ་བཅུ་ཙམ་ལྷག་གི་ཡོད་པ་རེད། གློག་ཁང་དེ་དག་གསར་རྒྱག་གི་རིན་གོང་ནི་སྲོལ་རྒྱུན་གྱི་རྡོ་སོལ་གློག་ཁང་གཅིག་དང་རྡུལ་ཕྲན་གློག་ཁང་གི་འགྲོ་གྲོན་གྱི་གསུམ་ཆ་གཅིག་ལས་མི་མཁོ་བ་ཡིན། འོན་ཀྱང་འདི་ལྟའི་གློག་ཁང་གསར་རྒྱག་བྱེད་པར་དཀའ་གནད་གཅིག་ཡོད་པ་ནི་ས་ཁུང་འབིགས་སྐབས་ས་ཡོམ་རྒྱག་ཉེན་ཡོད་སའི་གནས་ལ་མ་ཁེལ་བ་བྱེད་དགོས། དེ་མིན་སུད་སི་འི་བྷ་སེལ་གྱི་བྱུང་རྐྱེན་འདི་ལྟར་ཡང་བསྐྱར་བྱུང་མི་སྲིད་པ་མིན་ཡོད། །ཇོལ་གཅིག་ནི་ཆུ་གྷ་རམ་གཅིག་དྲོད་ཚད་ཌིག་རི་གཅིག་སྐྱེད་པར་བྱེད་པའི་དྲོད་ནུས་ཤིག་ལ་ཟེར།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།